ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བདེ་སྡུག་ལ་བལྟས་པའི་མྱོང་ཚོར། ། | 2013/5/4 23:40:00

བདེ་སྡུག་ལ་བལྟས་པའི་མྱོང་ཚོར། །

 

བསིལ་ལྡན་ཁ་བ་གངས་རིའི་ལྗོངས་ཀྱི་བོད་མི་ས་ཡ་དྲུག་པོ་དེ་དག་ལ།

ཕན་སེམས་ཀུན་སློང་དེ་ལ་བརྟན་ནས་རང་གི་བསམ་ཚུལ་ཙམ་ཞིག་

བརྗོད་པ་འདིར། དགེ་བའི་ལས་ལ་བདེ་བ་འབྱུང་བར་སངས་རྒྱས་ཞལ་ནས་གསུངས་པ་

ཡིན་པར་ཞིང་།

དེ་དག་ཡིན་དུས་ཡིད་ཆེས་ཐོག་ལ་འབད་བརྩོན་དགོས་པར་བོད་པའི་འགན་

ཁྲི་ཡིན།     

 

དེང་གི་མི་ཡིས་རང་ཁེ་གཞན་ཕམ་བསམ་བློ་བཟུང་ནས་ལས་འབྲས་མི་རྩི་སྟེ།

རྒྱུ་ནོར་གཅིག་ཟ་གཅིག་འཕྲོག་ལས་ལ་བརྩོན་ནས་ནང་དམེ་ནང་འཁྲུག་

རྐྱང་རྐྱང་བྱེད།

ཆེ་ཆུང་མེད་པར་སྒེར་དོན་མ་གཏོགས་སྤྱི་སེམས་ཡོད་པར་ཉིན་སྐར་ལས་

ཀྱང་ཉུང་།

རེས་འགའ་ཡོད་པར་དེ་དག་ལ་ནི་ཕྲག་དོགས་དབང་གི་ཟུར་ཟ་འཕྱ་

དམོད་བྱེད།

 

དགོན་པའི་བླ་མ་ཡིན་ན་ཡུལ་སྡེའི་གྲོང་དཔོན་ཡིན་ན་ཐུགས་སེམས་

ཡག་པོ་བཞེས།

མཐོ་བ་དཔོན་པོ་མན་ཆད་དམའ་བའི་སྤྲང་པོ་ཡན་ཆད་ཤི་དུས་ལམ་ཁ་གཅིག

དྲང་པོའི་གཏམ་དེ་བཤད་ནས་དྲང་བདེན་ལམ་ལ་བགྲོད་ནས་དྲང་པོའི་

ལས་ལ་བརྩོན།

སྐྱབས་གནས་དཀོན་མཆོག་བཀའ་དེ་བསླུ་བ་མེད་པར་ཡིན་དུས་བདེ་བའི་

འབྲས་བུ་ཡོད།

 

རྒན་རབས་རྣམ་ལ་གུས་བཀུར་བྱེད་ནས་འོག་མ་ཚོ་ལ་བྱམས་སྐྱོང་ཡོད་པར་དགོས།

ཕན་ཚུན་བར་ལ་མཐུན་སྒྲིལ་བྱེད་ནས་འཁོར་ཡུག་འདི་ལ་ཚང་མས་སྲུང་

སྐྱོབས་དགོས།

ང་ཚོའི་འོས་འགན་ཕྲག་ཏུ་བབས་པ་དེ་འདྲ་ཡིན་དུས་བསམ་བཞིག་

ཡག་པོ་དགོས།

སྐབས་སུ་བབས་པའི་དུས་ཚོད་འདིའི་ནང་བསམ་ཚུལ་ཙམ་ཞིག་གང་དྲན་

བྲིས་པ་ཡིན།

 

མེས་པོ་རྣམས་ཀྱི་ང་ཚོར་བཞག་པའི་བག་ཆགས་གསོན་པོ་དེ་ཚོ་ལ་གཟིགས་ནས།

སྐྱེ་བ་སྔ་ཕྱིར་དགེ་སྡིག་བསམ་ནས་ལྟ་སྤྱོད་ཐོག་ལ་གཟབ་གཟབ་མཛད་

གནང་དང་།

སྙིག་མ་ལྔ་བདོའི་སེམས་ཅན་རྣམ་ལ་བསོད་ནམས་མར་འགྲིབ་དུས་ལ་

སླེབས་པའི་ཚེ།

དགེ་སྒྲུབ་སྡིག་སྤོང་སངས་རྒྱས་བཀའ་ལ་བློ་སེམས་གཏོད་ནས་ཀུན་སློང་

ཡག་པོ་ཟུང་།

 

