བླ་རུ་ཚང་།

                                                                              ཨ་ཀུན་གསལ་ཟླ་བའི་ཟིན་བྲིས།

 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མ་རྩོད་ཅིག
[ 2011/12/30 2:27:00 | By: ཨ་ཀུན་གསལ་ཟླ་བ། ]
 

  • མ་རྩོད།

  • ཕ་ཡུལ་གངས་རིའི་ལྗོངས་ཀྱི།།
  • བོན་དང་བན་དེ་གཉིས་པོ།།
  • གྲུབ་མཐའ་བཟང་ངན་མ་རྩོད།།
  • རྒྱལ་བའི་བཀའ་དང་འགལ་འགྲོ།།
  •  
  • གངས་ཅན་སྟོད་སྨད་ཡུལ་གྱི།།
  • རོང་བ་འབྲོག་པ་གཉིས་པོ།།
  • རྩ་ཆུ་ལྷས་ར་མ་རྩོད།།
  • ཡ་རབས་ཁྲིམས་དང་འགལ་འགྲོ།།
  •  
  • དུས་རབས་སྔ་ཕྱིའི་མཚམས་ཀྱི།།
  • བོད་མི་རྒས་གཞོན་གཉིས་པོ།།
  • གསར་རྙིང་འགལ་འདུ་མ་རྩོད།།
  • ང་ཚོའི་ཁྱད་བོན་འཇིག་འགྲོ།།
  •  
  • འདི་དང་ཕྱི་མའི་བར་གྱི།།
  • དཔོན་དང་བླ་མ་གཉིས་པོ།།
  • རུས་རིགས་གོ་ས་མ་རྩོད།།
  • གཞན་གྱིས་མཐོང་ན་འཕྱར་འགྲོ།།
  •  
  • ཁྱིམ་དང་གོམ་ཁའི་བདག་མོ།།
  • ཨ་ཕྱི་ཨ་ཡེ་གཉིས་པོ།།
  • ཤེས་རིག་དོན་མེད་མ་རྩོད།།
  • བུ་ཚ་རྗེས་ལུས་རེད་འགྲོ།།
  •  
  • ཁྲོམ་དང་སློབ་གྲའི་ནང་གི།
  • སློབ་མ་དགེ་རྒན་གཉིས་པོ།།
  • རྒྱལ་སྐུག་བྱི་འཕྲོག་མ་རྩོད།།
  • མི་རིགས་རྒྱུད་འཛིན་ཆད་འགྲོ།།
  •  
  • མིང་དང་སྒོར་མོ་གཉེར་བའི།།
  • གླུ་བ་རྩོམ་པ་གཉིས་པོ།།
  • ནམ་ཡང་སྟོད་སྨད་མ་རྩོད།།
  • ཞི་བདེའི་མཐུན་སྒྲིལ་གནོད་འགྲོ།།
  •  
  •  

 
 
Re:མ་རྩོད་ཅིག
[ 2012/1/9 16:01:45 | By: khyung ]
 
khyungཨཱ །དེ་འདྲའི་ཁ་བརྡ་སྲོ་མོ་ཞིག་འདུག།
 
 
Re:མ་རྩོད་ཅིག
[ 2011/12/31 23:15:14 | By: jianzan ]
 
jianzanདྲ་གྲོགས་རྣམས་ཕེབས་པ་ལ་དགའ་བསུ་ཡོད།
 
 
Re:མ་རྩོད་ཅིག
[ 2011/12/30 22:17:08 | By: yongzhou ]
 
yongzhouརིག་དང་མི་རིག་མཐའ་ནས།།
གེགས་དང་གོལ་ས་མོད་པའི།།
མཐའ་བཞི་བོད་པའི་གཞིས་ཁྱིམ།།
རླུང་གིས་དེད་པའི་མཇའ་གཟུགས།།

ཡ་བྲང་གཡུ་འབྲུག་གིས།
གཤམ་དུ་ཨ་ཀུན་གསལ་ཟླ་བ།་ལགས་ཀྱིས་ལན་སློག་པ་ནི་
ཤ་དང་རུས་པ་འབྲེལ་བའི།།
ལས་དང་སྨོན་ལམ་གཅིག་པའི།།
བོད་མི་ས་ཡ་དྲུག་གི།།
སྡེ་བཞི་གཡུང་དྲུང་རང་འཁྱིལ།།
གཤམ་དུ་ཨ་ཀུན་གསལ་ཟླ་བ།་ལགས་ཀྱིས་ལན་སློག་པ་ནི་
 
 
Re:མ་རྩོད་ཅིག
[ 2011/12/30 17:00:42 | By: སྐུ་མགྲོན་8dt2WJ(སྐུ་མགྲོན) ]
 
