ང་བགྲོད་སའི་ལམ་བར་གྱི་འཕྲང་ཆུང་།
ཞར་བྱུང་ཐལ་འགྱུར་གྱི་རྣམ་བཞག་ལས། མེ་སྟོབས་ཆེན་པོའི་དངོས་རྒྱུར་གྱུར་ཚ་ཞིང་སྲེགས་པའི་སྟོབས་ཆེན་པོའི་ཁྱབ་པ་ནོན་པའི་གཞི་འདིར་བོན་ཅན། དེས་ཁྱབ་པ་ནོན་པ་མ་ཡིན་པ་ཐལ། གྲང་རེག་དངོས་རྒྱུ་ནུས་པ་ཐོག་མེད་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་དེ་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱི་མཚན་གཞི་བཀོད་འདུག་ཀྱང་། ཁོ་བོའི་བསམ་ཚུལ་ལ། དེ་འདྲའི་ཐལ་འགྱུར་དེ་འབྲས་བུ་དང་འགལ་བའི་རྒྱུ་དམིགས་ པའི་ཐལ་འགྱུར་དུ་ཐལ་ཏེ། གྲང་རེག་དངོས་རྒྱུ་ནུས་པ་ཐོག་མེད་ཡོད་པའི་ཕྱིར་ཞེས་པ་རྟགས་སུ་ བཀོད་པའི་ཐལ་འགྱུར་ཡིན་ན། རྒྱུ་དམིགས་པའི་ཐལ་འགྱུར་ལས་གཞན་འཇོག་དཀའ་སྟེ། ཐལ་འགྱུར་གྱི་རང་བཞིན་ཁྱབ་བྱེད་རྒྱུ་འབྲས་སོགས་དམིགས་སྟངས་ལ། དཔེར་ན་མེ་སྟོབས་ཆེན་ པོའི་ཁྱབ་པ་ནོན་པའི་ཕྱིར་ཞེས་པ་ལྟར་བུ་རང་བཞིན་དམིགས་པ་དང་། ཙན་དན་གྱི་མེ་སྟོབས་ཆེན་ པོའི་ཁྱབ་པ་ནོན་པའི་ཕྱིར་ཞེས་པ་ལྟར་བུ་ཁྱབ་བྱ་དམིགས་པ་དང་། གྲང་རེག་དངོས་རྒྱུ་ནུས་པ་ ཐོག་མེད་ཡོད་པའི་ཕྱིར་ཞེས་པ་ལྟར་བུ་རྒྱུ་དམིགས་པ་དང་། དུ་བ་དྲག་འཕྱུར་བའི་ཁྱབ་པ་ནོན་ པའི་དངོས་པོ་ཡིན་པའི་ཕྱིར་ཞེས་ལྟར་བུ་འབྲས་བུ་དམིགས་པ་ལ་བཞག་ན། ཐལ་འགྱུར་གྱི་བཀོད་ སྟངས་དང་མཐུན་པར་སྙམ། དེ་ལྟར་ན་གོང་དུ་བཀོད་པའི་མཚན་གཞི་དེ་རྒྱུ་དམིགས་པའི་ཐལ་ འགྱུར་ལས་འོས་མེད་དོ། ཡིག་ནོར་མིན་པ་ཐག་གི་ཆོད་དེ། རང་ལུགས་ཀྱི་ཐལ་འགྱུར་ཕལ་ཆེ་བ་ ལ་དེ་ལྟར་གསུངས་འདུག་ལ། བློ་བཟང་ཆོས་གྲགས་ཀྱིས་བརྩམས་པའི་ཚད་པ་རིག་པའི་སྤྱི་དོན་ དང་གཞན་དེབ་མང་པོའི་ཐོག་ཏུ་འབྲས་བུ་དམིགས་པའི་ཐལ་འགྱུར་རུ་བཀོད་འདུག རྒྱུ་དམིགས་པའི་ཐལ་འགྱུར་རུ་སོང་ན་ལྡོག་པ་རང་རིགས་འཕེན་པའི་ཐལ་འགྱུར་དུ་འགྱུར་བས།
དེའི་ཐོག་ལ་དཔྱད་མཆན་ལྷུགས་པོར་བསྩལ་བའི་རེ་འབོད་ཞུ་བཞིན་ཡོད།།
- ཟིན་ཐོ་གོང་མ།ང་ཡིས་རླངས་འཁོར་གཏོང་པའི་སྐྱིད་སྡུག་འདྲེས་མ། །
- ཟིན་ཐོ་འོག་མ།དྲི་བའི་གླིང་ཁ།།
གཞན་རིགས་འཕེན་པའི་ཐལ་འགྱུར་ཡིན་ཡང་རུང་མིན་ཡང་རུང་།
རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱི་མཚན་གཞི་བཞག་པ་ཇི་ལྟར་འགྲེལ། ། རྩ་བའི་དྲི་བ་དེ་ཉིད་ཡིན། གྲོགས་པོ། །
བོན་སྨྱུག་གིས།