ཁྱུང་པོའི་ཡུལ་སྐད་ཕྱོགས་བསྒྲིགས་ལས་དྲངས།
ལེའུ་དྲུག་པ།
བྱ་གཅན་རི་དྭགས་སོགས་ཀྱི་སྐོར།
ཁུ་དབྱུག ཁུ་བྱུག་སྟེ། འདི་ལ་བྱ་ཀུ་ཀུག་ཀྱང་ཟེར།
རྒོད། བྱ་རྒོད།
གོ་རིང་། གོ་བོ།
འཕྱིང་སྡེར་མ་འམ་གླག་སྡེར་མ། བྱ་གླག་སྟེ། འཕྱིང་ཡང་ཟེར།
ཨག་གླག ནེ་ལེ་དང་འདྲ་བའི་ཤ་གཟན་གྱི་བྱ་ཞིག
བྱ་ཧོ། ཁྱིམ་བྱ།
བྱ་མོ། ཁྱིམ་བྱ་མོ།
བྱ་གར་མ། བྱ་ཝང་།
ཟ་རུ་ཟིས་མོ། ཟེར་མོ།
སྐྱ་འ། སྐྱ་ཀ།
སྐྱུང་ཁ། སྐྱུང་ཀ།
མཁའ་ལྡིང་། སྐྱུང་ཀ་དང་འདྲ་བའི་བྱ་མཆུ་མདོག་སེར་པོ་ཅན་ཞིག
ཁ་ཧྲ། ཁྭ་ཏ།
ཕོ་རོག བྱ་རོག
འུག་ཀུ། ཕུག་རོན།
གངས་ཕུག གངས་ཕུག་རོན་སྟེ། ཕུག་རོན་དང་འདྲ་བའི་བྱ་ཞིག
ཀ་མགོ་སེ། ཕུག་རོན་ཙམ་གྱི་བྱ་ཁྲ་བོ་ཞིག
རྡི་རྡི་ཁོ་ཁོ། ནགས་གསེབ་ཏུ་གནས་པའི་ཆེ་ཆུང་ཕུག་རོན་ཙམ་གྱི་བྱ་ཞིག
འཕང་སྨུག་ཀེ། ཕ་ཝང་།
གུང་མོ། གོང་མོ།
སྲག་གེ་མ། བྱ་སྲེག་པ་སྟེ། བསག་པའམ་ཀྲི་གེ་མ་ཡང་ཟེར།
ཧོར་ཁྲ། ཁྲ་ཆེ་བ་ཞིག
སྐྱ་ཁྲ། ཁྲ་ཞིག
ཁུག་ཁྲ། ཁྲ་རྒྱབ་ངོས་དམར་སྐྱ་ཅན་ཞིག་སྟེ། འདི་ཁུ་བྱུག་བུ་ཁྲ་ལ་འགྱུར་བ་ཡིན་ཟེར།
བྱིའུ་ཁྲ་མ་གཟན། བྱིའུ་ཁྲ་བོ་ཞིག་སྟེ། འདིས་རང་གི་མ་ཟ་བ་ཡིན་ཟེར།
མཐིང་རུ། ཆུ་བྱ་མཐིང་རིལ།
པིས་འོ་ལེ། པིང་ཀྱུར།
ནིས་ལེ། འོལ་བ།
བྱ་ལོང་། ཁྲུང་ཁྲུང་།
ངང་ཧྥ། ངང་པ།
འདམ་གཟན་མཆུ་ལེབ། ཆུ་བྱ་མཆུ་ལེབ་མོ་ཅན་ཞིག
འུག་འུ་ཆུང་། སྲིན་བྱ།
ཕུག་ཤིན། པུ་ཤུད།
འཇུ་ལུ། འཇོལ་མོ་སྟེ། འདི་ལ་འཇོལ་སྔོན་དང་། འཇོལ་དམར། འཇོལ་ཁྲ་གསུམ་ཡོད།
ཤུག་སྟག་རྒ་ཧོ། ཆེ་ཆུང་འཇོལ་མོ་ཙམ་ལ་མདོག་སེར་ཁྲ་ཅན་ཞིག་སྟེ། འདི་ལ་འཇོལ་ཁྲ་ཡང་ཟེར།
ཉོར་བྱིའུ། བྱིའུ་སྔོ་ལྗང་ཆེ་ཙམ་ཞིག་དང་། མོ་ཡི་མདོག་གྲོ་ཁྲ་ཡིན།
ཐེ་ལེ་དམར་སྐེ། བྱིའུ་སྐེ་དམར་ཞིག
ཐེ་རྒན་མ། ཐེ་ལེ་ལས་ཆེ་ཙམ་གྱི་བྱིའུ་སྐེ་དམར་ཞིག
མཆིས་ཧྥ། མཆིལ་པ།
དགེ་མ་ཆོས་ཧྲུལ། ཐེ་ལེ་ཙམ་གྱི་བྱིའུ་ཞིག
ནག་སྲག་ཐས་མགོ ཐལ་མདོག་ཅན་གྱི་བྱིའུ་ཞིག
གངས་བྱིའུ་སྐྱ་སྤོབ། ཐེ་ལེ་ལས་ཆེ་བའི་བྱིའུ་སྐྱ་བོ་ཞིག
བྲག་བྱིའུ་གྲོ་སྤོབ། གངས་བྱིའུ་ཙམ་གྱི་བྱིའུ་གྲོ་བོ་ཞིག
རི་བྱིའུ་རྒྱ་ཡུ། ཐེ་ལེ་ལས་ཅུང་ཆེ་བའི་བྱིའུ་ཞིག