བླ་གྲྭ་ཇོ་མོ་དགེ་བྱེད་རྣམ་ལ་ཐན་དུ་མ་ལྟ་རྩི་འཇོག་ཡག་པོ་གྱིས།

འཇིག་རྟེན་ཁ་དཔེར་མཁོ་དགོས་རྡོ་རྗེ་མི་དགོས་སྡུག་གྱོང་དེ་འདྲ་

མ་བྱེད་རོགས།

དགའ་སྡུག་དུས་ལ་མཁོ་གལ་ཡོད་པས་བླ་གྲྭ་ཇོ་དགེ་མེད་ན་མེད་ཐབས་རེད།

ཉེར་ཅིག་དུས་རབས་འདི་ཡིས་ནང་དུ་ལྟ་ལྟངས་མེད་སར་བླ་གྲྭ་ཇོ་དགེ་ཡིན།

 

བསམ་ཞིག་བསམ་ན་དུས་ངན་ཟེར་ན་དེ་འདྲ་མ་གཏོགས་སྲིད་ན་དཀོན་པོ་རེད།

རང་གི་རང་ལ་ཡིད་ཆེས་བྱེད་ནས་དཀའ་སྡུག་ཁྲོད་ནས་ལ་མོ་བརྒལ་ཏེ་འགྲོ

དཀའ་སྡུག་མི་འཛེམ་སངས་རྒྱས་བསྟན་པའི་རྒྱུད་འཛིན་བྱེད་ནས་མི་

ཉམས་གོང་འཕེལ་བྱེད།

ཉམས་པ་འདུག་ན་དེ་དག་སླར་གསོ་དགོས་པ་དེ་ནི་ང་ཚོའི་རྒྱུ་མཚན་ཡིན།

 

རྒན་གཞོན་ཕོ་མོ་ཅི་འདྲ་ཞིག་གི་དགེ་བྱེད་རྒྱུ་མཚན་ངོ་མ་ཤེས་འདོད་ན།

བྱམས་དང་སྙིང་རྗེ་བསམ་པ་བཟང་པོ་ལས་འབྲས་དགེ་སྡིག་དགེ་

བྱེད་པ་ཡི་ཤེས།

མཐོ་བ་ངོས་དགའ་དམན་པ་སྡང་བདིག་རྒྱུག་ཁྱི་རྒྱུག་རྒྱུག་དགེ་

བྱེད་པ་ལ་མེད།

ད་དུང་བརྗོད་ན་དགེ་བྱེད་པ་ལ་ཕྱོགས་རིས་མེད་པ་ཉི་མ་ལྟ་བུ་ཡོད།

 

དགེ་བྱེད་པ་ཡི་ལྟ་བ་ངོ་མ་དགུང་སྔོན་ནམ་མཁའི་དབྱིངས་སུ་ཤར།

དགེ་བྱེད་པ་ཡི་སྤྱོད་པ་དེ་དག་དོག་མོ་ས་ལ་ཁྱབ་པ་ཡིན།

དགེ་བྱེད་པ་ཡི་སྒོམ་པ་ལ་ནི་ཡེ་ཉིད་ཐེ་ཚོམ་སྤྲོས་དང་བྲལ།

དགེ་བྱེད་པ་ཡི་ལྟ་སྤྱོད་ཐོག་ལ་འཛམ་གླིང་འདི་ནས་འགྲན་ཟླ་བྲལ།

 

༢༠༡༣    ༤ ཉིན་རང་ཤག་ནང་དུ་གང་དྲན་བྲིས།

 

Re:བདེ་སྡུག་ལ་བལྟས་པའི་མྱོང་ཚོར། ། | 2013/5/7 1:03:33
dzjinpaགྲོགས་ལགས་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་ཞུ་བ་ཡིན། །
གཤམ་དུ་གཡག་རྒོད་རོག་པོ།་ལགས་ཀྱིས་ལན་སློག་པ་ནི་
དྲེ་བཙུན་སྦྱིན་པ་ལགས་ཕེབས་པར་བསུས་ཡོད།

མུ་མཐུད་མང་ཙམ་ཕེབས་ཤོག
Re:བདེ་སྡུག་ལ་བལྟས་པའི་མྱོང་ཚོར། ། | 2013/5/6 0:04:45
zhongsongགཡག་རྒོད་རོག་པོ་ལགས། རྩོམ་གྱི་ཁ་བྱང་ཡག་པོ་ཞིག་གདམས་འདུག
མ་འོངས་པར་མུ་མཐུད་ཕེབས་ཤོག་དང་། དགའ་བསུ་ཞུ་ངེས་ཡིན།
གཤམ་དུ་གཡག་རྒོད་རོག་པོ།་ལགས་ཀྱིས་ལན་སློག་པ་ནི་
རྒན་ལགས་གུས་པས་ཟིན་བྲིས་ཐོག་ཏུ་ཕེབས་པར་དགའ་བསུ་ཡོད།

