གང་དྲན་གྱི་མི་བུའི་འཚོ་བ།།སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
བདག་གི་ཟིན་བྲིས་ནང་གི་བྲོ་བ།།
པར་མཛོད།
ངའི་པར་རིས་ཚང་མ།།
ཟིན་ཐོ་གསར་བ།
མྱོང་རྟོགས་ཀྱི་མི་ཡུལ།
དཔྱད་གཏམ་གསར་བ།
ཆོས་སྲིད་ཀྱི་དཔྱད་གཏམ།
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཨ་ཁུའི་དེང་དུས།། | 2012/5/23 15:55:00

ཨ་མའི་བསླབ་བྱ་འདོར་བ་ང་རང་གིས་མ་ཕོད།།

ཨ་ཕའི་རེ་བ་སྟོངས་ཟད་དེ་བས་ཀྱང་མ་ཕོད།།

ཨ་ཁུར་བྱས་པའི་དམིགས་ཡུལ་བརྗེད་པ་ནི་མིན་ཀྱང་།།

ཨ་འཚར་མིན་པའི་ལས་འདི་རྨི་ལམ་མམ་ཅི་ཞིག།།

 

ཨ་ཁུ་ཆོས་རྒྱལ་འདུན་ནས་འབྱོར་ཅན་འགར་ཐར་རབ།།

ཨ་མཆོད་རྣམས་དང་འགྲིགས་མིན་ནོར་རྫས་ཀྱི་ཆེད་པར།།

ཨ་ནེ་རོགས་ལོ་ལོན་པ་སྒོར་མོ་ཡི་བཀའ་དྲིན།།

ཨ་རོགས་ཤོག་སྒོར་འདི་ལ་ལྷ་ཕྱག་ཞིག་འཚལ་འདོད།།

 

ཨ་མདོའི་ཡུལ་ནས་མཐོ་བ་སྒོར་མོ་ཡི་བཀའ་དྲིན།།

ཨ་ཁོད་ཡུལ་ནས་དམའ་བ་སྒོར་མོ་ཡི་ཉེས་པ།།

ཨ་དོན་སྐྱེ་མེད་སྒོམ་མཁན་སྒོར་མོ་ཡསི་བཀུགས་དུས།།

ཨ་འཇིགས་མིན་པ་ཕ་ཆེན་སྒོར་མོ་ཡི་བྲན་གཡོག།།

 

 

ཨ་རིའི་རྒྱལ་ཁམས་བསླེབས་པ་སྒོར་མོ་འདིས་རོགས་པ།།

ཨ་གསར་མེད་རབ་བཤད་ཡང་སྒོར་མོ་འདིས་གོས་ཀྱིས།།

ཨ་མ་མིན་པས་ང་ལ་གཟན་པོ་རེ་བྱེད་དུས།།

ཨ་སྡུག་དཀོན་མཆོག་བཞི་ཡིས་ཐུགས་རྗེ་ཡིས་གཟིགས་དམ།།

Re:ཨ་ཁུགའི་དེང་དུས།། | 2012/6/5 9:43:15
སྐུ་མགྲོན་Mqh6KX(སྐུ་མགྲོན)ཨ་ནེ་དེ་ཕ་ཡུལ་ག་ནས་རེད་ང་ལ་གཅིག་བཤད་རོགས། སྟེང་དགོན་ནས་གྲོགས་ཞིག་གི་ཕུལ།
གཤམ་དུ་langjia་ལགས་ཀྱིས་ལན་སློག་པ་ནི་
ཕ་ཡུལ་འཛམ་བུ་གླིང་ནས་རེད།།
རྩོམ་པ་པོ།:སྐུ་མགྲོན་Mqh6KX(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཨ་ཁུའི་དེང་དུས།། | 2012/6/5 10:38:40
སྐུ་མགྲོན་816Fwj(སྐུ་མགྲོན)ཐོག་མར་ཕ་མ་མ་འདོད་ས་མཐའ་ལ་འཁྱམས་ཏེ།
དེ་མཚམས་སྒྲུབ་གྲྭར་བསྡད་ཀྱང་རང་རྒྱུད་དེ་མ་ཐུལ།
བར་དུ་བཤད་གྲྭལ་ཞུགས་དུས་སྡུད་མཐར་དེ་མ་ཕྱིན།
མཐའ་མ་ཨ་ནའི་མཉམ་དུ་ཨ་མཆོད་ཞིག་བྱས་འདུག
ཧ་་་་ཧ་་་་་ཧཧཧཧཧ བདེན་པ་ནས་བྲིས།
གཤམ་དུ་langjia་ལགས་ཀྱིས་ལན་སློག་པ་ནི་
སྐྱ་སེར་གང་བྱེད་གཞན་ལག་མེད།།
རང་གི་འདུན་མ་ག་གཏད་ཡིན།།
ཆེན་པོའི་ཁ་ཤམ་ལབ་རྒྱུ་མེད།།
རང་རྒྱུས་ཀུན་ལ་ཡོད་པ་ཡིན།།
ཉལ་རྒྱུ་དང་ཁྲམ་པ་འཁྲབ་རྒྱུ་དགོན་པ་ནས་མ་སྦྱོང་ཡང་མི་ཆོག་གམ།།

