སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྟགས་གསལ་ཚ་དགུ་མ།
[ 2012/6/17 20:01:00 | By: vase ]
 

 རྟགས་གསལ་ཚ་དགུ་མ།

ཡ་གཡུང་དྲུང་བོན་དང་ས་དགེ་བཀའ་རྙིང་གང་གི་གྲུབ་མཐའ་སྨྲ་བ་ཞིག་ཡིན་ཚུན་ཆད།   དཔེར་ན་རྗེ་མཉམ་མེད་ཆེན་པོའི་གསུང་ལས་རང་ལྟ་ལ་མི་ཆགས་གཞན་ལྟ་ལ་མི་སྡང་བའི་སྒོ་ནས་གྲུབ་མཐའི་རྣམ་བཞག་བྱེད་པ་ནི་ཤེས་རབ་བསྐྱེད་པའི་རྒྱུ་དང་དག་སྣང་སྦྱོངས་བའི་ཐབས་ཁྱད་པར་ཅན་ཡིན་པས་དམ་པའི་ལུགས་སུ་འདོད་དོ་ཞེས་གསུངས་པ་བཞིན། ང་ཚོ་གྲུབ་མཐའ་སྨྲ་མཁན་སུ་དང་སུ་ཡིན་ཡང་རང་ལྟ་ལ་མི་ཆགས་གཞན་ལྟ་མི་སྡང་བའི་སྒོ་ནས་སྨྲ་དགོས་པ་ཅི་ལ་བཤད། ཡིན་ན་ཡང་། མཁས་མིང་ཙམ་འཛིན་པ་གསེར་རྟ་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཙོར་བྱས་པའི་བན་དེའི་བླ་མ་ཁ་གཅིག་གིས་ཁ་ནས་མཐུན་སྒྲིལ་དང་མཐུན་སྒྲིལ་ཟེར་ཞིང་ཁོག་ལ་རང་ཉིད་མཐོ་འདོད་གྲགས་འདོད་ཀྱི་ཀུན་སློང་གཙོ་བོར་རུ་བཟུང་བའི་སྒོ་ནས་འཆད་ཁྲིད་དང་དབང་བསྐུར་སོགས་བསྟན་པའི་བྱ་བ་འབའ་ཞིག་སྒྲུབ་པའི་ཚུལ་ཙམ་སྟོན་པའི་སྒོ་ནས་དོན་ལ་སྒོར་མོ་ཆེད་དུ་ཕེབས་པ་མ་གཏོག་ཁོག་ཏུ་བྱམས་སེམས་དང་མཐུན་སྒྲིལ་སྤུ་ཙམ་མེད་ན་ཕལ་ཆེར་ཆོག། ཤྭཀྱ་ཐུབ་པའི་ཆོས་བོད་ལ་བྱུང་ནས་བཟུང་བོན་པོ་དང་བན་དེའི་བར་དུ་མཐུན་སྒྲིལ་མེད།  ད་ལྟ་ཡང་མཐུན་སྒྲིལ་དགོས་དོན་མེད།   ངེད་བོན་པོ་ཚང་ནི་ཆོས་ལུགས་དང་རིག་གནས་གང་གི་ཕྱོགས་ནས་ཡང་རང་རྐྱ་ཐུབ་པ་ཞིག་ཡིན།       བན་དེ་ཚོ་ལ་མཐུན་སྒྲིལ་དགོས་དོན་མེད། བན་དེ་ཚོའི་སྔར་གཅིག་ད་གཉིས་བོན་པོ་ལ་སྡང་སེམས་མ་སྐྱེས་བསམ་པ་མེད། ད་དུང་བན་དེའི་བླ་མ་དེ་ཚོ་བསྟན་འཛིན་གྱི་སྐྱེས་བུ་ཡིན་མདོག་ཧ་ཧ་ཁྱེད་རང་ཚོ་ངོ་སྤག་འཐུག་པོ་ཅི་འདྲ་རེད་བསྟན་འཛིན་གྱི་སྐྱེས་བུ་ཕར་ཞོག་བསྟན་གཤིག་དངོས་ཆགས་པའི་ཉེན་ཁ་འདུག་ཨ།   ཁྱེད་རང་ཚོའི་འཆད་ཁྲིད་དང་དབང་བསྐུར་གང་བྱེད་ཀྱང་དང་པོ་མཐུན་སྒྲིལ་དང་མཐུན་སྒྲིལ་མང་པོ་ཞིག་གསུང་མཇུག་ཏུ་བོན་པོ་ནང་པ་མ་རེད་ཟེར་བའི་ཚིག་གཅིག་ཚངས་མ་གིས་བརྗོད་སྲོལ་འདུག།    དེ་བརྗོད་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་ལན་ཁྱེར་ཤོགད་དུང་ཚུལ་བློས་ཤྭཀྱ་ཐུབ་པའི་ཆོས་ལ་སྐྱབས་སུ་མ་སོང་ན་ཁྱེད་རང་ཚོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་གི་མི་འདུག་གསུང་པ་རེད་ཧ་ཧ་ཚུལ་བློ་ལགས་ཁྱེད་རང་དེ་འདྲ་དགའ་ཧོ་ཞིག་འདུག། ཕྱོགས་གཅིག་ནས་མཚོན་ན་ཚུལ་བློ་ཁྱེད་རང་མཁན་པོ་མིང་ཆེན་ཞིག་བསྡུས་གྲྭའི་རིག་ལམ་ཉིན་གཅིག་ལ་སྦྱང་མ་མྱོང་བའི་རྟགས་འདྲ་བོ་ཞིག་འདུག    གཉིས་ནས་མཚོན་ན་ཁྱོད་ཀྱིས་གསུང་ཚུལ་ལྟར་ན།  དཔེར་ན་བོད་པ་ཚང་མས་རྩམ་ལྡག་ཟ་གི་མ་རེད་མི་ཟ་ཏེ།  ང་རང་གི་ཨ་མའི་རྩམ་ལྡག་བོད་པ་ཚང་མས་མི་ཟ་བའི་ཕྱིར་བཤད་པ་དང་འདྲ་འདུག།   དཔེར་ན་སྔ་རབས་བོད་ཀྱི་གཏམ་དཔེ་ལས།   ཤ་མ་ཟ་ཟེར་མཁན་བླ་མ་ཡིན།  ཤ་ཡག་པོ་ཟ་མཁན་བླ་མ་ཟེར་བའི་དཔེ་ལྟ་བུ་དེ་འདྲ་མ་གསུངས།  སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ལ་ཐེག་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཡོད་པ་དང་། རྣམ་མཁྱེན་གྱི་གོ་འཕང་ཐོབ་རྒྱུ་ཡོད་པ། བོན་པོ་ཚོའིབཀའ་རྟགས་ཕྱག་བརྒྱའི་མདོ་བཞི་ཁས་ལེན་པ།  ཁྱེད་རང་ཚོའི་ཤེས་ཤེས་གསལ་གསལ་ཡིན་ཡང་ད་དུང་ཚུལ་ཁྲིམས་བློ་གྲོས་གཙོར་བྱས་པའི་མཁས་པ་འགའ་ཡིས་མིག་བཙན་བཙུམ་བྱས་ནས་བོན་པོ་ནང་པ་མ་རེད་ཟེར་བཞིན་འདུག།     ཕོ་རང་གིས་བལྟས་ན་དེ་ལྟར་སྨྲ་མི་རུང་སྙམས་བྱུང་། གཡུང་དྲུང་བོན་གྱི་ཡིག་ཆ་བྱང་ཆུབ་བསྒྲུབ་ཐབས་ལམ་རིམ་སུམ་བརྒྱ་པ་ལས།    

