མ་བརྗེད།
གངས་ཅན་ཆོས་ལྡན་ཞིང་ལ།
བོན་ཆོས་བསྟན་པ་དར་ས།
མདོ་དབུས་ཁམས་ཀྱི་བོད་པ།
བྱམས་དང་སྙིང་རྗེ་མ་བརྗེད།
བསིལ་ལྡན་གངས་རིའི་ལྗོངས་ལ།
མཚོ་དང་མཚེ་འུ་མང་བས།
རྟ་ནོར་ལུག་གསུམ་ཡོད་ཀི།
འཚོ་སྐྱོང་བྱེད་རྒྱུ་མ་བརྗེད།
ཁ་བ་གངས་ལྗོངས་ཡུལ་ལ།
རི་ལུང་བརྗིད་ཉམས་ཡོད་རེད།
སྤང་ལྗོངས་མིག་ལམ་མཛེས་པ།
ཁོར་ཡུག་སྲུང་སྐྱོབ་མ་བརྗེད།
གདོང་དམར་བོད་པ་ཚང་ལ
ཕ་སྐད་མ་ཡིག་ཡོད་རེད།
གཞན་སྐད་ཨ་གསར་མ་ཆེ།
བོད་པའི་རིག་གཞུང་མ་བརྗེད།
གངས་རི་རྭ་བའི་ཞིང་ལ།
བོད་ཟས་གཙང་མ་ཡོད་རེད།
ཟས་རིགས་མང་པོ་གསོལ་ཀྱང་།
སྦྲང་དཀར་རྩམ་པ་མ་བརྗེད།
ཁ་བ་བོད་པ་ཚང་ལ།
གནའ་བོའི་གོས་ཆས་ཡོད་རེད།
ཆས་ལུགས་འདྲ་མིན་མ་མང་།
བོད་ཆས་དར་མ་མ་བརྗེད།
གངས་ཅན་གདོང་དམར་པ་ལ།
མེས་པོའི་སྲོལ་རྒྱུན་ཡོད་རེད།
ལུགས་སྲོལ་མང་པོ་ཡོད་ཀྱང་།
བོད་པའི་ལུགས་སྲོལ་མ་བརྗེད།
ཁ་བ་བོད་པ་འདི་ལ།
ནང་པའི་བསྟན་པ་ཡོད་རེད།
ང་ནང་ཁོ་ཕྱི་མ་ཟེར།
གྲུང་མཐའི་རྣམ་བཞག་མ་བརྗེད།
ཁ་བ་གངས་ལྗོངས་ཡུལ་ལ།
ཞིང་འབྲོག་མང་པོ་ཡོད་རེད།
རང་ཁེ་གཞན་ཕམ་ལམ་ནས།
མཐུན་སྒྲིལ་ལག་སྡང་མ་བརྗེད།
བསིལ་ལྡན་བྷོ་ཏྲའི་ལྗོངས་ལ།
མདོ་དབུས་ཁམས་གསུམ་ཡོད་རེད།
ཕྲག་དོག་རུ་ང་དབང་གིས།
ཁྱིམ་ཚང་ལ་རྒྱ་མ་བརྗེད།
༢༠༡༣ ༡༠ ༢༡ ཉིན་ཆབ་མདོ་རུ་དྲྭ་ཁང་ཞིག་གི་ནང་དུ་ཁྱུང་བཙན་རྒོད་ནས་བྲིས།
- ཟིན་ཐོ་གོང་མ།ལྡིར་རི་རི།
- ཟིན་ཐོ་འོག་མ།རང་གཞན་གཉིས་ལ་ཕན་པའི་གཏམ།