སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྩོད་ཐེངས་གཅིག་གི་བསམ་ཚུལ།།
[ 2012/8/27 22:33:00 | By: vase ]
 

དེ་རིང་རྩོད་ཐུན་གཅིག་གི་ཟིན་མཚམས་ཐོར་བུ།།།

 

རྗེ་རིན་པོ་ཆེའི་ས་ལམ་ལས་  ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད་དང་ས་མཚམས་སོགས་བཤད་པ་ལས།  དང་པོ་མཚན་ཉིད་ནི་དེ་ཁོ་ན་ཉིད་ཀྱི་རང་མཚན་སྔར་མ་རྟོགས་པའི་ཕྱིན་པར་བྱེད་པའི་རིག་པ་དེ་དང་།  ས་མཚམས་ནི།  བོན་མཆོག་ཆེན་པོའི་རྟོགས་པ་རྫོགས་ནས་སྒོམ་ལམ་ཆུང་ངུའི་རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་མཐོང་ལམ་གྱི་ས་མཚམས་སུ་རིག་པར་བྱའོ་གསུང་འདུག།  དང་པོ་མཐོང་ལམ་གྱི་ས་མཚམས་འཇོག་སྟངས་དང་།   གཉིས་པ་མཉམ་རྗེས་གཅིག་ཆར་དུ་སྐྱེས་པའི་རྗེས་ཐོབ་གི་རྣམ་པ་འཆར་ཚུལ་གཉིས་ལས།  དང་པོ་རྗེ་རིན་པོ་ཆེའི་ས་མཚམས་འཇོག་སྟངས་དེ་ལ། ཁ་ཅིག་གི་མཐོང་ལམ་མཉམ་རྗེས་གཅིག་ཆར་དུ་སྐྱེ་བའི་དབང་དུ་བཏང་ནས་གསུང་པ་རེད་ཟེར་འདུག།   ཁ་ཅིག་ན་རེ་ཐེག་ཆེན་མཐོང་ལམ་གསར་དུ་སྐྱེ་སའི་ལུས་རྟེན་མ་དོར་བ་ལ་དགོང་པ་འགྲེལ་འདུག། དང་པོ་ལྟར་མཐོང་ལམ་མཉམ་རྗེས་གཅིག་ཆར་དུ་སྐྱེ་བའི་དབང་དུ་བྱས་ན་ཐེག་ཆེན་མཐོང་ལམ་མཉམ་རྗེས་གཉིས་དུས་གཅིག་ཆར་དུ་འགག་མ་ཐག་གིས་སྒོམ་ལམ་ཆུང་ངུའི་རྟོགས་པ་རྒྱུད་ལ་མ་སྐྱེས་བར་གིས་མཉམ་བཞག་གི་ངོ་བོར་གྱུར་པའི་ས་གཉིས་པའི་སྦྱོར་བ་ཉེར་སྡོགས་ཞིག་ཡོད་བ་གང་ཞིག་དེ་མཐོང་ལམ་དུ་ཐལ་ལོ།  གཉིས་པ་ལྟར་ཐེག་ཆེན་མཐོང་ལམ་གསར་དུ་སྐྱེ་སའི་ལུས་རྟེན་མ་དོར་བའི་དབང་དུ་བྱས་ན།  