འོད་གསལ་ལྷ་ལས་བབས་པའི་སྨན་ཤར་མ།
འཛམ་གླིང་གོ་ལ་ཡི་སྒང་ལ། །ལང་ཚོའི་མེ་ཏོག་ཅིག་བཞད་ཀྱང༌།།
བཙུན་པ་རྣམ་དག་ལ་མཚོན་ན།
།བཙན་དུག་ཧ་ལོ་ལས་མ་མཆིས།།#འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#
བསིལ་ཟེར་ཉ་གང་གི་ཟླ་བཞིན། །བཅུ་དྲུག་ལང་ཚོ་འདི་སྨིན་དུས།།
གསང་སྔཊ་རྣལ་འབྱོར་གྱི་ཉམས་ལ། །དགའ་བཞིའི་ཡེ་ཤེས་ཀྱི་ཞིང་ས།།
ཙ་རིའི་སྨྱུག་མ་ལས་མཉེན་པའི། །མཛེས་སྡུག་སྐྱེ་གཟུཊ་ཀྱི་ལྡེམ་ཆས།།
འདོད་ལྡན་བྲང་ཁར་གྱི་ཡིད་སྒང༌། །མ་ལྡིང་རང་གནས་ཤིག་མི་སྟེར།།
ཁུ་བྱུག་གསུང་སྐད་ལས་སྙན་པའི། །སྨན་ཤར་གླུ་ངག་གི་དབྱངས་རྟ།།
ཐོས་འཛིན་བུ་ག་ཡི་ལམ་དུ། །ཚངས་པའི་འགྱུར་ཁུག་ལས་ལྷག་པ།།
ཞལ་དཀྱིལ་ཡིད་འོང་གི་དུང༌ཟླས།
།མོ་བརྒྱ་སྙིང་རླུང་དེ་རྒྱས་ཀྱང༌།།
ལྷད་མེད་ཟེར་མིག་གི་མདའ་མོས།
།ཕོ་བརྒྱའི་སྙིང་དབུས་ན་གཟེར་སོང༌།།
ཐུཊ་གཤིས་བལ་དཀར་ལས་འཇམ་པ། །མཐོ་སྒང་སྤུ་རྒྱལ་གྱི་སྲས་མོ།།
སྤྱོད་བཟང་བག་ཕེབས་ཀྱི་རང་གཤིས། །འོད་གསལ་ལྷ་བབས་ཀྱི་སྨན་ཤར།།