སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བརྩེ་འཕྲིན་དུང་ཡིག་མ།      གླུ་ཚིག
[ 2011/6/4 17:27:00 | By: ལྷ་གཡག་དར་མ། ]
 

བརྩེ་འཕྲིན་དུང་ཡིག་མ། 

        བསྟན་འཛིན་ཡེ་ཤེས།  

ངའི་སེམས་ནང་གི་མེ་ཏོག་ལྷ་མཛེས། ། 

ཁྱོད་མ་མཇལ་ལོ་ཟླའི་རིང་ལ། །

ལུས་སེམས་ལ་ན་ནད་མེད་པར ། །

སྔར་བཞིན་དུ་བདེ་བར་གནས་སམ། །

 

ང་རང་ཉིད་སློབ་ལ་བྲེལ་ཞིང་། །

ཤེས་རིག་གི་བདུད་རྩི་འཐུང་བཞིན། །

དགེ་སློབ་ཚོའི་བྱམས་བརྩེའི་འོག་ལ། །

རིག་གཞུང་གི་ཐང་ནས་བགྲོད་ཡོད། །

 

ཁྱོད་ངེད་གཉིས་ཕན་ཚུན་བར་ལ། །

ལ་ལུང་པ་མང་པོས་ཆོད་ཀྱང་། །

འགྱུར་མེད་ཀྱི་དམ་བཅའ་བརྟན་པོ། །

རྡོ་བརྐོས་རི་མོ་བཞིན་གནས་ཡོད། ། 

 

སྔོན་བསགས་དང་ལས་དབང་ཞིག་གིས། །

བརྗེད་དཀའ་བའི་བརྩེ་གྲོགས་གྱུར་ཐལ། ། 

ཁྱོད་མ་འགྱུར་བྲག་རི་བཞིན་གནས་དང་། །

ང་མི་འགྱུར་ཐང་དཀར་བཞིན་ལོས་འཁོར། ། 

 

ངེད་གཉིས་ཀྱི་ལྷད་མེད་བརྩེ་དུང་། །

དུས་ནམ་ཡང་འགྱུར་བ་མེད་པར། །

བེད་སྐྱིད་ཀྱི་དགོད་སྒྲའི་ཁྲོད་ནས། །

མི་ཚེ་འདིར་མཐའ་འཁྱོངས་ཡོངས་ཤོག །

 

 
 
Re:བརྩེ་འཕྲིན་དུང་ཡིག་མ།      གླུ་ཚིག
[ 2011/6/20 12:45:34 | By: སྐུ་མགྲོན་vaq1Th(སྐུ་མགྲོན) ]
 
སྐུ་མགྲོན་vaq1Th(སྐུ་མགྲོན)ལྷག་གཡག་དར་མའི་ལྷས་ར་ནས་འཆེད་པའི་བརྩེ་འཕྲིན་འདིས་སུ་ཞིག་ལ་བརྩེ་བ་སྦྱིན་ཡོད།
 
 
Re:བརྩེ་འཕྲིན་དུང་ཡིག་མ།      གླུ་ཚིག
[ 2011/6/4 22:02:42 | By: danzengyixi ]
 
danzengyixiགོང་གི་དྲྭ་གྲོགས་ལགས་ཁོ་བོའི་ཟིན་བྲིས་སུ། །
ཕེབས་པར་ཀྱང་སྣེ་ལེན་ཟབ་རྒྱས་ཤིག་ཞུས་ཡོད། །
གོང་གི་བརྩེ་ཕྲིན་དེའི་མི་འདང་བའི་ས་དང་། །
སྐྱོན་ཆ་ཡང་མང་དག་ཞིག་ཡོད་ངེས་པས། །
ཐད་ཀ་རུ་གསུངས་རོགས་དེ་བས་ལེགས་སོ། །

 
 
Re:བརྩེ་འཕྲིན་དུང་ཡིག་མ།      གླུ་ཚིག
[ 2011/6/4 19:56:34 | By: crzb ]
 
crzbསྤུན་གྲོགས་ལགས་་་་་ཡག་ལེ་ཆིག་བྲིས་གདའ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.