ཁ་རུབ་ཡོད་པའི་བོན་གྱི་རྡོ་འབུམ།
ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་ཁ་རུབ་ཤང་སྟེ་ཆབ་མདོ་ནས་མར་སྤྱི་ལེ་
དགུའི་གཡས་གཡོན་གྱི་མཚམ་དེར་དྲེལ་ལུང་ལུང་པ་
༼ལུང་པ་དེའི་བྲག་ངོས་སུ་སྲིད་རྒྱལ་དྲེལ་དམར་གྱི་རང་འབྱོན་ཡོད་པས༽ ཞེས་འབོད་པའི་དྲེལ་མདའ་རུ་གཡུང་དྲུང་བོན་བསྟན་ལ་
ལྷག་བསམ་དང་ཤ་ཞེན་ཆེ་བའི་ཁྱུང་པོ་སྟེང་ཆེན་ནས་ཡིན་པའི་
ལྷག་པ་དང་ཚྭ་རོང་དཔའ་ཤོད་ཀྱི་ཕུན་ཚོགས་བློ་གྲོས། རྣམ་རྒྱལ།
ཡེ་ཤེས།མཛོད་སྒང་གི་ཚེ་དཔག པདྨ་རྡོ་རྗེ་བཅས་༢༠༡༢ལོའི་༡༠པའི་
ཚེས་གཟའ་སྤེན་པའི་སྐར་མ་སྣལ་མ་འགྲུབ་སྦྱོར་ཉིན་གནས་དེར་
མཇལ་ཁར་ཕྱིན་པས་དེར་ཡོད་པའི་སྙིང་པོ་རྣམ་གསུམ་དང་
སྲིད་རྒྱལ་དྲེལ་དམར་གྱི་རང་བྱོན་ཡོད་པ་དང་
ད་དུང་སྒྲུབ་ཕུག་དང་སྐུ་འདྲ་སོགས་རང་བྱོན་གང་མང་འདུག་པས་
ཞིབ་འཇུག་པ་ཚོས་གནས་དེར་ཕེབས་པའི་གོ་སྐབས་རེ་ལྡན་ཚེ་རིན་ཐང་ལྡན་པའི་
དཔྱད་འབྲས་འགའ་འཚོལ་བསྡུ་བྱ་རྒྱུའི་ངེས་པ་ཡོད་པ་གདོན་མི་ཟ་ཅེས་
གཡུང་དྲུང་བོན་བསྟན་ལྷག་བསམ་དཀར་ཞིང་གཏོང་ཕོད་ཅན་གྱི་
སྦྱིན་བདག་ཆེན་མོ་ཚྭ་རོང་དཔའ་ཤོད་ཀྱི་ཕུན་ཚོགས་བློ་གྲོས་
ལགས་ཀྱི་རེ་འདུན་བཞིན་འདི་གར་འོས་སྦྱོར་བྱས་པ་ཡིན།
གསལ་བཤད། མ་གཞི་གོང་གི་པར་རིས་དག་རེ་རེ་བཞིན་འགོད་འཅར་ཡོད་རུང་གུས་པའི་ཟིན་བྲིས་ཀྱི་
བར་སྟོང་ཆུང་བས་ཚང་མ་འགོད་ཐུབ་མ་སོང་།གལ་སྲིད་མོས་པ་ཡོད་མཁན་ཚོས་གུས་པའི་
གླེང་མོལ་ཡིག་སྒམ་སྐད་ཞོག་དང་རེ་རེ་བཞིན་སྟོན་ཆོག །