སྐྱེས་བུ་ཐ་མ།
སྤྱི་སྒེར་ཕན་པའི་བྱ་བཞག་མི་བསྒྲུབ་ཁར། །
ཤོ་བག་རྣམ་གཡེང་ཕྱོགས་སུ་དབུ་འཁོར་ནས། །
བཟའ་མི་བུ་ཕྲུག་ལྟོགས་ཤི་ཐེབས་ལ་ཁད། །
ཐ་ན་ཁྱིམ་རྒྱུ་རྣམས་ཀྱང་རིམ་བཞིན་འཕུང་། །
སྐྱེས་བུ་འབྲིང་།
སེམས་ཀྱིས་གཞིགས་ཏེ་ལུས་ཀྱིས་ངལ་རྩོལ་བྱེད། །
རང་ཉིད་ཚེ་མཇུག་སྐྱིད་པའི་གྲབས་ལ་འབད། །
མཆོད་སྦྱིན་མཁོ་སྤྱོད་རྫས་རྣམས་རིམ་བཞིན་འཚག །
བཟའ་མི་བུ་ཕྲུག་རང་འགའི་བདེ་སྐྱིད་བསྐྲུན། །
སྐྱེས་བུ་རབ།
ལེགས་ཉེས་བླངས་འདོར་འབྱེད་པའི་རྣམ་དཔྱོད་ལྡན། །
རྒྱུ་འབྲས་གཙོ་བསྲུང་མ་འོངས་བྱ་བཞག་བསྒྲུབ། །
གཞན་གཅེས་བསམ་ཤེས་བློ་ཡིས་རང་རྒྱུད་ཕྱུག །
རང་ཉིད་མི་དགོས་དམངས་ལ་ཕན་བདེ་བསྐྲུན། །
་་་་་་་་དགྲ་འདུལ་གཉེན་སྐྱོང་དང་འཁྱགས་ལྟོགས་ཀྱིས་མི་གནར་བའི་བྱ་བ་ཙམ་ནི་
དུད་འགྲོ་གཅན་གཟན་རྣམས་ཀྱིས་ལེགས་པར་གཟབ་ཤེས་ལ།
ཁ་བརྡ་འཕྲོད་པའི་མི་ཞིག་ཡུན་ཚུན་འགྲོ་བ་གཞན་ལ་བསམ་ཤེས་དང་སྤྱི་
དམངས་ཕན་པའི་བྱ་བཞག་སྣ་རེ་བསྒྲུབ་མ་ཐུབ་ན། མི་ཚེ་གཅིག་གི་བློ་འགྱོད་ཆེ་ཤོས་དེ་ཡིན།