ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གློ་བུར་སེམས་ཀྱིས་དྲན་པ་ཐོར་བུ། | 2013/6/3 16:43:00


གློ་བུར་སེམས་ཀྱིས་དྲན་པ་ཐོར་བུ།


                                འབྲོག་ཁ་མང།


དབང་ཕྱོགས་རི་རྩེའི་ཉི་ཟེར་འཛུམ་དམུལ་དམུལ།།
ལྷོ་བཞུད་སྤྲིན་དཀར་ཚོམ་བུ་སྙིང་རྗེ་རྗེ།།

བསིལ་རླུང་ལོངས་སུ་སྤྱོད་པའི་མི་བུ་དེས།།
རྒྱང་བཞུད་གྲོགས་ཀྱི་དྭངས་མ་དྲན་ལྷང་ལྷང།།

 


དྲན་པའི་དུངས་བ་ཁོག་ན་ལྗིད་རྡིག་རྡིག།།
སྐྱོ་བའི་དངན་པས་སེམས་པ་གསོད་ཤག་ཤག།།
ཁེར་རྐྱང་རྒྱང་ན་ལུས་པའི་མཉོམ་ཆུང་དེས།།
ཡུལ་གྱི་ཡབ་ཡུམ་གཉེན་ཉེ་དྲན་ལྷང་ལྷང།།



མུན་ཁུང་ཀློང་གི་མཚན་མོ་ཁུ་སིམ་སིམ།།
མཁའ་ལ་ཕག་པའི་ཟླ་འོད་ཞེ་ཐོགས་ཐོགས།།
བཅུ་དྲུག་ལང་ཚོ་རྫོགས་པའི་མདངས་ལྡན་མ།།
ཤ་གསེང་རུས་པའི་གཏིང་ནས་དྲན་ལྷང་ལྷང།།



འཁྱེར་བདེའི་ལག་འཕྲིན་སྐད་སྒྲ་སྙན་འཇེབ་འཇེབ།།

སྟབས་བདེའི་འཕྲིན་ཐུང་མིག་ལམ་གསལ་ཐིང་ཐིང།།
ཁ་ཞེ་ཡིད་སེམས་མཐུན་པའི་སྙིང་གཏམ་དག།།

ག་ལེར་སེམས་པར་འཛུལ་དུས་དྲོད་ཁོལ་ཁོལ།།

 

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.