གཡུང་དྲུང་བོན་ཕྲུག
སྤྱི་བསྒྲགས།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
རེ་སྐུལ། | 2012/5/10 0:16:00
4
རེ་སྐུལ།
དྲག་རླུང་ཁྲོད་ཀྱི་དྭངས་གཙང་གི་གངས་ཆུ།།
ཡབ་མེས་ཞིག་གི་ཚེ་སྲོག་གི་ལྷག་འཕྲོ།།
སེར་ཆེན་དང་ལུ་གུའི་མེ་ཏོག་འཛུམ་ཆུང་།།
འཇིག་རྟེན་ཞིག་གི་མཛེས་སྡུག་གི་དཔྱིད་དཔལ།།
ཕུ་ནུ་ཚོ། ཕུ་ནུ་ཚོ།
ཆུ་ལ་བཙོག་པོ་མ་བཟོ་བུ་ཕྲུག་སྐོམ།།
རི་ལ་རྐོ་སློག་མ་བྱེད་སྒོ་ཟོག་ཉམས།།
ཆོས་དང་རིག་གནས་ཀྱི་རིན་ཐང་འདི་ཡིས།།
དགེ་ལྡན་ལྗོངས་ཀྱི་མིང་བྱང་དེ་མཚོན་ཡོད།།
སྐད་དང་ཡི་གེ་ཟོལ་མེད་ཀྱི་ཁྱད་ཆོས།།
མི་རིགས་ཤིག་གི་ལྷག་བསམ་གྱི་ཉིང་ཁུ།།
ཕུ་ནུ་ཚོ། ཕུ་ནུ་ཚོ།
ཡབ་མེས་ལག་ཟུང་ལ་འཇུས་དང་བུ་ཆུང་།།
སྐད་ཡིག་སྲུང་སྐྱོབ་ལ་རེམ་དང་བུ་མོ།།
རྩོམ་པ་པོ།:བློ་གྲོས་རྒྱ་མཚོ། | བལྟ་ཀློག(254) | ལན་སློག(2) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།སྨོན་འདུན།
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།