བདག་སྟོད་གཞན་སྨད་དེ་ཡི་དོན་མི་འགྲུབ།    གང་ཞུགས་གཞུང་བཞིན་སྤྱོད་ན་འདོད་པ་འགྲུབ།   གཞན་གྱི་བསམ་དོན་བླང་ན་དེ་སྐྱོན་ལ།    སུན་འབྱིན་རིག་པ་ཕྱོགས་སུ་སྨོད་པ་བླུན།   ལེགས་པར་བཤད་མཐོང་ཉོན་མོངས་དབང་སྨོད་པ།  ཤིན་དུ་བླུན་ཏེ་ངན་སོང་གནས་སུ་ལྟུང།  ཞེས་གསུངས་པ་དེའི་ཚིག་ལ་གོ་བ་དང་དོན་ལ་དཔྱད་པ་ཞིག་རྒྱབ་རོགས།    ད་དུང་སུམ་བརྒྱ་པ་ལས་བློ་གཟུ་བོར་གནས་པའི་ཤེས་ལྡན་རྣམས་ཀྱིས་ཐེག་པ་ཆེན་པོའི་བོན་ལ་སྨོད་པ་སྤང་ཞེས་གསུང་སོ།  ཁྱེད་རང་གིས་འདིའི་ལུང་འདི་ཁས་མ་བླང་ན།   ཁྱེད་ཚོ་ལ་དེ་ལྟ་བུའི་ལུང་ཡོད་ན་ཕལ་ཆེར་ཆོག། གཞན་ལྟ་ལ་སྡང་རུང་མི་རུང་ཞིབ་མོར་དཔྱོད    ད་དུང་སུམ་བརྒྱ་པ་ལས།    གྲུབ་ཆེན་འབེ་རོ་ཙྭ་ནས།  བོན་ཆོས་འཇིག་རྟེན་ཉི་མ་ཟླ་བ་བཞིན།   གཉིས་ཀ་དར་བས་བདག་གི་སྨོན་ལམ་མཐུས།  མཐའ་རུ་གཉིས་ཀ་མི་ནུབ་དར་བར་སྨོན།   སྤྲུལ་པའི་སྐུ་ཡི་སྤེལ་བ་སྨོས་ཅི་དགོས།  ཞེས་གསུངས་སོ།

