ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཆང་འཐུངས་རོལ་བ། | 2013/5/23 14:49:00


ཆང་འཐུངས་རོལ་བ།

                             འབྲོག་ཁ་མང།

མུན་ཁུང་ཀློང་གི་བསམ་གཞིགས་ཁྲོད་དུ་རྒྱུན་གཏན་མིན་པའི་འུར་ཟིང་མཚར་པོ།།

གཡས་གཡོན་སྒང་འོག་ཉེ་ས་རྒྱང་རིང་ཀུན་ནས་ཐོས་པའི་འུར་ཟིང་མཚར་པོ།།

མཚམས་རེ་དགོད་ཅིང་ལན་རེ་ངུ་བའི་ལོ་ཆུང་བྱིས་པའི་རང་གཤིས་ཅན་པོ།།
སུན་གྱིས་བཀག་ཀྱང་བཙན་གྱིས་ཡོང་ནས་རྣ་ནས་འཛུལ་ཅིང་ཁོག་ན་ལྡང་སོང་།།

 

 

འུར་ཟིང་མཚར་པོས་སྐད་གསང་ཇེ་མཐོ་དགོད་སྒྲ་ངུ་སྒྲའི་སྔོན་འགྲོ་ཡིན་འདྲ།།
སྐད་ཅིག་དགོད་ཅིང་ཡུན་ཅིག་འཁྲབ་རྗེས་རྒྱུགས་རྒྱུགས་འདུར་འདུར་སོ་ནད་ན་འདྲ།།

མ་བྱེད་མི་འགྲིག་མི་བཟང་བསྙད་སོང་སྐད་མཐོ་ཇེ་མཐོ་འདུར་རྒྱུགས་ཇེ་འགྱོགས།།

འཁོར་བའི་འགྲོས་རེད་མི་གཞིའི་གཤིས་རེད་དེ་ལ་གདེང་འཇོག་འཕྱ་དམོད་མི་མཛའ།།


 

ཡ་ཆུང་མི་ཟུང་ཡང་ཡང་ཅེར་བས་ཨ་མཚར་དགུ་མཚར་སེམས་པར་འཛུལ་སོང་།།
རང་གིས་རང་ལ་འོ་བརྒྱལ་བྱིན་པའི་འགན་ཁག་དཀྲི་སའི་གནས་ཤིག་མ་རྙེད།།

དབྱངས་རྟ་རེ་འགའ་རྣ་བས་ཉན་ཞོར་སེམས་ཀྱི་སུན་སྣང་སངས་ཐབས་བྱས་ཡོད།།

དཔེ་དེབ་དག་གི་ནང་སྙིང་སློག་གིན་ཁོང་ཁྲོའི་མེ་ལྕེ་རྡུལ་དུ་བརླག་ཡོད།



ཚ་གདུང་རྔུལ་ཆུ་ཁྲོམ་ཁྲོམ་བཞུར་ཞིང་གནག་སྣུམ་སྐྲའི་རྩ་ཟ་འཕྲུག་ལངས་ཀྱང་།།
མཚན་ལྗོངས་རི་མོར་ཅིས་ཀྱང་ཉལ་དགོས་མལ་གོས་འཇམ་པོས་མགོ་མཇུག་གཏུམ་ཡོད།།

མ་འདོད་མ་དགའ་སེམས་ཁ་འཁྲུགས་ཀྱང་འདང་རེ་རྒྱག་གིན་སེམས་རེ་མནན་ཡོད།།

ལང་ཚོའི་ཐ་སྙད་འདི་རེད་སྙམ་པའི་སྨྲེང་གཞས་ཤིག་གིས་མཚན་མཐའ་བསྐྱལ་ཡོད།།



རེ་བའི་དྭངས་མ་སེམས་ཀྱི་རང་གདངས་ཉིན་མཚན་དུས་དྲུག་བཟི་ནས་འདུག་གོ །
བཟི་ཁ་བཙན་པོའི་དུག་ཆུ་ལྷན་དུ་ཕུགས་བསམ་ལ་རྒྱ་བོར་ནས་འདུག་གོ །
གང་ཡང་མ་བྱེད་ཅི་ཡང་མ་འཇོན་བསམ་གཞིགས་འགྲོགས་པའི་བུ་ཆུང་ང་ཡིས།།

མཚན་ལྗོངས་བསྲུང་བའི་འུག་པ་མཉམ་དུ་ཁེར་རྐྱང་མཚན་གཞས་འདི་ལྟར་བསླངས་ཡོད།།

                                                         ཁྱིམ་མཚེས་ཉལ་ཁང་མང་པོ་ཞིག་ཆང་འཐུངས་ལ་རོལ་བའི་དགོངས་མོ་དེར་བྲིས།

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.