སང་ཕོད།
རང་གི་ཤེས་རིག་ཕྱི་མི་ཁག་ནས་བསླབ། །
དོན་གྱི་ཉམས་ལེན་ཚིག་གི་རུམ་དུ་ལུས། །
མེས་པོའི་ཤུལ་བཞག་བུ་ཚའི་ལག་ནས་བརླག །
འདི་བཞིན་འབྱུང་བ་རང་རེའི་བཞིན་ནས་འཕྱུར། །
ཕམ་པ།
ཕྲུ་གུའི་ཕམ་ཁ་སློབ་བརྩོན་དོར་བ་དང་། །
མཁས་པའི་ཕམ་ཁ་གཞན་ཕན་བསྐྱུར་བ་དང་། །
རྗེ་བོའི་ཕམ་ཁ་དམངས་དོན་མི་གཙོ་བ། །
འདི་གསུམ་དུས་རབས་གཅིག་གི་ཕམ་ཁ་ཡིན། །
བློ་འགྱོད།
གཞོན་དུས་ཡོན་ཏན་བསླབ་ལ་མི་བརྩོན་ཅིང་། །
དར་སྐབས་གཞན་ཕན་བསྒྲུབ་རྒྱུར་མི་གཙོ་བ། །
རྒས་དུས་བུ་ཚའི་མདུན་ལམ་མི་བསམ་པར། །
འདི་གསུམ་མི་ཚེ་གཅིག་གི་འགྱོད་གདུང་ཡིན། །