སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བཀའ་དྲིན་ཆེ་བ་གསུམ།
[ 2012/6/24 16:34:00 | By: vase ]
 

བཀའ་དྲིན་ཆེ་བ་གསུམ།

 

དཀར་ནུ་ཞོ་སྐྱོངས་བའི་ཨ་མ་དང་གཅིག།

དབྱང་ཀ་ཁ་བསླབ་པའི་ཨ་ཕ་དང་གཉིས།

ཟབ་གདམ་ངག་གནང་བའི་སློབ་དཔོན་དང་གསུམ།

བུ་ང་ཡི་དྲིན་ཆེན་རྣམ་གསུམ་ལོས་ཡིན།

 

རྒྱུན་འཚོ་བ་གནང་བའི་བླ་མ་དང་གཅིག།

འདོན་གྱེར་དབྱང་བསླབ་པའི་དགེ་རྒན་དང་གཉིས།

རང་དབང་མེད་བཀུག་པའི་དགེ་སྐོས་དང་གསུམ།

བུ་ང་ཡི་དྲིན་ཆེན་རྣམ་གསུམ་ལོས་ཡིན།

 

ངས་ལོག་རྟོག་བསལ་བའི་སྔ་རྒོལ་དང་གཅིག།

ངས་ཐལ་འགྱུར་འཕེན་སའི་ཕྱི་རྒོལ་དང་གཉིས།

བར་དྲང་བདེན་བརྗོད་པའི་དཔང་པོ་དང་གསུམ།

བུ་ང་ཡི་དྲིན་ཆེན་རྣམ་གསུམ་ལོས་ཡིན།

 

སྒོར་ཆད་མེད་གནང་བའི་ཁྱིམ་ཚང་དང་གཅིག།

དབྱར་མར་ཕྱུར་བྱིན་པའི་ལྷ་འབྲི་དང་གཉིས།

རང་ནད་མེད་བཟོ་བའི་སྨན་དགེ་དང་གསུམ།

བུ་ང་ཡི་དྲིན་ཆེན་རྣམ་གསུམ་ལོས་ཡིན།

 

གཞུང་འཆད་ར་འགྲིམས་པའི་མཆེད་གྲོགས་དང་གཅིག།

གྲོང་དྲྭ་བ་འགྲིམས་པའི་དྲྭ་གྲོགས་དང་གཉིས།

གསེར་ཞུན་མ་ལྟ་བུའི་གཞུང་ལུགས་དང་གསུམ།

བུ་ང་ཡིས་དྲིན་ཆེན་རྣམ་གསུམ་ལོས་ཡིན།

 

བསོད་བློས་སྤྱི་ཟླ་ ༦ ཚེས་ ༢༣ ཉིན་མོར་བྲིས།།
 
 
Re:བཀའ་དྲིན་ཆེ་བ་གསུམ།
[ 2012/6/25 18:48:23 | By: danzengyixi ]
 
danzengyixi


བཀླགས་ཟིན། སྙན་རྩོམ་ལེགས་པོ་སྤེལ་འདུག
མུ་མཐུད་ནས་ཡིན་གདའ།
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
དྲྭ་གྲོགས་ལྷ་གཡག་དར་མ་ཕེབས་པར་དགའ་བསུ་བཀྲ་ཤིས་བདེ་ལེགས་ཞུ། སྲོ་ལོ་དཀར་པོ་ནས།།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.