མཐོང་ལམ་གསར་དུ་སྐྱེ་སའི་ལུས་རྟེན་འགག་པ་དང་སྒོམ་ལམ་ཆུང་ངུའི་རྟོགས་པ་རྒྱུད་ལ་སྐྱེ་བ་དུས་མཉམ་པ་ཐལ་བ་དང་།  མཉམ་རྗེས་རིམ་ཅན་དུ་སྐྱེ་བའི་ས་དང་པོའི་རྗེས་ཐོབ་ཡེ་ཤེས་དེ་ཐེག་ཆེན་མཐོང་ལམ་ཡིན་པ་ཐལ་ལོ། རྟེན་མཐོང་ལམ་པ་ཡིན་པའི་ཕྱིར་ཏེ། རང་ལུགས་ལ་  དེ་ལམ་སྒོམ་ལམ་དང་རྟེན་མཐོང་ལམ་བཞག་པ་ཡིན་པའི་ཕྱིར། དེ་རྟེན་མཐོང་ལམ་པ་ཡིན་པའི་དོན་ནི་དེ་ལྡན་སའི་ལུས་རྟེན་དེ་མཐོང་ལམ་གྱིས་ཡོན་ཏན་བརྒྱ་ཕྲག་བཅུ་དྲུག་གསར་དུ་ཐོབ་སའི་རྟེན་ཁྱད་པར་ཅན་ཡིན་པས་ན་རྟེན་མཐོང་ལམ་པ་བཞག་ན་ཆོག་གམ་སྙམ་བྱུང་། སྤྱིར་རང་ལུགས་ལ་དབང་པོ་རྣོ་རྟུལ་གཉིས་ཡོད་པ་ལས།  དབང་པོ་རྣོན་པོ་ལ་མཉམ་རྗེས་དུས་གཅིག་ཆར་སྐྱེ་བ་དང་དབང་པོ་རྟུལ་པོ་རྣམས་ལ་དུས་སྔ་ཕྱི་རིམ་ཅན་དུ་སྐྱེ་བ་ལུང་ལས་གསལ་འདུག།  དེ་ལྟར་ཡིན་དུས་ཁོ་བོས་ནི་རྗེ་རིན་པོ་ཆེའི་གོང་གི་མཐོང་ལམ་གྱི་ས་མཚམས་བཞག་པ་དེ་མཐོང་ལམ་པ་ཡི་ས་མཚམས་ལ་དགོངས་པ་ཡིན་ན་སྙམ་བྱུང་།  སྤྱིར་མཉམ་རྗེས་གཅིག་ཆར་དང་རིམ་སྐྱེ་གཉིས་ཡོད་པ་ལས་གཅིག་ཆར་བའི་དབང་དུ་བྱས་ན་མཐོང་ལམ་གྱི་ས་མཚམས་ནི་སྦྱོར་ལམ་བོན་མཆོག་ཆེན་པོའི་རྟོགས་པ་རྫོགས་ནས་ས་གཉིས་པའི་མཉམ་བཞག་ཡེ་ཤེས་ཀྱི་རྒྱུ་རུ་གྱུར་པའི་ས་གཉིས་པའི་སྦྱོར་བ་ཉེར་སྡོགས་མ་སྐྱེས་བར་དུ་འཇོག།        རིམ་སྐྱེས་པ་ལ་བོན་མཆོག་གི་རྟོགས་པ་རྫོགས་ནས་ས་དང་པོའི་རྗེས་ཐོབ་ཡེ་ཤེས་མ་སྐྱེས་བར་དུ་འཇོག་དགོས་ན་ཐང་།   ཁ་གསལ་གིས་ལུང་དང་རིག་པ་ཁུང་མ་ཞིག་རང་གི་མ་རྙེད་པས་བློ་གསལ་མཁྱེན་དཔྱོད་ཡངས་པའི་སློབ་གཉེར་བ་རྣམས་ཀྱིས་བརྟག་ཞིབ་མཛད་ནས་འོག་ཏུ་མཆན་སྤེལ་ཡོང་རོགས།།                                     གཉིས་པ་མཉམ་རྗེས་གཅིག་ཆར་དུ་སྐྱེས་པའི་རྗེས་ཐོབ་ལ་རྣམ་པ་འཆར་ཚུལ།      རྗེ་རིན་པོ་ཆེའི་ས་ལམ་ལ།  བློ་ཡི་ངོ་བོར་དཔྱད་པ་ནི་།  མཉམ་བཞག་དང་རྗེས་ཐོབ་ཚུལ་དུ་སྐྱེ་ལ།  མཉམ་བཞག་གི་དུས་སུ་གནས་ལུགས་སྐྱེ་མེད་བདག་མཐའ་དག་གི་སྟོང་པར་རྟོགས་པའི་དུས་སུ།  རྗེས་ཐོབ་ཏུ་མཁྱེན་པའི་ཡོན་ཏན་སྣ་ཚོགས་སྒྱུ་མ་ལྟ་བུ་ཤུགས་ལས་རྟོགས་ཤིང་།  དེ་གཉིས་དུས་ངོ་བོ་ཐ་དད་དབྱེ་བ་མེད་ཅིང་རྣམ་པ་རྟོགས་ཚུལ་ཐ་དད་ཏུ་འཆར་རོ་ཞེས་གསུང་པ་དེ་ནི་མཉམ་རྗེས་གཅིག་ཆར་དུ་སྐྱེ་བའི་དབང་དུ་བཞག་དགོས་པར་སྣང་ངོ། ཁ་གཅིག་གི་མཉམ་རྗེས་གཅིག་ཆར་དུ་སྐྱེ་བའི་རྗེས་ཐོབ་དེ་ཡིས་བོན་ཅན་སྒྱུ་མ་ལྟ་བུའི་རྣམ་པ་མ་སྣང་ནས་ཤུགས་ལས་རྟོགས་པར་འདོད་ཚུལ་ཡོད་ཀྱང་།   དེ་ལྟར་འདོད་མི་རུང་སྟེ།  མཐོང་ལམ་རྗེས་ཐོབ་ཡེ་ཤེས་ཡིན་ན་སྟོང་གཞི་བོན་ཅན་སྒྱུ་མ་ལྟ་བུར་དངོས་སུ་རྟོགས་དགོས་སོ།   ཁོ་བོས་ནི། རྗེ་རིན་པོ་ཆེའི་ས་ལམ་ལས།  མཉམ་བཞག་གི་དུས་སུ་གནས་ལུགས་སྐྱེ་མེད་བདག་མཐའ་དག་གི་སྟོང་པ་རྟོགས་པའི་དུས་སུ་རྗེས་ཐོབ་གིས་མཁྱེན་པའི་ཡོན་ཏན་སྒྱུ་མ་ལྟ་བུ་ཤུགས་ལས་རྟོགས་ཞེས་པ་དེ་ཚད་མ་དང་རྟགས་རིགས་སྐབས་བོན་དེ་ཡི་རྣམ་པ་མ་སྣང་ནས་རྟོགས་པ་ནི་ཤུགས་རྟོགས་ཟེར་བ་ལྟ་བུ་ལ་མི་བཞག་གང་ཟག་དེ་བློ་དབང་པོ་རྣོན་པོ་ཞིག་ཡིན་དུས་མཉམ་བཞག་དེ་ཡིས་བོན་ཉིད་ནམ་མཁའ་ལྟ་བུ་ལ་སྒྲོ་འདོགས་དངོས་སུ་གཅོད་དུས་རྗེས་ཐོབ་དེ་ཡིས་བོན་ཅན་སྒྱུ་མ་ལྟ་བུ་ལ་སྒྲོ་འདོགས་གཅོད་པ་ལ་དངོས་སུ་འབད་རྩོལ་རགས་པ་བྱེད་མི་དགོས་པ་ལ་དགོང་པ་ཡིན་ན་སྙམ་བྱུང་།  རྗེས་ཐོབ་དེ་ཡིས་བོན་ཅན་སྒྱུ་མ་ལྟ་བུ་དངོས་སུ་རྟོགས་པར་འདོད་དོ་་། 