སྐུ་མགྲོན་8dt2WJ(སྐུ་མགྲོན)གྲོགས་དམ་པ་སྣང་མཐའ་ཚང་ལ་བཀྲ་ཤིས་བདེ་ལེགས་ཞུ། ང་ཤར་བྱང་མཚོ་ཁའི་གྲོང་ཁྱེར་དུ་སློབ་གཉེར་བྱེད་བཞིན་ཡོད།ཨ་ཀུན་གསལ་ཟླ་བ་ནས།
 
 
Re:མ་རྩོད་ཅིག
[ 2011/12/30 16:02:04 | By: སྐུ་མགྲོན་qULx50(སྐུ་མགྲོན) ]
 
སྐུ་མགྲོན་qULx50(སྐུ་མགྲོན)ཟིན་གྲོགས་ལགས་ཁྱེད་ཀྱི་རྩོམ་ཡིག་རེ་རེ་རིན་ཐང་གིས་ཕྱུག་པའི་སྙན་ཚིག་ཏག་ཏག་རེད་འདུག། མུ་མཐུད་དུ་སྤེལ་འོང་བའི་རེ་བ་ཆེ།
གཉན་ཆེན་ཐང་ལྷའི་ཟིན་བདག་གཡུང་དྲུང་གཙུག་ཕུད་ནས།
 
 
Re:མ་རྩོད་ཅིག
[ 2011/12/30 15:32:42 | By: སྐུ་མགྲོན་027Iam(སྐུ་མགྲོན) ]
 
སྐུ་མགྲོན་027Iam(སྐུ་མགྲོན)ཡུན་རིང་དུ་མ་མཇལ་བའི་བོན་གྲོགས་དམ་པ་ཨ་ཀུན་གསལ་ཟླ་བ་ལགས་སྐུ་བདེ་མོ། ད་བར་གང་དུ་ཡོད། གྲོགས་ཀྱི་མཛད་ཕྲིན་དབྱར་གྱི་ཆུ་གཏེར་བཞིན་དུ་རྒྱས་པའི་སྨོན་འདུན་བཅས་རྒྱ་ནག་གི་རྒྱལ་ས་ཆེན་པོ་པེ་ཅང་ནས་སྣང་མཐའ་བསྟན་འཛིན་ཉི་མ་དེས།
 
 
Re:མ་རྩོད་ཅིག
[ 2011/12/30 13:55:56 | By: yxlz ]
 
yxlzགྲོགས་ཀུན་གསལ་ཟླ་བ་ལགས་ཧི་བོན་ཟིན་བྲིས་སུ་ཞུགས་པར་དངོས་ནས་བཀའ་དྲིན་ཞུ། ད་སྐབས་ཧི་བོན་ཟིན་བྲིས་ལ་གླེང་སློང་ཙམ་བྱས་ན་ཧི་བོན་ཟིན་བྲིས་ནི་རང་རྩོམ་མ་བཀོད་པའི་རྩོམ་ཡིག་ཁ་ཤས་ཤིག་གིས་བཟུང་བ་མ་གཏོགས་ཧི་བོན་ཟིན་བྲིས་ཉོག་ཏུ་འགྲོ་བཞིན་འདུག་པས་ཁྱེད་ཚོ་བྱོན་པ་དངོས་ནས་བཀའ་དྲིན་ཆེ། ཟིན་བྲིས་འདིའི་ཚེ་སྲོག་བོན་གྱིས་བཟུང་འདུག་ཅེ་ན་བོན་པོ་ཚོས་འབྲི་ཤེས་རུང་མ་ཤེས་རུང་སྦྱང་རྩོམ་དག་བཀོད་ནས་ཟིན་བྲིས་འདི་ཉོག་རུ་གྱུར། ངོ་མ་འདིའི་སྐོར་གྱི་དཔྱད་ཕྲན་ཞིག་འབྲི་ངེས་པར་འདུག བོན་ནག་ཚང་གིས་ཕུལ།
གཤམ་དུ་ཨ་ཀུན་གསལ་ཟླ་བ།་ལགས་ཀྱིས་ལན་སློག་པ་ནི་
གྲོགས་དམ་པ་བློ་རྩེ་མཆོག་ལགས་ཁྱེད་རྣམ་པ་ནི་རྩོམ་པ་པོ་རྒས་གྲས་སུ་ཡིན་པས་རྩོམ་རིག་ལ་བློ་ཁ་གསར་དུ་ཕྱོགས་བཞིན་པའི་ཟིན་བྲིས་པ་དག་ལ་ཡར་བསྐུལ་དང་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཡོད་པའི་སྒོ་ནས་སྐྱོན་བརྗོད་མཛུབ་བཙུག་བྱེད་པར་བཀའ་དྲིན་ཆེ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.