ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔེ་སྐྲུན་ཞུས་པའི་དཔེ་དེབ་ཁག་གི་མཚན་བྱང་།
[ 2013/2/8 22:42:00 | By: བྲག་མགོ་ཚེ་དབང་། ]
 
གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔེ་སྐྲུན་ཞུས་པའི་
དཔེ་དེབ་ཁག་གི་མཚན་བྱང་།
ཨང༌།    དཔེ་དེབ་ཁག་གི་མཚན་བྱང༌།    མཛད་པ་པོ།
༡    ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག    འགྲོ་མགོན་བློ་གྲོས་རྒྱལ་མཚན།
༢    སྲིད་པའི་མཛོད་ཕུགས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་འགྲེལ་པ།    འགྲོ་མགོན་བློ་གྲོས་རྒྱལ་མཚན།
༣    གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན།    འགྲོ་མགོན་བློ་གྲོས་རྒྱལ་མཚན།
༤    བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་གསལ་བར་བྱེད་པའི་འཕྲུལ་གྱི་སྒྲོན་མེ།    མཉམ་མེད་ཤེས་རབ་རྒྱལ་མཚན།
༥    རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ།    ཀུན་མཁྱེན་ཉི་མ་བསྟན་འཛིན།
༦    སྲིད་པའི་མཛོད་ཕུགས་ཀྱི་གཞུང་དང་འགྲེལ་པ་འཕྲུལ་གྱི་སྒྲོན་མེ།    མཉམ་མེད་ཤེས་རབ་རྒྱལ་མཚན།
༧    ཐུན་མོང་སྡུད་གྲྭའི་རྣམ་བཤད་རིག་པའི་བློ་སྒོ་འབྱེད་པའི་ལྡེ་མིག་ཕས་རྒོལ་ལོག་ལྟ་འཇོམས་པའི་ཐོག་མདའ་གཤེན་བསྟན་པད་ཚལ་རྒྱས་པའི་ཉི་མ།     ཀུན་མཁྱེན་ཉི་མ་བསྟན་འཛིན།
༨    གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་ཀྱི་རྒྱུད་དང་འགྲེལ་པ་ཡིད་བཞིན་བཀོད་པའི་རྒྱན།    རྒྱུད་སྟོན་པ་ཀུན་ཏུ་བཟང་པོ། འགྲེལ་འགྲོ་མགོན་བློ་གྲོས།
༩    གངས་ཅན་བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས་དགོས་འབྱུང་ནོར་བུའི་གཏེར་ཆེན།    ཁྱུང་སྤྲུལ་རིན་པོ་ཆེ།
༡༠    ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་གཞུང་དང་རང་འགྲེལ།    མཉམ་མེད་ཤེས་རབ་རྒྱལ་མཚན།
༡༡    ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་པ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག    མཉམ་མེད་ཤེས་རབ་རྒྱལ་མཚན།
༡༢    བྱང་སེམས་གབ་པའི་འགྲེལ་པ་ཀུན་བཟང་གི་དགོངས་པ་གསལ་བྱེད་ཉི་མའི་དཀྱིལ་འཁོར་དང་ས་བཅད།    མཉམ་མེད་ཤེས་རབ་རྒྱལ་མཚན།
༡༣    ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་དང་འགྲེལ་མེ་ལོང་དགུ་སྐོར།     སྟོན་པ་གཤེན་ལྷ་འོད་དཀར། སྟོན་པ་གཤེན་རབ་མི་བོ།
༡༤    ཀུན་བཏུས་རིན་ཆེན་རྩ་རྒྱུད་ཀྱི་གཞུང་དང༌། འགྲེལ་བ་ཉི་ཟེར་དྲྭ་བ།     རྒྱུད་སྟོན་པ་ཀུན་ཏུ་བཟང་པོ།་འགྲེལ་མཛད་པ་པོ་དྲན་པ་སོཊ།
༡༥    གཙུག་ལག་རྩིས་ཀྱི་རིག་པ་ནག་རྩིས་སྣང་སྲིད་མེ་ལོང་དང། འབྲས་རྩིས་བདེན་དོན་སྙིང་པོ།    མཁས་གྲུབ་ལུང་རྟོགས་རྒྱ་མཚོ།
