གང་དྲན་གྱི་མི་བུའི་འཚོ་བ།།སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
བདག་གི་ཟིན་བྲིས་ནང་གི་བྲོ་བ།།
པར་མཛོད།
ངའི་པར་རིས་ཚང་མ།།
ཟིན་ཐོ་གསར་བ།
མྱོང་རྟོགས་ཀྱི་མི་ཡུལ།
དཔྱད་གཏམ་གསར་བ།
ཆོས་སྲིད་ཀྱི་དཔྱད་གཏམ།
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁ་བྱང་བྲིས་མེད | 2012/5/20 15:53:00

 

ལུས་པོ་གཞན་གྱི་ས་ལ་གནས་ཀྱང་སེམས་པ་ཕ་མའི་དྲུང་དུ་འཁོར།།

བྱ་སྒྲོ་རླུང་གིས་ཁྱེར་བ་ལྟ་བུའི་གཏད་མེད་འཚོ་བ་མྱི་ལ་བརྟེན།།

ཕུགས་འདུན་མེད་པའི་བྲེལ་འཚུབ་བར་ནས་མྱི་རྗེས་ཟིན་མ་ཟིན་ཙམ་གནས།།

ཕྱི་བསམ་མེད་པའི་རྣམ་རྟོག་བཙན་པོས་དབང་མེད་བྲན་ལ་བཀོལ་འདི་སྐྱོ།།

 

མལ་ས་གྲུ་བཞི་དབང་བ་ཙམ་ལས་མཐོན་པོའི་ཁྲི་སྟེང་སྣང་བ་འཆར།།

རིགས་དང་རུས་པའི་མིང་རྫིག་མེད་པའི་གྲྭ་རྐྱང་མི་ཡི་གྲལ་ཚུད་ཙམ།།

རྐང་འཁོར་འོག་ལ་ཞོན་རྒྱུ་མེད་ཀྱང་རླངས་འཁོར་ཆེ་ཆུང་བཟང་ངན་གླེང་།།

འབྱོར་ཅན་ཕྱུག་པོའི་གཅེས་ཕྲུག་མཐོང་ཚེ་འབྱོར་མེད་བུ་ང་ཡིད་རེ་སྐྱོ།།

 

རྟགས་བོན་གསལ་གསུམ་ངོས་མ་ཟིན་ཡང་རྟོག་གེའི་གྲལ་མཐར་སྣང་བ་མཐོ།།

བྱམས་དང་སྙིང་རྗེ་ཁ་ནས་བཤད་ཡང་ཁོང་ཁྲོའི་རྟགས་ངན་ངོ་ནས་དོད།།

ཚུལ་གོས་རྣམ་གསུམ་རྒྱབ་ཏུ་བགོས་ནས་ཚུལ་མེད་ཇ་ཁང་ཆང་ཁང་འགྲིམ།།

བསམ་རྒྱུ་མང་ལ་ཐོབ་རྒྱུ་ཉུང་བའི་དེང་དུས་གྲྭ་རྐྱང་ཚུལ་འདིར་སྐྱོ།།

 

འཚོགས་ཁྲལ་མ་སོད་ཆད་པ་མང་བའི་རང་མགོ་རང་གིས་འདེགས་མ་ཕོད།།

གློག་དྲ་སྣ་ཚོགས་ཞེ་ལ་འཆར་ནས་ཤེས་བྱ་རིག་གནས་རྩོན་མ་ནུས།།

བརྩོད་གྲར་ཞུགས་ནས་ལོ་གསུམ་སོང་ཡང་ཀ་བུམ་གཉིས་ལས་གཞན་མ་ཤེས།།

དགོན་ཟུར་ཕན་ཚུན་འཁྱར་འཁྱོག་ཙམ་ལས་མྱི་ཁ་ཆར་ལྟར་རིམ་གྱིས་བབས།།

 

དགའ་ཕྱོགས་བརྒྱ་ཡིས་བསྟོད་སྔགས་བྱས་ཀྱང་སློང་མོའི་འཚོ་བར་མ་རྟེན་ཙམ།།

གཞུང་ལུགས་བརྒྱ་ལ་བདར་ཤ་བཅད་ཀྱང་སྨྲས་ཚད་བདེན་ཁ་ཐོབ་མ་མྱོང་།

བཟོད་པའི་གོ་ཆ་བརྟན་དགོས་ཟེར་ཡང་རང་ཚུགས་རྣལ་མ་མི་ལ་ཤོར།།

མྱི་ལུས་ཐོས་ཀྱང་མྱི་གོ་ཕར་ཞོག་ལྭ་བ་ཞིག་གིས་ཉེས་ཅན་གྱུར།།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.