 

མཐོང་ལམ་ས་མཚམས་འཇོག་ལ་མཁས་པའི་རིག་པ་སྨྲ་བའི་སྐྱེས་བུ་དང་།

དཔྱོད་ལྡན་མཁས་པའི་བློ་དང་མཐུན་པའི་དཔྱད་རྩོམ་སྤེལ་མཁན་གང་མིན་ཀྱང་།

སྲོ་ལོ་དཀར་པོའི་བསམ་ཚུལ་ཐེངས་གཅིག་དེ་རིང་འདི་ན་བཀོད་པ་ཡིན། །

རང་བློའི་མ་དཔོག་ནོར་འགལ་འཆིས་ཚེ་ཚད་མ་སྨྲ་བའི་ཚོགས་ལ་བཤགས། །

སྤྱི་ལོ་  ༢༠༡༢  ཟླ་ ༨  ཚེས་  ༢༧ ཉིན་མོར།   

སྲོ་ལོ་དཀར་པོ་ནས་བཀོད།།།

 
 
Re:རྩོད་ཐེངས་གཅིག་གི་བསམ་ཚུལ།།
[ 2012/9/8 13:19:51 | By: སྐུ་མགྲོན་tXo0RF(སྐུ་མགྲོན) ]
 
སྐུ་མགྲོན་tXo0RF(སྐུ་མགྲོན)ལྐོག་ཏུ་ཡིབ་ནས་ཐབས་རྡུགས་ཀྱི་གསང་ལས་སྤེལ་བ་མ་ཡིན་པར་དངོས་མིང་ངམ་སྨྱུག་མིང་དངོས་དེ་དགོད་ཐུབ་ན་བགྲོ་གླེང་ལ་གཞུག་པའི་སྤྲོ་བ་འཕེལ་བར་འགྱུར།
ད་རེས་མཚམས་འདི་ནས་གོང་གི་དོན་གྱི་དོ་བདག་གང་དེས་གོ་དགོས་པ་ནི། བྱམས་མ་ལས། གལ་ཏེ་ངོ་བོ་དྲི་ལྡན་ན། ཡོན་ཏན་རྒྱ་མཚོ་བསྐམ་པར་འགྱུར། ཞེས་དང་། ཇི་སྐད་དུའང་། ང་རྒྱལ་གྱི་གོང་བུ་ལ། ཡོན་ཏན་གྱི་ཆུ་མི་ཆགས། ཞེས་པའི་དོན་ལ་ཡང་ཡང་བསམ་གཞིགས་ནན་མོ་རེ་བྱེད་དགོས་གལ་ཆེ་བར་སྣང་།
གཞུང་ལས་མཐོང་ལམ་གྱི་ས་མཚམས་བཞག་པ་དེ་འདིར་མཐོང་ལམ་པའི་ས་མཚམས་སུ་འགྲེལ་བ་ནི་དགོངས་པ་འགྲེལ་བར་ཆེས་དགའ་ཡང་འགྲེལ་ལ་མ་མཁས་པ་གཏི་ཐུག་རྡོ་ཆག་བཙན་སྒྲིག་ལྟར་སོང་སྟེ་གཞུང་གི་བསྟན་རིམ་གྱི་བབ་དང་མ་མཐུན་པ་གང་དྲན་ཐོལ་བྱུང་དུ་སྨྲས་པ་ཉིད་དུ་ཟད་དོ།
སྤྱིར་མཁས་པ་སོ་སོའི་ཐུན་མིན་བཞེད་དོན་རྟོགས་ཐབས་ལ་མཁས་པ་གཞན་གྱི་བཞེད་དགོངས་ཀྱིས་བསྲེས་བསླད་དམ་དེས་སྒྲིབ་པར་མ་བྱས་ནས་བཞེད་དགོངས་སོ་སོར་དཔྱད་ཞིབ་གནང་ཐུབ་ན་དགེ་མཚན་ཆེ་བར་མངོན་ཏེ་༸རྗེས་མཁས་རྣམས་མི་མཐུན་བདེན་དོན་ཀུན་ལ་ཡོད། ཅེས་གསུངས་པའི་དོན་ལ་ཉེ་བར་འགྱུར་བའི་ཕྱིར་རོ།