ཡ་ཚུལ་བློ་ལགས་གོང་དུ་ཞུས་པ་བཞིན་ཚུལ་བློ་ཁྱེད་རང་གི་བསྡུས་གྲྭའི་རིག་ལམ་ཉིན་གཅིག་ལ་སྦྱང་མ་མྱོང་ན་ཁྱེད་རང་ཐུགས་ཁག་མེད་སྦྱང་མྱོང་ཡོད་ན་ང་རང་གིས་ཁྱོད་ལ་ཁྱབ་འགྲིགས་ཀྱིས་རྟགས་བསལ་གཅིག་ཕུལ་ན།    ཁྱེད་རང་གིས་བོན་པོའི་ཆོས་དེ་ནང་པ་སངས་རྒྱས་པའི་ཆོས་མ་ཡིན་ནང་པ་སངས་རྒྱས་པའི་ཆོས་ཡིན་ན་ཤྭཀྱ་ཐུབ་པའི་ཆོས་ཡིན་དགོས་ཟེར་ནས་ཁྱེད་རང་གིས་བོན་པོ་ནང་པ་སངས་རྒྱས་པ་མ་ཡིན་པ་བསྒྲུབ་འདུག།  ཁྱེད་རང་ལ་རྒྱུ་མཚན་ནི་ཤྭཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་བའི་རྒྱུ་མཚན་མ་གཏོག་གཞན་གང་ཡང་ི་འདུག  དེ་ལྟར་ཡིན་ན།  གསེར་རྟ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཁྱེད་རང་བོན་ཅན།  ནང་པ་སངས་རྒྱས་པ་མ་ཡིན་པ་ཐལ།    མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་པའི་གྲུབ་མཐར་ཞུགས་པའི་གང་ཟག་མ་ཡིན་པའི་ཕྱིར།  མ་ཡིན་ཏེ་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་བའི་ཕྱིར། མི་འགྲོ་སྟེ། སྟོན་པ་གཤེན་རབ་མི་བོའི་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་བའི་ཕྱིར།  ཁྱབ་པ་འགྲིགས་གྲོགས་པོ།    ཡང་ན་ཤྭཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་མ་སོང་ན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་བའི་མ་ཁྱབ་བ་ཐལ། འདོད་ན། ཁྱོད་ཀྱི་རྩ་བའི་དམ་བཅའ་ཚཚཚཚཚཚཚཚཚ། ཡང་ན་ནང་པ་སངས་རྒྱས་པའི་ཆོས་ཡིན་ན་སྟོན་པ་ཤྭཀྱ་ཐུབ་པའི་ཆོས་ཡིན་དགོས་ན་རྙིང་མ་བའི་རྫོགས་ཆེན་བོན་ཅན།     ནང་པའི་ཆོས་མ་ཡིན་པ་ཐལ།   སྟོན་པ་ཤྭཀྱ་ཐུབ་པའི་ཆོས་མ་ཡིན་པའི་ཕྱིར།   མ་ཡིན་པ་ཐལ། སྟོན་པ་ཤྭཀྱ་ཐུབ་པའི་རྫོགས་ཆེན་མེད་པའི་ཕྱིར།  ཁྱབ་ཏེ། ཁྱོད་ཀྱི་རྫོགས་ཆེན་མེད་ན་དེས་རྫོགས་ཆེན་དེ་ཁྱོད་ཀྱི་ཆོས་མ་ཡིན་དགོས་པ་ཅི་བཤད། །  དེ་ནང་པའི་ཆོས་མ་ཡིན་ན་ཁྱེད་རང་གིས་དེ་ནང་པའི་ཆོས་མ་ཡིན་བཞིན་དུ་དེ་ལ་སྐྱབས་སུ་སོང་བར་ཐལ་ལོ།               ཚུལ་བློ་ལགས་མ་འོངས་པ་ལ་ཁྱེད་ཀྱི་བསམ་ཞིག་ཞིག་བྱེད་རོགས།   དེ་སྔོན་ང་ཡིས་ཁྱེད་རང་དྲང་བརྗོད་ཀྱི་བླ་མ།  བྱམས་བརྩེ་ཡི་བདག་པོ།  གདུལ་བྱ་ཡི་ལམ་སྟོན།   རིས་མེད་ཀྱི་བསྟན་འཛིན་ཞིག་ཡིན་པར་ངོས་འཛིན་ཡོད།   ད་ལྟ་དེ་ལྟར་མི་འདུག།   ཁྱེད་རང་གིས་དེ་ལྟར་གསུངས་ན་ཡིད་སྐྱོ་པོ་འདུག་ཨ་ཁ་ཁ་ཁ།།

