སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
འཕྲུལ་ཆས་འཁོ་བའི་སྔོན་བརྡ།།
[ 2012/9/13 23:39:00 | By: vase ]
 

འཕྲུལ་ཆས་འཁོ་བའི་སྔོན་བརྡ། །

ཤར་ ངག་དབང་།

༢༠༡༢/༩/༣/ཉིན་གྱི་སྔར་དྲོ་ཆུ་ཚོད་བཅུ་གཅིག་ཙམ་གྱི་ཐོག་ན ངོས་པོ་ཡིན།ས་འབྲོག་སྡེ་རུ་གཞུང་ནས་ཡོང་བས། ཆུ་ཚོད་གཉིས་པ་དང་ཕྱེད་ཀ་ཙམ་ནས་ཁྱུང་པོ་སྟེང་ཆེན་དགོན་དུ་སླེབས་ཡོད། རུ་གཞུང་ནས་ཁྱུང་པོ་སྟེང་ཆེན་དགོན་བར་དུ་ལེ་དབར་བརྒྱད་བཅུ་ཡོད་པས། གནའ་སྔ་མོ་འདྲ་ཡིན་ན། ཉིན་ལམ་གསུམ་བཞི་བར་ཡིན་ལ། ད་ལྟ་ནི་ཉི་མ་གཅིག་མི་འགོར་པ་མ་ཚད་ཆུ་ཚོད་གཉིས་དང་གསུམ་ཙམ་མ་གཏོགས་མི་བགོར། དེ་དག་ནི་ཚན་རིག་དང་འཕྲུལ་ཆས་བཀའ་དྲིན་ཡིན། ཚན་རིགས་ཀྱི་ལག་རྩལ་ཡར་རྒྱས་འགྲོ་རིམ་བཞིན་དུ་རྟ་དང་གཡག་སོགས་བེད་སྤྱོད་མི་དགོས་པ་དང་། མི་ཚོ་ལས་ག་ལས་ཚད་ཐུང་བར་ལས་དོན་འགྲུབ་པ་ཡིན།  དཔེར་ན། རྒྱ་གར་ནས་མི་ཞིག་གི་སྐད་ཆ་ཞིག་བོད་དུ་བཤད་དགོས་པ་ཡིན་ན། གནའ་སྔ་མོ་འདྲ་ཡིན་ན། ཕོ་ཉ་གཏོང་ནས་ཡིག་ཤོག་སྟེང་ནས་ཁུར་དགོས་པའི་ཟླ་བ་དང་ཉི་མ་བྱས་ནས་བཤད་དགོས་པ་དང་། ད་ལྟ་ནི་སྐར་ཆ་རེ་གཉིས་ཀྱི་བར་ནས་རྒྱལ་ཁབ་ཕྱི་ནང་ཐམས་ཅད་སྐད་ཆ་གོའི་ནུབ་པས་སྟབས་བདེའི་དུས་རབས་འདི་འདྲ་ལ་ལེགས་འདུག ད་དང་མི་ཚང་མའི་སེམས་དང་ལས་ཀ་ཐམས་ཅད་ཛ་དྲག་སླངས་ནས་ལས་གི་ཡོད། དཔེར་ན། རོང་བའི་ནས་བརྔ་དུས་དང་། འབྲོག་པའི་རྩ་བརྔ་དུས། གནའ་སྔ་མོ་འདྲ་ཡིན་ན། ལག་ཟོར་གྱིས་བརྔ་དགོས་པའི་ཉིན་དྲུག་བདུན་ཙམ་བགོར་བ་དང་། དེ་དང་དེ་འདྲའི་གནའ་སྔ་མོ་ཉིན་གཅིག་གི་ལམ་ལ་ད་ལྟ་ཆུ་ཚོད་ཕྱེ་ག་ཙམ་མ་གཏོགས་མི་དགོས་པ་དང་། གནའ་སྔ་མོ་ཆུ་ཚོད་གཅིག་གི་ལས་ཀ ད་ལྟ་སྐར་མ་གཅིག་གི་ཚད་ལས་མི་བགོར་པའི་ལས་ཀ་དང་འགྲོ་ལམ་ཐམས་ཅད་འཕྲུལ་འཁོར་ཁོ་ན་མ་གཏོགས་རྟ་བོང་དྲེའུ་སོགས་འཆིབ་མཁན་མེད། ལས་ཀ་ཡིན་ན་ཡང་། འཕྲུལ་འཁོར་མ་གཏོགས་ཟོར་བ་དང་ཏོག་རྩེ་སོགས་ཀྱིས་ལས་མཁན་ནི་ཉིན་སྐར་ལས་ཀྱང་ཉུང་བ་ཡིན་པའི་ལས་མཁན་ཡོད་ན་ཡང་དེ་ནི་མི་ཀུན་གྱིས་འཚར་ཡུལ་དུ་འགྱུར་འདུག གནའ་སྔ་མོ་འདྲ་ཡིན་ན་ནས་སོགས་རྟ་དང་མིས་ཁུར་དགོས་པས། ཉི་མ་གཉིས་གསུམ་ཙམ་བགོར་གི་ཡོད། འབྲོག་པ་ཡང་དེ་ལྟར་བུ་རྩྭ་ཐམས་ཅད་དེ་ལྟར་ཁུར་དགོས་པ་གཅིག་མཚུངས་ཡིན།ད་ལྟར་འདྲ་ཡིན། དེ་དག་ཐམས་ཅད་འཕྲུལ་འཁོར་ཁོ་ནས་ལས་གི་ཡོད། དེ་འདྲ་ལས་ཀ་ག་ཚད་མགྱོགས་ན་ཡང་། མི་བའི་ཚེ་ཚད་དེ་ལྟར་ཐུང་རེ་འགྲོ་གི་ཡོད། དཔེར་ན། འདི་ནས་ཡར་རྩིས་པའི་མི་ལོ་རྒྱའི་མིའི་ནུས་ཤུགས་ལོ་ཚད་དང་ད་ལྟར་མིའི་ནུས་ཤུགས་ལོ་ཚད་གཉིས་ཆེ་ཆུང་དང་རིང་ཐུང་ཐམས་ཅད་རྩ་བ་ནས་མི་འདྲ་བའི་དོན་དང་། ད་ལྟའི་ལས་ཀ་དང་འགྲོ་སྟངས་སོགས་མགྱོགས་ཚད་འདི་དག་ཐམས་ཅད་མིའི་ཚེ་ཚད་ཐུང་རེ་འགྲོ་བའི་བརྡ་ལྟས་ཡིན། དེ་འདྲའི་ལས་ཀ་དང་འགྲོ་སྟངས་ཐམས་ཅད་མྱུར་བ་དང་ཇེ་མགྱོགས་ཇེ་མགྱོགས་འགྲོ་ན་ཚན་རིགས་ལག་རྩལ་ཡང་དེ་འདྲ་ཡར་རྒྱས་ནས་ཡར་རྒྱས་འགྲོ་གི་ཡོད། འདི་ནས་ལོ་རབས་ལྔ་བཅུའི་རྗེས་སུ་འཕྲུལ་ཆས་ཐམས་ཅད་ད་ལྟ་འདི་ལས་མགྱོགས་པ་ཡོང་བ་ནི་མིའི་ལས་སྟངས་དང་ཚེ་ཚད་ལ་ལྟོས་ན་ཤེས་གསལ་རེད། གནའ་སྔ་མོའི་མིའི་ཉིན་བཅུའི་ལས་དགོན་པའི་ལས་ཀ་ད་ལྟ་མིའི་ཉིན་གཉིས་མ་གཏོགས་མི་བགོར་པའི་ལས་ཐུབ་པས་ལྷག་མ་ཉིན་བརྒྱད་ཡོད་པ་དེ་ནི་གནའ་སྔ་མོའི་མིའི་ཚེ་ཚད་རིང་བ་དང་། ད་ལྟའི་མིའི་ཚེ་ཚད་ཐུང་རུ་འགྲོ་བའི་ལྟས་ཡིན་ནོ། དེ་དང་དེ་འདྲའི་ལས་ཀ་མགྱོགས་ཚད་ཐམས་ཅད་ཚེ་ཐུང་བའི་ལྟས་ངོ་མ་ཡིན་པ་ནོ། །དེ་ནི་ངའི་དེ་རིང་རང་ནས་ཤེས་པ་མ་ཡིན་པ་ཟླ་བ་མང་པོའི་ནང་ནས་ཡིད་ལ་