གང་དྲན་གྱི་མི་བུའི་འཚོ་བ།།སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
བདག་གི་ཟིན་བྲིས་ནང་གི་བྲོ་བ།།
པར་མཛོད།
ངའི་པར་རིས་ཚང་མ།།
ཟིན་ཐོ་གསར་བ།
མྱོང་རྟོགས་ཀྱི་མི་ཡུལ།
དཔྱད་གཏམ་གསར་བ།
ཆོས་སྲིད་ཀྱི་དཔྱད་གཏམ།
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དྲན་པའི་སྣང་བ།། | 2012/5/12 16:27:00

ཀ་བ་གཅིག་ཀྱང་མེད་པའི་དྲྭ་ཁང་གི་ནང་ན།།

ཁ་དོག་བྱེད་གཟུགས་ལེགས་པའི་བུ་མོ་ཁྱོས་གསན་ནས།།

ག་ལེར་རྟགས་དཔྱད་ཞིག་གིས་ཡུད་ཙམ་ལ་སྡོད་དང་།

ང་དང་ཁྱེད་གཉིས་སྒྲིགས་ན་ཆོག་ས་ཞིག་ཨེ་འདུག།།

 

ཅ་ཅོའི་རྙོག་གྲ་མང་པོ་ཁྱེད་རང་ལ་མི་འདུག།།

ཆ་ལུགས་ཞི་ཞིང་དུལ་བའི་མཛངས་མ་ཞིག་རེད་སྙམས།།

ཇ་མ་མེད་ནས་ལོ་མང་བསྡད་པ་ལ་བསམ་ནས།།

ཉ་ལྟར་ཉམ་ཆུང་ང་ལ་འཛུམ་བག་ཞིག་སྟོན་རོགས།།

 

ཏྰ་ལོའི་ལོ་མ་འདྲ་བའི་སྐྲ་ལོ་དེའི་འོག་ནས།།

ཐ་མའི་བུ་ཆུང་ང་ལ་མིག་ཟུང་གིས་བལྟས་ནས།།

ད་ལྟར་གང་ས་རྒྱུ་བའི་སྤྲང་ཕྲུག་ཞིག་མ་འདོད།།

ན་ཚོད་ཆུང་ཆུང་ཡིན་པས་འབྱོར་པ་ཞིག་བཙལ་ཆོག།།

 

པ་ཏྲའི་རི་མོ་འཁྱུག་འདྲའི་གྲོང་ཁྱེར་གྱི་ནང་ན།།

ཕ་མ་བགོ་ཡ་གནང་མཁན་ང་རང་ལ་མེད་པའི།།

བ་ཕྱུག་རྫི་བོ་ལྟ་བུ་ཁྱེད་ཉིད་རང་དེད་ཡོད།།

མ་སྐྱེས་ཨ་མ་ཁྱེད་ཀྱིས་ཐུགས་བསམ་ཞིག་གཞེས་དང་།

 

ཙ་རེ་འཛག་པའི་མིག་ཆུ་ང་རང་ལ་མེད་ཀྱང་།

ཚྭ་ཆུ་མཐུང་བ་ལྟ་བུ་སྐམ་ནད་ཀྱིས་གདུང་བས།།

ཛ་རེ་ཛོ་རེ་འདི་ལས་སྐྱེ་གཟུགས་ཞིག་མེད་ཀྱང་།

ཝ་ཞྭ་མིན་པ་གོན་ནས་མཛེས་བཟོ་ཞིག་བྱས་ཡོད།།

 

ཞྭ་རྒྱན་ལྷམ་གྱིས་བྱས་པའི་ངང་ཚུལ་ལས་མི་འདུག།།

ཟ་མ་མོ་ལུས་ཐོབ་པ་ཁྱེད་ཉིད་ཀྱིས་མ་འདོད།།

འ་འུར་ཀུ་ཅོ་མེད་པའི་ས་སྟོངས་ལ་འགྲོ་དང་།

ཡ་རབ་མཉོ་སྐྱོངས་བྱེད་ཞེས་ང་རང་གིས་ཁས་ལེན།།

 

རྭ་ལྟར་གྱོང་བའི་གཤིས་རྒྱུད་ཁྱེད་རང་ལ་མི་འདུག།།

ལ་ལས་མགོ་བོ་བསྐོར་འདྲ་ང་རང་གི་མི་བྱེད།།

ཤ་མདོག་མཛེས་པ་ཙམ་གྱིས་ཁེངས་པ་དེ་སྤངས་ནས།།

ས་སྟེང་མཉམ་འཛོམས་ཡོང་བའི་ལྐལ་བཟང་ཞིག་སྩོལ་རོགས།།

 

ཧ་ཧས་འཕྱ་སྨོད་བྱེད་སའི་ཡིག་ཆུང་ཞིག་མ་དྲན།།

ཨ་ཁུས་སྣ་ཚོགས་སྣང་བ་ཤོག་ངོ་ལ་བཀོད་ཡོད།།

ཧ་ཅང་ཐལ་འདུག་སྙམས་པའི་མི་གཟུགས་འགར་ཡོད་ན།

ཨ་མ་མ་གཏོགས་ངོ་མ་ཤེས་པ་དེ་ལེན་འདུག།།

 

 

 

Re:དྲན་པའི་སྣང་བ།། | 2012/5/12 20:27:52
སྐུ་མགྲོན་L52Skw(སྐུ་མགྲོན)གྲོགས་པོ་ལགས་སྐུ་ཁམས་བདེ་མོ་ཡིན་ནམ། ད་ལྟ་གང་ན་ཡོད། ཁྱེད་ཀྱིས་ཟིན་ཐོ་སྤེལ་བར་དགའ་བསུ་དང་བཅས། མ་མཇལ་ཡུན་རིང་སོང་བས་ཉེ་ཆར་གྱི་གནས་འཕྲིན་བསྐུར་རོགས་ཞུ། །བོན་སྨྱུག་གིས།༢༠༡༢། ༥།༡༢ཉིན།
རྩོམ་པ་པོ།:སྐུ་མགྲོན་L52Skw(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.