གལ་སྲིད་དེ་ལྟར་མ་ལྕོགས་པའམ་སྐབས་འཕྲལ་གཞུང་གཞན་དང་གུང་སྒྲིག་ཁུལ་གྱིས་ཐམས་ཅད་དགོངས་པ་མཐུན་བཟོ་ལྟར་བཅོས་འདོད་ན་རྗེའི་ས་ལམ་རང་འགྲེལ་ལས་བསྟན་པའི་མཐོང་ལམ་གྱི་ས་མཚམས་དེ་ནི་མཉམ་རྗེས་ཉམས་ཅིག་ཅར་གྱི་མཐོང་ལམ་ལ་དགོངས་པར་འགྲེལ་ན་ཅུང་ཟད་བདེ་བར་སྣང་། གོང་མིང་པས།
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
ཨ་རྫིད་ ལྐོག་ཏུ་ཡིབ་ནས་ཐབས་རྡུགས་ཀྱི་གསང་ལས་ཚིག་གཅིག་རང་གི་སྤེལ་མྱོང་མེད། རིག་དྲུག་ཆུ་ལ་མཐོང་སྣང་དྲུག། ཞེས་པའི་དཔེ་ལྟར་ང་རང་གིས་དེ་འདྲ་གསང་ལས་ཚིག་གཅིག་སྤེལ་མྱོང་མེད་དུས་ཁྱོད་རང་གི་སྤེལ་བ་མཐོང་ན་ཁྱོད་རང་གིས་ཁྱོད་རང་ལ་སྡུག་སྤྲད་པ་རེད།
ང་ཟིན་བདག་ལ་ལྐོག་ཏུ་ཡིབ་ནས་ཐབས་རྡུགས་ཀྱི་གསང་ལས་སྤེལ་བས་ཉེས་པ་སྤུ་ཙམ་མེད། ཁྱེད་རང་མཐོང་ལམ་གྱི་ས་མཚམས་འཇོག་ལ་མཁས་པའི་སྐྱེས་བུ་ཁྱད་པར་ཅན་ཞིག་ཡིན་ན་ང་ཚོ་གཡུང་དྲུང་བོན་གྱི་བསྟན་པའི་མཛེས་རྒྱན་ལོས་ཡིན། དེ་དང་དེ་བཞིན་ང་རང་གིས་མཐོང་ལམ་གྱི་ས་མཚམས་བཞག་པ་དེ་ཁྱེད་རང་ངོས་ལ་གང་གི་ཕྱོགས་ནས་མ་འཐད་ན་འང། ཁྱེད་རང་གི་ལུང་རིག་རྒྱབ་བརྟན་ཡོད་པའི་སྒོ་ནས་མཐོང་ལམ་སྐོར་དྲི་བ་ག་ཚད་ཡོད་ན། ང་རང་གིས་ལན་གང་ལ་གང་མཚམས་འབུལ་འདོད་ཡོད། དགའ་འོས་པ་ཡིན། དྲྭ་ཐོག་ཏུ་ཁ་ངན་ཚིག་ངན་གྱི་ལན་རྒྱག་མཁན་དེ་འདྲ་མིན།། དེ་སྔོན་རྒྱག་མྱོང་མེད། མ་འོངས་པ་ལ་རྒྱག་རྒྱུ་མིན།། དམ་བཅའ་བ་ནས།།།
 
 
Re:རྩོད་ཐེངས་གཅིག་གི་བསམ་ཚུལ།།
[ 2012/8/28 1:12:23 | By: སྐུ་མགྲོན་vAQd7H(སྐུ་མགྲོན) ]
 
སྐུ་མགྲོན་vAQd7H(སྐུ་མགྲོན)དྲྭ་གྲོགས་སྲོ་ལོ་ལགས།
རྟེན་མ་དོར་བའི་དོན་ནི་རྟེན་གཅིག་པ་ལ་གོ་བས་ན་དེ་ལྟར་ན་སྦྱོར་མཐོང་རྟེན་གཅིག་པ་ལ་སྒོམ་ལམ་ཆུང་ངུའི་རྟོགས་པ་སྐྱེས་པ་དང་སྔར་གྱི་ལུས་རྟེན་ངེས་པར་དུ་ཅིའི་ཕྱིར་འདོར་དགོས་སམ།

མཉམ་རྗེས་རིམ་སྐྱེས་པའི་ལུགས་ཀྱི་རྗེས་ཐོབ་དེ་མཐོང་ལམ་དུ་ཐལ་བའི་ཚུལ་དེ་ནི་རྗེས་མཐོང་ལམ་གྱི་ས་མཚམས་བཞེད་ཚུལ་དེའི་གནད་ཀས་འགྱུར་བ་ལས་རྟེན་མ་དོར་བར་ཁས་བླངས་པའི་གནད་ཀྱིས་མ་ཡིན་པར་སྣང་ངོ་། གངས་རིའི་ཕྱི་རོལ་དུ་བྱོལ་བའི་བོན་མཆེད་ཀུ་ས་ལིས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.