འཁོར་བྱུང་། ཡིན་ན་ཡང་། ང་ལ་ཚོར་བ་དངོས་མ་ཞིག་བསྐྱེད་ཐུབ་མ་སོང་། དེ་རིང་ང་རུ་གཞུང་ནས་ངའི་གྲོགས་ཞིག་ལ་རིམ་གྲོ་བྱེད་ནས་མར་དགོན་དུ་སློག་སྐབས་དུས་ཚོད་ཀྱིས་ང་ལ་ཚོར་བ་དངོས་མ་ཞིག་སྟེར་བྱུང་། དེ་འདྲའི་ལས་ཀ་ལ། ཉི་མ་རིང་ཐུང་གི་ཁྱད་པར་ག་ཚད་ཡོད་ན་ཡང་། གནའ་སྔ་མོའི་མི་དང་ད་ལྟར་མི་གཉིས་ཀྱིས་ལས་དོན་འགྲུབ་པར་ཁྱད་པ་ཏིལ་འབྲུ་ཙམ་ཡང་མེད་དོ། །གནའ་སྔ་མོ་ཟླ་བ་གསུམ་བཞིའི་ནང་ནས་ལས་གང་འགྲུབ་པ་ཡིན་ན། ད་ལྟ་ཆུ་ཚོད་སྐར་ཆའི་ནང་གི་ལས་དོན་འགྲུབ་པ་གཉིས་ལ་ཁྱད་པར་གང་ཡང་མེད་པ་དང་། གནའ་སྔ་མོ་ནས་དང་རྩ་སོགས་ཉིན་དྲུག་བདུན་ཙམ་བརྔ་དགོས་པ་ཡིན་ན་ཡང་། ད་ལྟ་ཉིན་གཅིག་དང་གཉིས་ཙམ་ལས་བརྔ་མི་དགོས་པ་གཉིས་ལ་མི་ལ་དཀའ་ངལ་ཡོད་པ་སོགས་གཅིག་པ་གཅིག་རྐྱང་ཡིན། དེ་འདྲ་ཡིན་པ་ནི། གནའ་སྔ་མོའི་མི་ལ་དཀའ་ངལ་ཆེ་བ་དང་། ད་ལྟའི་མིར་དཀའ་ངལ་ཆུང་བའི་ཁྱད་པ་ནི་དུས་ནམ་ཡང་མཐོང་བ་མི་སྲིད་དོ། །དེ་འདྲ་ཡིན་དགོས་པའི་དོན་ཡང་ཡོད་དེ། གནའ་སྔ་མོའི་མིའི་ཉིན་བཅུ་ལས་འགྲུབ་པའི་ཟ་སོགས་མང་བ་དང་། ད་ལྟར་མིའི་ཉིན་གཉིས་ལས་འགྲུབ་པའི་ཟ་སོགས་ཉུང་བ་ནི་དེའི་ཀྱང་ད་ལྟ་མ་གོ་ལ་མ་འོངས་པ་གོ་ས་མ་རེད།  དེ་འདྲ་ཡིད་ལ་འཁོར་པའི་ངའི་སྐད་ཆ་འདི་ལ། ཕྱོགས་གཅིག་ནས་བལྟས་ན། བླུན་གཏམ་དངོས་མའི་རྗེས་སུ་མི་འགྲོ་བར་ངེས་པ་མེད། ཕྱོགས་གཅིག་ནས་བལྟས་ན་གནའ་སྔ་མོའི་མི་དང་ད་ལྟའི་མིའི་ལོ་དང་ནུས་ཤུགས་ཆེ་ཆུང་སོགས་རྩ་བ་ནས་མི་འདྲ་བ་དང་། གནའ་སྔར་མོའི་གཡག་དང་ད་ལྟའི་གཡག་གཉིས་ཀྱང་ནུས་ཤུགས་དང་ཆེ་ཆུང་སོགས་རྩ་བ་ཉིད་ནས་མི་འདྲ་བ་དང་། རོང་འབྲོག་གི་ཡུལ་ནས་རྩ་དང་ནས་ཡིན་ན་ཡང་རིང་ཐུང་དང་ཡར་རྒྱས་འགྲོ་བ་ནི་གནའ་སྔ་མོ་དང་ད་ལྟའི་དུས་གཉིས་མི་འདྲ་བ་ནི་ཤེས་མཁན་ང་གཅིག་བུ་མ་ཡིན་པ། རོང་འབྲོག་ལས་ལ་སྤྱོད་པའི་རྒན་གཞོན་དར་གསུམ་ཀུན་གྱིས་ཁ་ནས་རླུང་བཞིན་གྲགས་བཞིན་ཡོད་པས་བདེན་པ་ཡིན་པ་ལ་ངེས་པ་མེད། ཡིན་ན་ཡང་། དེ་ནི་གཞན་འབྲོག་ཀུན་གྱིས་མཐོང་ཀྱང་། གང་གི་སྐྱོན་ཡིན་པ་མ་ཤེས་པའི་བཏང་སྙོམས་སུ་བཞག་གདའ། ངའི་བལྟས་ན། དེ་ནི་སངས་རྒྱས་ཐུགས་རྗེས་ལས་སེམས་ཅན་ལས་བཙན་ཞེས་པ་ལྟར། ད་ལྟ་སྙིགས་མ་ལྔ་བདོ་དུས་ལ་ཆུང་བྱས་པ་ལོ་གསུམ་ཡན་ཆད་ནས་ཆེ་ལོ་རྒན་བརྒྱད་བཅུ་མན་ཆད་ཐམས་ཅད་ཀྱིས་ཡར་དཀོན་མཆོག་ལ་དད་པ་ཆུང་། མར་སྡིག་པ་ལ་དགའ་སྣང་ཆེའི་སྐྱོན་གྱིས། ལས་དང་བསོད་ནམས་ཉམས་པའི་དབང་གིས་མི་དང་དུད་འགྲོ་ཐམས་ཅད་ཚེ་ཚདདང་ནུས་ཤུགས་མར་མར་ཟད་པ་ཡིན་ནོ། །དེ་འདྲ་ཟད་པའི་སྐྱོན་གྱིས་རི་དང་ལུང་བ་ཐམས་ཅད་ནས་རྩྭ་ཇེ་ཉུང་འགྲོ་བ་དང་རི་མགོའི་གངས་ཐམས་ཅད་དམའ་དམའ་ཞུ་བ་ཕར་བལྟས་ཚུལ་གསལ་ཡིན། གནའ་སྔ་མོ་འདྲ་ཡིན་ན། གངས་རི་འདྲ་ཡིན་ན། གཟི་བརྗིད་ཆེ་བ་དང་། གངས་རི་ལ་བདག་པོ་སེམས་ཅན་གནས་པ་དང་། རི་དང་ལུང་བ་ཐམས་ཅད་ཀྱང་། དཔེར་ན། གསེར་རི་དངུལ་རི་ལྟར་བུ་དང་། གསེར་ལུང་དངུལ་ལུང་ལྟར་བུ་ཡིན། མི་ཐམས་ཅད་གཡོ་རྒྱུ་མེད་པ་རི་བོ་བཞིན་བརྟན་པ་དང་། བསོད་ནམས་ཆེ་བ་དང་ལས་འབྲས་ལ་རྩི་སྲུང་ཡོད་པས་སྟོབས་ཀྱིས་མི་དང་དུད་འགྲོ་ཡང་ཚེ་རིང་ནད་མེད་ནུས་ཤུགས་ཆེའི་ལས་དོན་གང་ཡིན་ཀྱང་། དལ་མོ་བྱེད་ནས་ཆོག་པས། ད་ལྟ་རི་ལུང་ཐམས་ཅད་བྱེ་ཐང་ལ་འགྱུར་བའི་མི་ལ་གཡོ་རྒྱུ་ཆེ་བ་དང་བསོད་ནམས་ཆུང་བ་དང་ལས་འབྲས་ལ་རྩི་སྲུང་མེད་པའི་ནད་མང་ཚེ་ཐུང་ནུས་ཤུགས་ཆུང་བས། ད་ལྟ་འཕྲུལ་འཁོར་དང་གློག་ཆས་དེ་ཙམ་མེད་ན། མི་ཐམས་ཅད་ལས་དོན་འགྲུབ་མི་ཐུབ་པའི་ཟ་རྒྱུ་དང་གྱོན་རྒྱུ་ཤིན་དུ་དཀའ་ཁག་དུ་འགྱུར་འགྲོ་གི་ཡོད་པའི། དེ་ལ་ལྟོས