སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བཀོད་པ།
[ 2012/6/17 21:00:00 | By: vase ]
 

སྨུག་མོ་རི་རྩེའི་བཀོད་པ།

 དབེན་གནས་མ་འདལ་རི་ཁྲོད།

        རིག་འཛིན་གོང་མའི་སྒྲུབ་གནས།

         གནས་ཆེན་སྨུག་མོ་རི་རྩེ།

       དབལ་ཆེན་གེ་ཁོད་གནས་རི།

 

     གཡས་སུ་སྲང་རྒན་འབར་བ།

གཡོན་དུ་ཡང་མགོན་ཉིན་ཤར།

མདུན་དུ་གསེར་ཁུར་རིན་ཆེན།

སྨུག་མོ་རི་རྩེའི་རྔམ་རྫིག།

 

སྟོད་ཀྱི་རྫ་བྲག་དཀར་པོ།

བར་གྱི་ལྷ་ཤིང་ཤུག་པ།

སྨད་ཀྱི་ཁྲ་ཆུ་སྔོན་མོ།

སྨུག་མོ་རི་རྩེའི་རྒྱན་ཆ།

 

དབྱར་རྩ་དགུན་འབུའི་ཕ་ས།

ཤ་མར་ཐུད་ཀྱི་སྣུམ་ལུང་།

ཁྲ་ཡི་ལུང་ཆེན་བཅོ་བརྒྱད།

  སྨུག་མོ་རི་རྩེའི་གཏེར་མཛོད།

 

           བྱིའི་ཆུང་འཇོལ་མོའི་གསུང་སྐད།

         ལྷ་གཡག་རོག་པོའི་ངར་ལྷབ།

          འབྲི་མོ་སྟོང་གི་ངུར་རྒྱང་།

         ཁྲ་གཞུང་ལུང་པའི་རྒྱན་ཆ།

 

       མ་འདལ་མཚམས་ཆུང་རྣམ་པས།

        ཞོག་པས་དུང་བརྡ་གཏོང་སྐབས།

         བྱ་བརྒྱ་སྟོང་གི་གསུང་སྐད།

        ལྷང་ལྷང་རྣ་བར་གསིང་པ།

         སྨུག་མོ་རི་རྩེའི་སྤྲོ་དབྱང་།

 

དབུས་ཀྱི་མཚམས་ཁང་གྲུ་གཞི།

གཡས་ཀྱི་ལྷ་ཁང་ཀ་བཞི།

གཡོན་གྱི་འདུ་ཁང་ཀ་བརྒྱད།

མདུན་གྱི་དུར་ས་ཤུག་སྒོ།

སྨུག་མོ་རི་རྩེའི་བཀོད་པ།

 

ངོས་ཀྱི་ཤུག་པ་ནོར་བུ།

བར་གྱི་མཚམས་པ་རྣམ་གཉིས།

སྨད་ཀྱི་མུ་ཟི་སེར་པོ།

མ་འདལ་ལུང་པའི་རྒྱན་ཆ།

 

སྤྱི་ལོ་བཅུ་གཉིས་ལོ་ཡི།

བཤད་གྲྭའི་ངལ་གསོ་སྐབས་སུ།

རང་འབྲོག་སླས་ར་ནང་དུ།

རང་ཉིད་ཐེངས་གཅིག་འབྱོར་རྗེས།

 

གནས་ཆེན་སྨུག་མོ་རི་རྩེའི།

མཛེས་སྡུག་བཀོད་པ་མཐོང་དུས།

བུ་ཆུང་སྲོ་ལོ་དཀར་པོས།

རྩོམ་ཐུང་འདི་འདྲ་ཤོར་ཐལ།

སྤྱི་ལོ་༢༠༡༢ ཟླ་ ༦ ཚེས་  ༡༣  ཉིན་མོར་སྲོ་དཀར་ནས་བྲིས།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.