ཉིན་གཅིག་གི་ཚོར་སྣང་། སྲོ་ལོ་དཀར་པོ།
མཚམས་སྤྲིན་གསར་པའི་ལང་ཚོའི་འོག་ཏུ་མགོ་ཟླུམ་ངུར་སྨྲིག་སྤུད་པས་བརྒྱན། །
ཚེ་སྔོན་ལས་ཀྱི་འབྲེལ་བ་ཟབ་པའི་འབྲེལ་འདྲིས་ཆེ་བའི་མཆེད་གྲོགས་ལྷན། །
ཁ་དོག་དཀར་དམར་དབུ་ནས་བཟུང་སྟེ་ད་ལྟ་ཕར་ཕྱིན་འཛིན་གྲྭའི་བར། །
བཅུ་ཕྲག་རིག་གནས་གསན་སྦྱོང་བྱས་པའི་དགེ་སློབ་འདུ་འཛོམས་སྐལ་པ་བཟང་། །
འཆད་རྩོད་རྩོམ་ལ་ངོམས་པ་མེད་པའི་བརྩོན་འགྲུས་ཟབ་མོའི་རྒྱུན་སྐྱོང་ནས། །
མདོ་སྔགས་རྫོཌ་གསུམ་རིག་གནས་ཀུན་ལ་མཁྱེན་རྩལ་ཡངས་པའི་ཁ་གཡང་སྨོན། །
ཆུ་སྐྱེས་གཞོན་ནུ་གཉིད་ལས་བསླངས་ནས་དགའ་ཚལ་གླིང་ལ་བཞེངས་འགོ་བཙུགས། །
ལྡུམ་རའི་གླིང་ལ་ཁུ་བྱུག་སྔོན་མོའི་མགྲིན་གླུ་ཨ་རྒྱང་སྒྲོག་རན་གདའ། །
རྟ་ཕོ་རྒྱུག་ཞོར་མེ་ཏོག་འཐུ་ཞོར་གནའ་རབས་རྒན་པོའི་གཏམ་དཔེ་བཞིན། །
མགྲིན་གླུ་ཉན་ཞོར་འཆད་རྩོད་བྱེད་ཞོར་སྟེང་དགོན་བཤད་གྲྭའི་གཟི་ཉམས་ཕྱུག །
རིག་ལམ་རྟ་མཆོག་ལྕག་གིས་བསྐུལ་ནས་རྟགས་བསལ་གནམ་ལྕཌ་ཐོག་བས་རྣོ། །
རྐང་དྲུག་རྩི་ལ་སྤུངས་བཞིན་བྱས་ཀྱང་མི་འགྱུར་དམ་བཅའ་ལྕགས་ལས་སྲ། །
དེ་ཉིན་ཕྱི་དྲོར་སྤྱི་ཁྱབ་དབུ་འཛིན་བཀོད་འདོམ་འོག་ཏུ་བཤད་གྲྭའི་འགན་འཛིན་བརྗེ་ལེན་བྱས། །
དེ་ཡི་ཕྱི་ཉིན་འཁོར་དུས་དགུ་ཐོག་འཕྲུལ་རྟའི་སྲབ་དེ་བྱང་གཞུང་ཕྱོགས་ལ་ཁ་ཡར་གྱུ། །
ཚེ་དབང་ལྷ་མོའི་མགྲིན་གླུ་ཨ་རྒྱང་རྣ་བར་བསྲིང་ནས་རང་བྱུང་སྨན་ཁྲུས་མདུན་དུ་སླེབས། །
འབྲས་བཟང་ལོ་ཏོག་དཀར་དམར་སྣ་ཚོཌ་ཅི་དགར་བརྩེགས་ནས་འཛུམ་མོའི་རྩེད་འཇོ་ལ་རོལ་ནས།
རང་བྱུང་རྩི་བཅུད་གསར་པའི་ཞིམ་མངར་དེ་རིང་འདྲ་བ་ཡང་ཡང་བཏུང་བའི་སྐལ་བཟང་ཞིག །
ཨ་རྫད་ནམ་ཡང་འདི་འདྲ་ཡོད་ན་མཆེད་གྲོཌ་འུ་ཚོ་དགའ་བའི་སྤྲོ་དབྱངས་ཅིས་མི་འགུག །
བསམ་བཞིན་བསམ་ན་ཨ་ཙི་ཕྱི་དྲོ་བཤད་གྲྭ་དེ་ཚོ་ཕལ་ཆེར་རྫོང་དུ་ཕེབས་ཡོད་སྙམ།
ཨ་ཙི་དེ་འདྲ་ཡིན་ན་ཉི་མ་གཅིག་གི་དགའ་བའི་སྤྲོ་དབྱངས་སྐད་གཅིག་གཅིག་ལ་སྡུག་བསྒྱུར་འདུག། །
བསམ་བཞིན་བསམ་བཞིན་དུས་རབས་གསར་པའི་སྦག་རྟ་ཞོན་ནས་སྟེང་ཆེན་རྫོང་དུ་མར་སོང་རྗེས། །
སེམས་ཀྱིས་མ་བཟོད་རྫོང་ལམ་དཀྱིལ་དུ་སྦག་རྟ་ཞོན་ནས་ཡར་མར་བལྟ་སྐོར་འགའ་བྱས་ཀྱང་། །
ཨ་ཙི་ཨ་ཙི་གྲྭ་པ་མང་པོ་ཡོད་ན་བསམ་བྱུང་རེ་གཉིས་མ་གཏོགས་མི་འདུག་ཧ། །
ཨ་ཙི་ཨ་ཙི་དེ་འདྲ་ཡིན་ན་དེ་རིང་དགའ་ཞིག་བྱིས་པའི་དུས་ནས་བྱུང་མ་མྱོང་། །
དགའ་བའི་ཐལ་མོ་བརྡེབ་བཞིན་བརྡེབ་བཞིན་ང་ཚོ་ཚང་མ་དྭངས་གཙང་ཇ་ཁང་ནང་དུ་ཕེབས། །
དགའ་བའི་རྒྱང་གླུ་ལེན་བཞིན་ལེན་བཞིན་ང་ཚོ་ཚང་མ་རང་བྱུང་རྩི་བཅུད་འཐུང་འདི་སྐྱིད། །
དྭངས་གཙང་ཁང་དུ་དྲེ་བཙུན་སྦྱིན་པས་གྲོས་འགོ་བཟུང་ནས་དྲན་རྟེན་བསྐྲུན་པའི་གྲོས་མོལ་ཟབ། །
དེ་དང་དེ་བཞིན་གོང་མའི་བཀའ་ཡིས་དགོངས་ཁྲོལ་ཡོད་པའི་དགའ་སྟོན་འདི་ཡང་སྐལ་པ་བཟང་། །