དྲི་བའི་གླིང་ཁ།།
༡ རྗེའི་ཚད་མ་ལས། རྟགས་ཤེས་འདོད་བོན་ཅན་ལ་ཇི་ལྟར་བཀོད་པ་བཞིན་དུ་ངེས་རུང་ ངམ་དངོས་སུ་ངེས་པ་དེ་ཕྱོགས་ཀྱི་བོན་གྱི་མཚན་ཉིད་དུ་གསུངས་ལ། བཟང་རྒྱལ་རྟགས་རིགས་ལས་རང་ཉིད་ཕྱོགས་བོན་ཅན་དུ་སོང་བའི་གང་ཟག་གིས་རང་ཉིད་ཤེས་འདོད་བོན་ཅན་སྐྱོན་མེད་ལ་ཇི་ལྟར་བཀོད་པ་བཞིན་དུ་ཡོད་པ་ཉིད་དུ་དངོས་སུ་ངེས་པ་དེ་ཕྱོགས་བོན་གྱི་མཚན་ཉིད་ཞེས་གསུངས་པས། དེ་གཉིས་དོན་ དག་གཅིག་ཐོག་ཏུ་འགྲེལ་ཚུལ་ཡོད་དམ་མེད།
༢ ཡང་སློབ་དཔོན་ཡོན་ཏན་རྒྱ་མཚོས་མཛད་པའི་རྟགས་ཀྱི་རིགས་པའི་རྣམ་བཞག་ལས། དུ་ལྡན་ལ་ལ་བོན་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པའི་རྟགས་དེའི་རྗེས་འགྲོའི་ཁྱབ་པ་སྒྲུབ་པའི་ཚེ། དུ་བ་ཡོད་ན་མེ་ཡོད་པའི་ཁྱབ་པའི་དོན་དེ། སྤྱིར་དུ་བ་ཡོད་ན་མེ་ཡོད་པའི་ཁྱབ་པའི་དོན་ནམ། གཞི་དེ་ན་དུ་བ་ཡོད་ན་མེ་ཡོད་པའི་ཁྱབ་པའི་ དོན་ཡིན།
༣ རྗེ་ཡི་ཚད་མ་ལས། །དེ་འོད་ལས་ནི་དེ་རྟོགས་བློ། །རྗེས་དཔག་མ་ཡིན་རྗེས་དཔག་དཀའ་ཞེས་གསུངས་འདུག་པས། ནོར་བུའི་འོད་རྟགས་སུ་བཀོད་ནས། ནོར་བུ་སྒྲུབ་བྱའི་བོན་དུ་བཟུང་བའི་གཏན་ཚིག་ཡང་དག་གཅིག་བཞག་སྟེ། གཞན་དུ་ཐོས་པའི་སྟོབས་ཀྱིས་སྤུ་རིས་ཟིན་པའི་མི་འགལ་ལོ་ཞེས་པའི་ལུང་དོན་དེ་དེ་ལ་འགྲེལ་ཚུལ་ཡོད་དམ་མེད། །
དྲྭ་གྲོགས་རྣམ་པ་ཚོ་རང་གི་ཤེས་རིག་ལ་ཡར་རྒྱས་དང་གཞན་ལ་ཕན་སེམས་ཀྱི་བསམ་བློས་ཀུན་ནས་སློང་སྟེ་ཁོ་བོའི་མཆད་རྭ་རུ་ཕེབས་ཤོག།
- ཟིན་ཐོ་གོང་མ།ང་བགྲོད་སའི་ལམ་བར་གྱི་འཕྲང་ཆུང་།
- ཟིན་ཐོ་འོག་མ།སྐྱིད་སྡུག་གི་ཚོར་སྣང་།
གནས་ལྟད་མོ་ཧ་ལས་དགོས་པ་ཞིག་འདུག།། གྱེར་སྨྱག་ནས།།
རིགས་སོགས་ཀྱི་ཡིག་ཆ་དཀའ་གནད་ཆེ་ས་ནས་དྲི་བ་བཀོད་པ་ཡག་པོ་