་ནས་མགྱོགས་ཚད་ཀྱི་འཕྲུལ་ཆ་ནི་ད་ལྟ་དུས་ངན་འདི་འདྲ་ལ་མེད་ན་ལས་དོན་གང་ཡང་འགྲུབ་པ་ལ་ཤིན་དུ་དཀའ་མོ་རེད། ངེས་པ་དུ་ད་ལྟ་དུས་ཚོད་འདི་ལ་འཕྲུལ་ཆས་ཀྱི་དངོས་པོ་དགོས་ངེས་ཤིག་ཡིན་ནོ། །དེ་ལ་མི་བསམ་པའི་ད་ལྟ་དུས་ཚོད་ལ། མི་རེ་འགས་ཚིག་ཐ་ཐོ་རེ་དང་སྙན་ངག་བག་རེ་བོག་རེ་འབྲི་ཤེས་ན། སྦག་སྦག་དང་མོ་ཊྭ་ལ་མི་འཐད་པའི་ཚིག་རེ་འབྲི་གི་ཡོད་པའི་དེ་ནི་བླུན་པོ་གླང་གི་འདུ་ཤེས་ངོ་མ་བསྟན་གི་ཡོད། དུས་དང་མིའི་ཚེ་རིང་ཐུང་སོགས་ཀུན་ལ་ལྟོས་པའི་སྒོ་ནས་ལས་དོན་སྒྲུབ་དགོས་པ་ཡིན། དེ་ལ་མི་ལྟ་བར་ངའི་བསམ་ཚུལ་དང་ཁྱེད་ཀྱི་ལས་སྟངས་ཙམ་ལ་ལྟོས་ནས་སྐད་ཆ་བཤད་མཁན་ནི་བླུན་པོ་རྗེས་འབྲངས་ངོ་མ་རེད་ཟེར་ན་མི་ཆོག་རྒྱུ་མེད་དོ། །སྐད་ཆ་གང་བཤད་ན། ཕྱིའི་འཁོ་ཡུག་ལ་ལྟོས་དགོས་ལ། འཁོ་ཡུག་གི་མི་ལ་དེའི་ཀྱང་ལྟོས་དགོས། དེ་ལྟར་ཀུན་ལྟོས་ནས་ལས་སྟངས་དང་་བཤད་སྟངས་སྒྲུབ་མཁན་ནི་མཁས་པ་ངོ་མ་རེད། དུས་ད་ལྟའི་མིའི་ཚེ་ཚད་དང་བསོད་ནམས་དང་ལས་དོན་འགྲུབ་སྟངས་སོགས་ཀུན་ལ་ལྟོས་ན་འཕྲུལ་ཆའི་དུས་ཚོད་ངོ་མ་ཡིན་པའི་དོན་གྱིས་ད་ལྟ་ཆེ་འབྲིང་ཆུང་གསུམ་མི་ཀུན་ལ་འཕྲུལ་འཁོར་ནི་མེད་དུ་མི་རུང་བའི་དངོས་པོ་ཡིན།༢༠༡༢/༩/༡༣/ཉིན་འཇུག་བསྡུས།

 
 
Re:འཕྲུལ་ཆས་འཁོ་བའི་སྔོན་བརྡ།།
[ 2012/9/26 23:27:07 | By: སྐུ་མགྲོན་Im15Gs(སྐུ་མགྲོན) ]
 
སྐུ་མགྲོན་Im15Gs(སྐུ་མགྲོན)ཤར་ལགས་བཀྲ་ཤིས་བདེ་ལེགས་ གྲོགས་ནས་།།།།།།།།།།།།།
 
 
Re:འཕྲུལ་ཆས་འཁོ་བའི་སྔོན་བརྡ།།
[ 2012/9/14 12:45:26 | By: langjia(སྐུ་མགྲོན) ]
 
langjia(སྐུ་མགྲོན)གྲོགས་བསོད་ནམས་བློ་གྲོས་ལགས་ཕེབས་པ་དགའ་བསུ་ཞུ་བཞིན་ཡོད།།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.