སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁ་གཅིག་གཟབ་དགོས་པ།
[ 2012/6/19 23:11:00 | By: vase ]
 

ཁ་གཅིག་གཟབ་དགོས་པ།

                                                                               

མཛེས་པའི་སྤྲུལ་སྐུ་རྫུན་མ།   དག་ཞིང་ཁ་པར་མ་གཏོང་།

དག་པའི་སྤྲུལ་སྐུ་རྣམས་ལ།  ཁ་པར་ཡོད་སྐད་མི་འདུག།

 

རྫིག་པའི་དཔོན་པོ་རྫུན་མ།  ཉེས་ཆེན་ལྐོག་ཟས་མ་ཟ།

སྔ་ཕྱི་ལས་འབྲས་ཡོད་དུས།  ཕྱི་མའི་ཁུར་པོ་ལོས་ཡིན།

 

བཙུན་གཟུགས་གྲྭ་པ་རྫུན་མ། འདུལ་ཆས་ཁྲམ་ཆས་མ་བསྒྱུར།

རང་གི་སྟོན་པའི་བསྟན་པ། གཤིགས་པའི་འཁྲབ་སྟོན་ཟུག་གདའ།

 

ཉམས་ཆུང་ཨ་ནེ་རྫུན་མ།  སྨན་གྱི་སྔོན་འགོག་མ་བྱེད།

རྐང་པ་གཉིས་གཙུག་བྱེད་ནས།  འདི་ཕྱིའི་འདོད་དོན་མི་འགྲུབ།

 

ཁྲེལ་མེད་བཟའ་དཔོན་རྫུན་མ།  བཟའ་ཉོབ་མགོ་བོ་མ་བསྐོར།

ཕུ་ནུའི་མིང་སྲིང་ཚང་མས།    ཡོད་ཚད་ཁྱོད་ལ་གཏད་ཡོད།

 

སྣུམ་པའི་འབྲོག་པ་རྒད་པོ།   སྒོ་ཟོག་སྒོ་ལ་མ་བཀར།

དབྱར་རྩ་དགུན་འབུ་མེད་ན།  ལོངས་སྤྱོད་འཚོ་བ་གང་བྱེད།

 

རོང་པའི་ཞིང་པ་རྒད་པོ། ཚོང་པ་ཡིན་འདོག་བྱེད་ནས།            ཕ་ཞིང་གཤིན་པོ་མ་བཙོང་། སྒོ་ཁྱི་སྒོ་ལ་མ་བཀར།

 

གསར་སྐྱེས་ཕོ་གཞོན་མོ་གཞོན།  རང་གི་ལུས་རྟེན་བཟང་པོ།

སྒོར་མོའི་བྲན་གཡོག་མ་བསྒྱུར།  འདི་ཕྱི་གཉིས་ཀ་ཕུང་འདུག།

 

ཨ་རྫིད་སློབ་ཕྲུག་དེ་ཚོ། ལྟག་སྒོ་བྲག་རི་མ་རྔམ།

ད་ལྟའི་རྒྱལ་ཁ་དེ་ཡིས།  ཕྱི་མ་སྡུག་ལ་སྦྱར་འདུག།

 

རག་ཤ་རྔ་བརྡུང་ཕྲན་བུས། དབུ་མཛད་ང་རྒྱལ་ཆེ་ན།

རིག་གནས་ཀུན་ལ་ཆུབ་པའི།  རིག་པའི་དེད་དཔོན་ཅི་ཁག། 

 

ཨ་རྫིད་ཨ་གསར་བྱེད་ནས།  ར་མ་ལུག་སྐད་མ་རྒྱག།

རང་གི་སྐད་ཡིག་བཟང་པོ།  རང་བཞིན་ཤུགས་ཀྱི་ཉམས་འགྲོ།

 