 

 

 

 

 

 
 
Re:རྟགས་གསལ་ཚ་དགུ་མ།
[ 2012/7/1 21:22:24 | By: སྐུ་མགྲོན་v0QDt2(སྐུ་མགྲོན) ]
 
སྐུ་མགྲོན་v0QDt2(སྐུ་མགྲོན)ལེགས་སོ་ལེགས་སོ་ཤིན་ཏུ་ལེགས།།
མཛེས་སོ་མཛེས་སོ་སྤྱན་སྔར་མཛེས།།
ཡག་གོ་ཡག་གོ་བརྗོད་དོན་ཡག།
སྙན་ནོ་སྙན་ནོ་རྣ་ལམ་སྙན།།
དགའ་འོ་དགའ་འོ་ངའི་སེམས་དགའ།།
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
ལེགས་སོ་ཕེབས་པར་ཤིན་དུ་ལེགས།
 
 
Re:རྟགས་གསལ་ཚ་དགུ་མ།
[ 2012/6/18 7:10:48 | By: སྐུ་མགྲོན་sxo0RE(སྐུ་མགྲོན) ]
 
སྐུ་མགྲོན་sxo0RE(སྐུ་མགྲོན)སེམས་སྡུག་པའི་སྐད་ཆ་ཙམ་ཡིན་ན་མ་གཏོགས། རྟགས་གསལ་དེར་དྲོ་བ་ཅུང་ཙམ་མི་འདུག མཁས་པ་དེ་ཚོར་འདི་ལྟར་གླེང་ཕོད་པ་སྤོབས་པ་ཆེ། གཞན་ཕན་ནས།
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
གཞན་ཕན་ལགས་ཕེབས་པར་དགའ་སུ་ཞུ། མིང་དོན་མཚུངས་པའི་གཞན་ཕན་ཡིན་ན་དྲོ་བ་ཡོད་པའི་རྟགས་གསལ་བསྣམས་ནས་ཕེབས་ཤོག།
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
 
 
Re:རྟགས་གསལ་ཚ་དགུ་མ།
[ 2012/6/17 20:58:24 | By: སྐུ་མགྲོན་pULw50(སྐུ་མགྲོན) ]
 
སྐུ་མགྲོན་pULw50(སྐུ་མགྲོན)དཔྱད་གཏམ་ཡག་པོ་གཅིག་སྤེལ་འདུག མི་ཁ་ཤས་བཟོ་ལྟ་བཟོས་འདུག་ཨ ད་ཙས་བྲིས།།
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
གླིང་གཅིག་གིས་གྲོགས་པོ་ད་ཙ་ཕེབས་པར་དགའ་སུ་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.