རྫ་བྱིའུ་དམར་སྐེ། མདོག་དམར་སྐྱ་ཅན་གྱི་བྱིའུ་ཞིག
རྟ་བྱིའུ་ཀླད་ཅོ། བྱིའུ་གཙུག་ཏོར་ཅན་ཞིག
གླང་བྱིའུ་མཐེབ་རྡོག གླང་གསེང་དུ་སྡོད་པའི་བྱིའུ་ཆུང་ཆུང་ཞིག
འོ་བྱིའུ་དཀར་ལུ། མདོག་འགྱུར་ཅན་གྱི་བྱིའུ་ཞིག
ཆུ་བྱིའུ་ཀླད་དཀར། ཆུ་ལ་གནས་པའི་བྱིའུ་དམར་ཁྲ་ཞིག
ཆུ་བྱིའུ་ཨོག་དཀར། ཆུ་ལ་གནས་པའི་བྱིའུ་སྔོ་སྐྱ་ཞིག
ཅོག་ཆུང་ཁྲ་མོ། འཇོལ་མོ་ལས་ཅུང་ཆུང་བའི་བྱིའུ་ཁྲ་བོ་ཞིག
རྡོ་བཞའ་ཁྲ་མོ། ཁ་སྟོད་དུ་སྡོད་པའི་བྱིའུ་སྐྱ་ཁྲ་ཞིག
ལྷ་གཡུ་སྨན་དཀར། ཐེ་ལེ་ལས་ཅུང་ཆུང་བའི་བྱིའུ་ཞིག
འགྲོན་ནེ་རྒྱ་ཞུར། ཐེ་ལེ་ལས་ཅུང་ཆུང་བའི་བྱིའུ་ཞིག
བླ་མ་དུང་བྱིའུ། བྱིའུ་དམར་ཁྲ་ཞིག
དམར་མོ་གྲགས་འཇིབ། དགུན་ཉལ་བྱེད་པའི་བྱིའུ་དམར་ཁྲ་ཞིག་དང་། མོ་ཡི་མདོག་སྔོ་སྐྱ་ཡིན།
ཁྲེས་བ་རྒྱ་བོ། མཆིལ་པ་ལས་ཅུང་ཆེ་བའི་བྱིའུ་ཞིག
ཁུ་དབྱུག་རྟ་རྫི། སྐད་སྙན་འགྱུར་ཅན་གྱི་བྱིའུ་ཞིག་སྟེ། འདི་ལ་ན་བྱིའུ་ཅོ་ག་ཡང་ཟེར།
དོང་ཧྲི་སྐྱ་ཀེ། མཆིལ་པ་ལས་ཆེ་ཙམ་གྱི་བྱིའུ་སྐྱ་བོ་ཞིག
ཨབ་རྟ་དཀར་ཡུ། ཨབ་ར་དང་མཉམ་སྡོད་བྱེད་པའི་བྱིའུ་སྐྱ་བོ་ཞིག
ཤས། ༡ ཤ་བ། ༢ ཤལ་ཏེ། ཡུང་མ་འདེབས་དུས་ཤས་དྲུད་དགོས་ལྟ་བུ།
ཤེའུ། ཤ་བའི་ཕྲུ་གུ།
གླས། གླ་བ།
གླེའུ། གླ་བའི་ཕྲུ་གུ།
གནས། གནའ་བ།
གནེའུ། གནའ་བའི་ཕྲུ་གུ།
དགོའོ། དགོ་བ།
དགེའུ། དགོ་བའི་ཕྲུ་གུ།
གཙོས། གཙོད།
རྒྱ་གོ་ར། རི་དྭགས་རྒྱ།
ཕྱས། འཕྱི་བ་སྟེ། འདི་ལ་ཕྱི་ལི་ཡང་ཟེར།
བི་ཧྲི། འཕྱི་བའི་ཕྲུ་གུ།
ཏུག་རུ། རི་བོང་།
བེའུ་རྫི་སྣ་དམར། ཨབ་ར་སྣ་དམར་པོ་ཅན་ཞིག
རྫབ་ར། ཨབ་ར་ཆེ་བ་ཞིག
ཛིག་འི། ཙི་ཙི།
ཆུ་བེའུ་རི་བེའུ། ཆུ་ལ་གནས་པའི་ཙི་ཙི་ཞིག
སྤིས་ཨར་རྒེ། སྤྲེལ་ཏེ། འདི་ལ་ཨ་རྒེ་ཡང་ཟེར།།
ལི་ལི། ཞི་མི།
སྤྱང་ཁུ། སྤྱང་ཀི།
འཕར་ར། འཕར་བ།
གསའ་རྒན་མ། གསའ།
དབྱི་འབོ། དབྱི་སྟེ། འདི་ལ་དབྱི་ལི་ཡང་ཟེར།
གྲུམ་ཕ། གྲུམ་པ།
ཨོག་གར། ཨོག་དཀར་ཏེ། སྦྲེ་ལས་ཅུང་ཆུང་བའི་གཅན་གཟན་ཞིག
སྦེ། སྦྲེ།
ཧྲེ་མོང་། སྲེ་མོང་།
སྦེས་ཧྥ། སྦལ་པ།
འདིའི་འཕྲོ་ཅུང་ཟད་ཤོང་མ་སོང་བས་དེ་ལུགས་མཁྱེན། སྤེལ་མཁན་ནས།