༡༦    ས་ལམ་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ་དང༌། ཐར་ལམ་གྱི་རིམ་པ་གསལ་བར་བྱེད་པའི་སྒྲོན་མེ།     མཉམ་མེད་ཤེས་རབ་རྒྱལ་མཚན།
༡༧    བཟོ་རིག་གསལ་བའི་རྒྱན།    ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ།
༡༨    ཁམས་བརྒྱད་གཏན་ལ་ཕབ་པ་ལས་སྡུད་པ་ཚིགས་སུ་བཅད་པ་བཀའ་དྲི་མ་མེད་པ་མན་ངག་གི་དོན།     མཉམ་མེད་ཤེས་རབ་རྒྱལ་མཚན།
༡༩    མེ་སྟོན་གྱི་དབུ་མའི་རང་འགྲེལ་དང༌། རྗེའི་དབུ་མའི་འགྲེལ་པ།     མེ་སྟོན་ཤེས་རབ་འོད་ཟེར།  མཉམ་མེད་ཤེས་རབ་རྒྱལ་མཚན།
༢༠    རྡུལ་ཚོན་དང་སྐུ་གདུང་ཐིག་རྩ་གཟུངས་གཞུག་བཅས་ཀྱི་ལག་ལེན།    མཉམ་མེད་ཤེས་རབ་རྒྱལ་མཚན། ཀུན་མཁྱེན་ཉི་མ་བསྟན་འཛིན།
༢༡    གསང་བ་སྔགས་ལམ་གྱི་འཇུག་ཆོག་དང༌། ཁྲོ་བོ་སྒྲུབ་ཐབས་གསང་བའི་དམ་ཚིག་བཅས།    འགྲོ་མགོན་བློ་གྲོས་རྒྱལ་མཚན། མཉམ་མེད་ཤེས་རབ་རྒྱལ་མཚན།
༢༢    རིག་ལམ་ནོར་བུའི་འཕྲེང་བ།    རྒྱལ་ཚབ་རིན་ཆེན་རྒྱལ་མཚན།
༢༣    བཀའ་དང་བཀའ་བརྟེན་གྱི་རྣམ་བཤད་དང་བྱམས་མའི་ཚིག་དོན་སྐྱབས་འགྲོའི་རྣམ་བཤད་སོགས།    ཀུན་མཁྱེན་ཉི་མ་བསྟན་འཛིན།
༢༤    འཇིག་རྟེན་སྣོད་བཅུད་ཀྱི་གནས་ལུགས་སིལ་བུར་བསྟན་པའི་འགྲེལ་པ།     བྲུ་སྟོན་རྒྱལ་བ་གཡུང་དྲུང༌།
༢༥    ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད།    བྲུ་སྟོན་རྒྱལ་བ་གཡུང་དྲུང༌།
༢༦    འདུལ་བ་གསང་ལུང་མ།    རྣམ་འདྲེན་སྟོན་པ་གཤེན་རབ།
༢༧    རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི།    སྟོན་པ་ཀུན་དུ་བཟང་པོ།
༢༨    ཡང་རྩེ་ཀློང་ཆེན་གྱི་འགྲེལ་པ་ཉི་ཟེར་སྒྲོན་མ། སྟོད་ཆ།༽    སྐྱབས་སྟོན་རིན་ཆེན་འོད་ཟེར།
༢༩    ཡང་རྩེ་ཀློང་ཆེན་གྱི་འགྲེལ་པ་ཉི་ཟེར་སྒྲོན་མ།  སྨད་ཆ།༽    སྐྱབས་སྟོན་རིན་ཆེན་འོད་ཟེར།
༣༠    རྫོགས་ཆེན་བསྒྲགས་པ་སྐོར་གསུམ།  སྟོད་ཆ།༽    སྟོན་པ་གཤེན་རབ་མི་བོ།
༣༡    རྫོགས་ཆེན་བསྒྲགས་པ་སྐོར་གསུམ།  སྨད་ཆ།༽    སྟོན་པ་གཤེན་རབ་མི་བོ།
༣༢    མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད།    བཟང་ཟ་རང་བཙུན།
༣༣    མཛོད་གནས་བཅུ་བདུན་གྱི་འགྲེལ་པ། སྟོད་ཆ།༽    མཁས་པ་མི་བཞི།
༣༤    མཛོད་གནས་བཅུ་བདུན་གྱི་འགྲེལ་པ། སྨད་ཆ།༽    མཁས་པ་མི་བཞི།
༣༥    གདན་ས་སྨན་རིའི་ལུགས་ཀྱི་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ཕྱོགས་དང་འབྲེལ་བའི་ཡིག་སྣ་ཁག།    ཀུན་མཁྱེན་ཉི་མ་བསྟན་འཛིན།
༣༦    མདོ་རྣམ་འགྲེལ་བར་ཏི་ཀ    སྟོན་པ་གཤེན་རབ་མི་བོ།
༣༧    འདུལ་བ་ཀུན་བཏུས་དང་མདོར་བསྡུས་ཀྱི་གཞུང་འགྲེལ་ཁག    མེ་སྟོན་ཤེས་རབ་འོད་ཟེར། མཉམ་མེད་ཤེས་རབ་རྒྱལ་མཚན།  སྐུ་མདུན་བསོད་ནམས་བློ་གྲོས།
 