གུས་པས་མ་འདང་ས་དང་སྐྱོན་མང་པོ་ཡོད་རྒྱུ་རེད།

དེའི་རིགས་ལ་དམིགས་ནས་རྒན་ལགས་ཀྱི་རྒྱབ་སྐྱོར་དང་རགོས་རམ་མང་པོ་ཡོད་པར་ཞུ། རྗེས་སུ་མང་ཙམ་ཕེབས་པར་རེའོ།།
Re:བདེ་སྡུག་ལ་བལྟས་པའི་མྱོང་ཚོར། ། | 2013/5/5 14:23:55
སྐུ་མགྲོན་1ja4DP(སྐུ་མགྲོན)གཡག་རྒོད་ངུར་རྒྱང་ད་དུང་མི་མཐུན་ནས་སྒྲོག་ཤོག་ འབྲི་མོ་ ནས།།
གཤམ་དུ་གཡག་རྒོད་རོག་པོ།་ལགས་ཀྱིས་ལན་སློག་པ་ནི་
གཡག་རྒོད་རོག་པོའི་ངུར་རྒྱང་སྒྲོགས་ཉིན་མོར།

འབྲི་མོ་ཚོ་མགྲོན་ལ་ཕེབས་ཤོག

གཡག་རྒོད་རོག་པོའི་རྭ་རྩེད་རྩེ་ཉིན་མོར།

འབྲི་མོ་ཚོ་ལྟད་མོ་ལ་ཕེབས་ཤོག

གཡག་རྒོད་རོག་པོའི་ངུར་ལྷེབ་རྒྱག་ཉིན་མོར།

འབྲི་མོ་ཚོ་ཏག་ཏག་ཕེབས་ཤོག

གྲོག་མིང་ཅན་འབྲི་མོ་ལ་གཡག་རྒོད་ནས་བསུ་མ་ཡོད།

མུ་མཐུད་ཕེབས་ཤོག

རྩོམ་པ་པོ།:སྐུ་མགྲོན་1ja4DP(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བདེ་སྡུག་ལ་བལྟས་པའི་མྱོང་ཚོར། ། | 2013/5/5 12:18:58
danzengyixi


བཀླགས་ནས་ཡོད། གོ་བདེ་བའི་རྩོམ་ཡག་པོ་ཞིག་འདུག
འོན་ཀྱང་དེང་དུས་བླ་གྲྭ་ཇོ་མོ་དགེ་བཤེས་འགའ་ཡི་བྱ་སྤྱོད་འགྲོ་འདུག་མཐོང་དུས་སེམས་ནང་ལ་རྨ་ཁ་ཆེན་པོ་སྦྱིན་ཡོང་གིན། དེ་ནི་མི་ཁ་ཤས་ཙམ་རེད།
ལྷ་གཡག་དར་མས།
གཤམ་དུ་གཡག་རྒོད་རོག་པོ།་ལགས་ཀྱིས་ལན་སློག་པ་ནི་
གྲོགས་ལྷ་གཡག་ལགས་གུས་པས་ཟིན་བྲིས་ནང་དུ་དུས་རྟག་ཏུ་ཕེབས་པར་དགའ་བསུ་ཚད་མེད་ཞུས་ཡོད།

མ་འོངས་པར་སྐུར་འདེབས་དང་སྐྱོན་བརྗོད་མང་ཙམ་ཡོད་པར་རེའོ།
Re:བདེ་སྡུག་ལ་བལྟས་པའི་མྱོང་ཚོར། ། | 2013/5/5 7:11:57
སྐུ་མགྲོན་1hx3Bo(སྐུ་མགྲོན)གཡག་རྒོད་རོག་པོས་བཀའ་ལུང་གད་ལ་རོལ་རྩེད་བསྒྱུར་ནས་ངར་ལྷབ་དིར་དིར་ཧི་བོན་ལྷས་ར་ནང་དུ་སླེབས་པ་ལ་དགའ་བསུ་ཞུ།། ད་དུང་མུ་འཐུད་ཕེབས་ཤོག་ཨ།། མཁར་པ་ཚང་ནས།
གཤམ་དུ་གཡག་རྒོད་རོག་པོ།་ལགས་ཀྱིས་ལན་སློག་པ་ནི་
མཁར་པ་ཚང་ལ་ཐོག་མར་ངའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་ཏུ། བདག་གི་ཟིན་བྲིས་ནང་དུ་ཕེབས་པར་དགའ་བསུ་གྲངས་མེད་ཡོད།

མ་འོངས་པར་གང་སར་སྤྱི་ཡི་ཐད་ནས་རོགས་རིམ་དང་རྒྱབ་སྐྱོར་ཡོད་པར་མཁྱེན།


རྩོམ་པ་པོ།:སྐུ་མགྲོན་1hx3Bo(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.