འདུག་། མི་མཐུད་ནས་དྲི་བ་བཀོད་རོག་གནང་། བཀྲ་ཤིས་བདེ་
ལེགས་། སྟོད་འགག་སྔོན་པོའི་འོག་གི་བོན་ཕྲུག་ནས་།
རྒན་ལགས་ཕེབས་པ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཆེ། ། དེ་རིང་ང་ཚོའི་འཛིན་གྲྭ་སྤྱི་ཡིས་ཚེ་དབང་བོད་ཡུལ་མ་ཡི་ཚོགས་འཁོར་འབུལ་བཞིན་ཡོད་པས་ཁོམ་པ་འདྲ་བྱུང་མ་སོང་། རྗེས་སུ་ཁྱེད་ཀྱིས་བྲིས་པ་སོགས་མཇལ་ནས་འདིའི་སྐོར་ལ་དཀའ་འདྲི་ཞུ་ཆོག་པ་གྱིས། སྦྱིན་པ་གཙུག་ཕུད་ནས་ཕུལ། །
ཁོ་བོའི་དཔྱད་མཆན་ལ་ཞིབ་བལྟས་གནང་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ། འདིར་ངེས་རུང་ཞེས་པ་ནི་ཐེ་ཚོམ་ཟ་བའི་རྒོལ་བ་ལ་གོ་ཡང་གོ་བའི་ཁྱབ་པ་མེད་དམ་སྙམ། ། མ་གཞི་ཐག་གདའ་ ག་ནས་ཆོད་བསམ་ཚུལ་ཙམ་ཡིན་རྒན་ལགས། །
རྗེས་སུ་མཇལ་ཆོག དྲེ་བཙུན་སྦྱིན་པ་འབོད་པ་དེས་རྫོང་ཐོག་ཏུ་བྲིས། །
༼དྲི་བ་གཉིས་པ་དེ་ལ་༽སྤྱིར་དུ་བ་ཡོད་ན་མེ་སྔོན་སོང་བའི་ཁྱབ་པའི་དོན་ཡིན་པར་འདོད། ༼དྲི་བ་གསུམ་པ་དེ་ལ་༽ནོར་འོད་རྟགས་སུ་བཀོད་ནས་ནོར་བུ་སྒྲུབ་བྱའི་བོན་དུ་བཟུང་བའི་རྟགས་ནི། རྒྱལ་བུ་ཀུན་འོད་ཀྱི་ཕོ་བྲང་ནང་བོན་ཅན། དེར་ནོར་བུ་ཡོད་དེ། ཕོ་བྲང་གི་སྒོ་སྟེང་ན་ནོར་འོད་ཡོད་པའི་ཕྱིར། ཞེས་སུ་བཀོད་པ་དེ་ཡིན། གཞན་དུ་མཐོང་བའི་སྟོབས་ཀྱིས་སྤུ་རིས་ཟིན་པས་མི་འགལ་ཞེས་གསུངས་པ་ལྟར། སྐབས་སུ་བབ་པའི་ཕྱི་རྒོལ་ཡང་དག་དེས་ནོར་བུ་དེའི་འོད་མ་ངེས་ཀྱང་དེ་སྔོན་ནོར་བུའི་འོད་མཐོང་མྱོང་བའི་བྱེད་པ་མ་ཉམས་པའི་སྟོབས་ཀྱིས་སྐབས་དེའི་འོད་མཐོང་མ་ཐག་ནས་ནོར་འོད་ངོ་ཤེས། ཤེས་མ་ཐག་ནས་འོ་འདིར་ནོར་བུ་ཡོད་ཟིག་བསམ་པའི་རྗེས་དཔག་ཚད་མ་སྐྱེས་པའི་དོན་ཡིན་པར་བསམ། འཐད་མིན་དཔྱོད་ཅིག །