་ཨ་རྫིད་ཨ་མཆོད་རྣམ་པ།     ཨ་ཅེ་འབྲེལ་བ་མ་བཟོ།

ཨ་མཆོད་གྲོལ་མ་ཐག་ནས།   ཨ་ཕ་ཆག་པའི་ཉེན་ཁ།

 

ཨ་རྫིད་གསུང་ཕྲིན་བརྒྱུད་ནས།  གསང་བའི་སྐད་ཆ་མ་བཤད།

གསང་བའི་མཛོད་ཁང་ནང་དུ།  གསང་འཛིན་དབང་ཤེས་གཙུག་ཡོད།

ཆང་ཁང་ཨར་ཁང་ནང་དུ།  འཛུལ་བའི་ཆོག་ཤེས་མེད་ན།

ཆང་རྫ་མགོ་ལ་རྒྱག་ཀྱང་།   ད་དུང་ཚོར་བས་མཐོང་དཀའ།

 

དགོན་གྱི་དབུ་འཛིན་རྣམ་པ།  རང་སྡེའི་བསྟན་པ་བསམ་ན།  

རང་གི་སྤྱི་བོའི་གཙུག་ཏུ།          ཟུར་ཟའི་ཐོ་བ་མ་རྒྱག།

སྤྱི་ལོ་༢༠༡༢  ཟླ་  ༦ ཚེས་༡༩ ཉིན་མོར་མཁར་བསོད་ནམས་བློ་གྲོས་ནས་བྲིས།།

 

 

 
 
Re:ཁ་གཅིག་གཟབ་དགོས་པ།
[ 2012/8/15 23:55:53 | By: སེམས་(སྐུ་མགྲོན) ]
 
སེམས་(སྐུ་མགྲོན)ར་རྒྱས་ལུས་ཡོད་ མུ་འཐུན་རྒྱུན་བསྐྱོང་ཤོག་
 
 
Re:ཁ་གཅིག་གཟབ་དགོས་པ།
[ 2012/7/7 14:18:23 | By: སྐུ་མགྲོན་N6Ju48(སྐུ་མགྲོན) ]
 
སྐུ་མགྲོན་N6Ju48(སྐུ་མགྲོན)ཡག་པོ་བྲིས་འདུག་ཡིན་ན་ཡང་ཁྱེད་རང་སྐྱོན་ཆ་དེ་ཡོད་དམ་མེད་། གྲོགས་པོ་ལགས་ནས་།།།
 
 
Re:ཁ་གཅིག་གཟབ་དགོས་པ།
[ 2012/6/20 19:19:06 | By: zhongsong ]
 
zhongsongདགའ་བསུ་ཞུ། བདེན་དོན་ངོ་མ་བརྗོད་པར་ཡི་རངས་ཡོད།
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
ཁྱེད་ཕེབས་པར་དགའ་བསུ་ཞུ།།
 
 
Re:ཁ་གཅིག་གཟབ་དགོས་པ།
[ 2012/6/20 14:01:40 | By: danzengyixi ]
 
danzengyixi


ལེགས་པོ་ཞིག་བྲིས་འདུག་པས་མུ་མཐུད་ནས་ཕྲིས་དང་མི་རིང་བར་འབྲས་བཟང་ལོས་ཐོབ། །
ལྷ་གཡག་དར་མས།
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
དྲྭ་གྲོགས་ལྷ་གཡག་དར་མ་ཕེབས་པར་དགའ་བསུ་ཞུ། སྲོ་དཀར་ནས།།
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
 
 
Re:ཁ་གཅིག་གཟབ་དགོས་པ།
[ 2012/6/20 0:36:04 | By: སྐུ་མགྲོན་2KBm1Q(སྐུ་མགྲོན) ]
 
སྐུ་མགྲོན་2KBm1Q(སྐུ་མགྲོན)དགའ་བསུ་ཞུ་ ཡར་རྒྱས་འདུག་ མུ་མཐུད་ཡིན་ བསམ་དོན་འགྲུབ་
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
བསམ་དོན་འགྲུབ་ཕེབས་པར་དགའ་བསུ་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.