ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ལྡིར་རི་རི། | 2013/5/21 13:30:00

 ལྡིར་རི་རི།

 

དཔྱིད་ཟླ་གསུམ་པའི་དུས་བཞུག་རྫོགས།

དབྱར་ཟླ་དང་པོའི་དུས་འགོ་ཚུགས།

དུས་ཚོད་འདི་གཉིས་བར་གསེང་ནས།

དབྱར་རྩྭ་དགུན་འབུ་བརྐོ་དུས་ཟིན།

 

དབྱར་རྩྭ་དགུན་འབུའི་ཕ་ཡུལ་ལ།

ཟིང་ཆ་ཆེ་བའི་དུས་ལ་སླེབས།

རྒན་པོ་རྒན་མོ་རྒྱ་གྲོང་འགྲིམ།

སྦི་རག་ལྦུ་བ་ཕྱུར་རུ་རུ།

 

དབྱར་རྩྭའི་ཕ་ཡུལ་ཕོ་སར་འགའ།

འཕྲུལ་རྟ་ཞོན་དུས་འགྱ་འགྱུར་ཆེ།

གཅིག་པུར་ཚེ་སྲོག་གཅེས་སྤྲས་མེད།

ཉིན་མཚན་མེད་པར་ལྡིར་རི་རི།

 

འདི་ན་ཡོད་པའི་བུ་མོ་ཚོར།

དབྱར་རྩྭ་དྲིན་ཆེན་བཀའ་དྲིན་གྱིས།

ཕ་མ་མི་མཁོ་དུས་ལ་སླེབས།

ཟླ་བ་གཅིག་གཉིས་མཐོ་སང་སང་།

 

རྒྱ་ཡི་ཟ་ཁང་ཡིན་ན་ཡག

བོད་ཀྱི་ཇ་ཁང་ཡིན་ན་ཡུག

ཉིན་ཞག་རིང་ལ་ཚོམ་ཁ་ཆེ།

དགྱ་ལོ་དམར་པོ་ཤ་ར་ར།

 

གོས་བཙོང་ཚོང་ཁང་ནང་དུ་འགྲོ

ཚོང་རྟགས་ཆེ་ཆུང་ཁོ་ན་བཤད།

གོང་ཚད་མི་འཛེམ་ཉོ་མཁན་མང་།

སྤུས་ཚད་མི་བལྟ་གྱོན་ཤར་ཤར།

 

དུས་ཚོད་འདིའི་ནང་སློབ་ཆུང་རྣམས།

སློབ་གྲྭར་མི་འགྲོ་འཆམ་འཆམ་གཏོང་།

ལོ་འཁོར་གཅིག་གི་སྦྱོང་འབྲས་དེ།

ཟླ་བ་གཅིག་ནང་མེད་ལ་ལ།

 

སྤྱི་གླིང་སྤྲོ་སང་གཏང་ཟེར་ནས།

ཁོར་ཡུག་འབག་བཙོག་ཅི་ཡང་བྱེད།

ཆུ་དང་ཆུ་ཕྲན་དུ་མའི་ནང་།

སྐྱག་དང་སྐྱག་གཅིན་ནུ་རུ་རུ།

 

དགུན་འབུ་ཐོབ་པའི་སྣང་བ་དེས།

མིག་རྒྱང་རིང་དུ་གཏང་མ་ཐུབ།

མ་འོངས་མདུན་ལམ་དེར་བོར་ནས།

ལ་རྒྱའི་འབོད་སྒྲ་འུ་རུ་རུ།

 

སྒོར་མོ་མང་ན་སྣང་བ་མཐོ།

སྒོར་མོའི་འབྲས་བུ་སྡུག་བསྔལ་དངོས།

སྒོར་མོ་ཡོད་ན་དཔའ་རྩལ་ཆེ།

སྒོར་མོའི་བཀའ་དྲིན་ཡིན་འདོགའདོག

 

 

 

 

 

 

 

 

 

 

 

Re:ལྡིར་རི་རི། | 2013/5/22 20:28:16
སྐུ་མགྲོན་vaq1Tg(སྐུ་མགྲོན)བཀའ་ལུང་འདྲེས་མའི་ཁུར་ཆེན་གྱད་ཀྱིས་བཏེགགཡག་རྒོད་རོག་པོའི་ངར་ལྷབ་ལྡིར་རི་རི།
ཧི་བོན་མཚེར་སའི་སྟེང་དུ་སླེབས་བསྡད་གདའ།
རྩ་ཆུ་དྭངས་མ་ཚོགས་པའི་གླིང་ཁ་ལ།
ང་ཚོ་མཉམ་དུ་འཚོ་བ་རོལ་ནས་འགྲོ།
སྟེང་གི་བསོད་བློ་མིང་པས་བྲིས་པ་ཡིན།
རྩོམ་པ་པོ།:སྐུ་མགྲོན་vaq1Tg(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ལྡིར་རི་རི། | 2013/5/21 23:26:19
སྐུ་མགྲོན་806Fv3(སྐུ་མགྲོན)སྙན་ངག་ཐོག་མར་འབྲི་མཁན་ཞིག་གིས་ཆ་ནས་བཤད་ན་བསླབ་བྱ་ཡག་པོ་གནང་འདུག་བཀྲ་ ཤིས་བདེ་ལེགས་ཞུ་ ༼དམུ་ར་རྒོད་ནས་༽
རྩོམ་པ་པོ།:སྐུ་མགྲོན་806Fv3(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ལྡིར་རི་རི། | 2013/5/21 16:21:34
luobianདག་ནོར་གིས་མིག་ཟུང་ཅུང་ན་བ་ལས་དེ་མིན་ཡག་གི་ཟེར་རྒྱུ་ཡིན།
Re:ལྡིར་རི་རི། | 2013/5/21 15:46:08
སྐུ་མགྲོན་OSJv40(སྐུ་མགྲོན)གྲོགས་པོ་གཡག་རྒོད་ལགས་སྙན་རྩོམ་ཡག་པོ་འདུག་མུ་མཐུན་ནས་སྤེལ་བའིི་བཀྲ་ཤིས་བཟང། ཚ་བའི་ཁྱུང་འབྲུག་སེང་གེ་ནས།
རྩོམ་པ་པོ།:སྐུ་མགྲོན་OSJv40(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ལྡིར་རི་རི། | 2013/5/21 15:14:24
zhongsongཕེབས་པ་བཟང་ལ་སྙན་རྩོམ་ཡང་བཟང་། འོན་ཀྱང་དག་ཆ་ལ་དོ་སྣང་དགོས་འདུག་ལགས། མ་འོངས་པར་འདི་བཞིན་གོང་འཕེལ་འགྲོ་བའི་སྨོན་འདུན་ཞུ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.