 
Re:གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔེ་སྐྲུན་ཞུས་པའི་དཔེ་དེབ་ཁག་གི་མཚན་བྱང་།
[ 2013/4/23 8:21:14 | By: སྐུ་མགྲོན་230Ner(སྐུ་མགྲོན) ]
 
སྐུ་མགྲོན་230Ner(སྐུ་མགྲོན)ཚེ་དབང་ལགས། དཔེ་སྐྲུན་བྱས་ཟེར་བ་ལས་དཔེ་སྐྲུན་ཞུས་ཟེར་ན་འགྲིག་པར་མི་འཐད་དེ། ཁྱེད་ཀྱིས་བྱ་ལས་ཙམ་གྱི་ཁྱད་པར་ཡང་ཤེས་ཀི་མི་འདུག་སྙམ་པས་ཆེད་དུ་གསལ་བཤད་དུ་བྲིས་པ་ཡིན། མཚོ་སྔོན་པོའི་དྲ་གྲོགས་ཤིག་གིས།
 
 
Re:གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔེ་སྐྲུན་ཞུས་པའི་དཔེ་དེབ་ཁག་གི་མཚན་བྱང་།
[ 2013/2/10 0:38:53 | By: གཡུང་མིང་པས།(སྐུ་མགྲོན) ]
 
གཡུང་མིང་པས།(སྐུ་མགྲོན)བཀྲ་ཤིས་བདེ་ལེགས་ཞུ། གལ་ཆེ་བའི་དཔེ་དཀོན་རིགས་དང་ཉེ་བར་མཁོ་བའི་བོན་དཔེ་མང་པོ་དཔེ་བསྐྲུན་ཡག་པོ་གནང་འདུག་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁྱེད་རྣམས་ཀྱིས་མཛད་རྗེས་ལ་ཡི་རངས་ཞུ།
གུས་པ་གཡུང་མིང་པས།
 
 
Re:གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔེ་སྐྲུན་ཞུས་པའི་དཔེ་དེབ་ཁག་གི་མཚན་བྱང་།
[ 2013/2/9 18:58:15 | By: སྐུ་མགྲོན་L52Sk8(སྐུ་མགྲོན) ]
 
སྐུ་མགྲོན་L52Sk8(སྐུ་མགྲོན)བཀྲ་ཤིས་བདེ་ལེགས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.