མཁས་པ་མ་ཡིན་གོམ་པ་ཡིན།།
གང་ལ་གོམ་ན་དེ་ལ་མཁས།།

ཧི་ཧི ཚུལ་འཆོས་ཀྱི་གདང་འབག་གྱོན་ནས་སྒྱུ་མའི་ཟློས་གར་འཁྲབ་པ་ཧ་ཅང་བཟང་གི་ མུ་འཐུད་ནས་འཁྲོབ་དང་ཡང་བརྩེར་སོན་རྒྱུ་རེད་་གྲོགས་པོ་ལགས་ དྲྭ་བདག་སྙིང་སྟོབས་ནས།།
རྩོམ་པ་པོ།:སྐུ་མགྲོན་816Fwj(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཨ་ཁུའི་དེང་དུས།། | 2012/6/5 10:50:18
སྐུ་མགྲོན་816Fwj(སྐུ་མགྲོན)ལོ་ཡ་ཟུང་སྲུང་བའི་སྡོམ་པ་དེ།
དུས་དེང་སོང་ཨ་ནེའི་རྐུབ་ནང་ཤོར།
རུས་ཡང་ཡང་དྲུད་པའི་ཚུལ་འཆལ་ཁྱོད།
སྡེ་རྒྱུན་མེད་མགོ་བོ་བསྐོར་ཚོད་གྱིས།
ཉེན་མཐོང་ནས།
གཤམ་དུ་langjia་ལགས་ཀྱིས་ལན་སློག་པ་ནི་
མིང་དགོན་པ་ཟེར་བའི་ཁ་ཤམ་ཅན།།
དོན་ཟ་ཉལ་ཁོ་ནས་ཚེ་ཟད་མཁན།།
ལོ་ཡང་ཡང་བསྒོམ་པའི་སྒོམ་ཆེན་ལགས།།
དུས་དེང་སང་འུག་པ་མི་འདྲ་འདུག།།
དོན་གྲུབ་འབྲས་ཆེན་པོ་ལོན་ནས་འདུག།།
རང་སྐྱོན་རྣམས་མཐོང་བའི་ཆོས་པ་ཁྱོད།།
ཁྱོད་ད་རུང་་མེ་ལོང་བཙལ་དགོས་འདུག།
གཞན་སྐྱོན་རྣམས་བརྟགས་མཁན་སངས་རྒྱས་མིན།་
དུས་ད་རུང་དགོན་ནས་ལོ་འགར་ཉོལ།།
ནུབ་ཆང་ཁང་མགྲིན་པ་ཆད་མ་འཇུག།།
དེའི་འཚམས་ནས་མིང་ཆེན་འབོད་རེན་འདུག།།
ཧི་ཧི་ བདེན་པ་ཕེབས་པ་དགའ་བསུ་ཞུ་ ཡང་ཡང་སྒུག་ནས་ཡོད།།
རྩོམ་པ་པོ།:སྐུ་མགྲོན་816Fwj(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཨ་ཁུའི་དེང་དུས།། | 2012/6/6 16:38:37
སྐུ་མགྲོན་KOFq3U(སྐུ་མགྲོན)གྲོགས་མཆོག་གཡུང་དྲུང་རྣམ་རྒྱལ་ཁྱེད།
འབྲེལ་གཏུག་མ་ཐོབ་ལོ་ཕྱེད་སོང་།
ཁྱེད་ཀྱི་སྙན་རྩོམ་འདི་མཐོང་དུས།
ཐེ་ཚོམ་ཚོར་བས་སེམས་ལ་གདུང་།
ཡིན་མིན་ཚིག་ལེན་སྒུག་ནས་ཡོད།
ཡིན་གཅིག་མིན་གཉིས་ལན་ཚིག་ཤོག
ཤར་ངག་ནས།
གཤམ་དུ་langjia་ལགས་ཀྱིས་ལན་སློག་པ་ནི་
གྲོགས་ཡིད་ཆེས་ཅན་ལ་ཐེ་ཚོམ་མེད།།
གྲོགས་ཡིད་ཆེས་མེད་ན་ཐེ་ཚོམ་ཟོ།།
གྲོགས་མཆོག་གྱུར་ཡིན་མིན་ཡིད་ཆེས་ལེན།།
གྲོགས་སེམས་ཚབ་མ་ལོང་བཞུགས་ནས་སྡོད།།
རྩོམ་པ་པོ།:སྐུ་མགྲོན་KOFq3U(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.