སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཧི་བོན་ཇ་ཁང་གླིང་དུ་ཕེབས་པར་དགའ་བསུ་ཞུ། | 2011/7/8 16:50:00

ཧི་མ་ལ་ཡིའི་དྲ་གྲོགས་ལྷན་རྒྱས་ལགས།

དེ་རིང་ཕྲན་གྱིས་དྲ་སྟེང་ནས་ཧི་མ་ལ་ཡའི་བགྲོ་གླེང་ཇ་ཁང་གི་སྒོ་འབྱེད་བྱས་པ་ཡིན་པས། ཁོམ་ལོངས་རེ་བྱུང་དུས་ང་ཚོའི་ཧི་བོན་བགྲོ་གླེང་ཇ་ཁང་ཕེབས་ཏེ། གཡུང་དྲུང་བོན་གྱི་ཕྱོགས་སོ་སོའི་གསར་འགྱུར་དང་། དད་ལྡན་བོན་འབངས་ཚོར་འཇལ་སྐོར་ལ་སྟབས་བདེ་ཡོང་ཆེད་དགོན་གནས་རང་རང་གི་སྡོད་གནས་དང་དུས་ཆེན་གྱི་དུས་ཚིགས་སོགས་འགོད་པ། རང་རང་གི་གནས་བབ་ནས་འཛམ་གླིང་ཡོངས་ལ་གཡུང་དྲུང་བོན་ཞེས་པ་མི་གཅིག་གིས་ཀྱང་མི་ཤེས་པ་མེད་པར་བཟོ་བ་སོགས་ལ་དྲ་སྟེང་དང་དཔེ་དེབ་གང་རུང་གི་ལམ་ནས་ཅི་ལྟར་བསྒྲུབ་དགོས་པ་སོགས་ལ་བགྲོ་གླེང་བྱེད་འདོད་པའི་ཆེད་དུ་ཧི་བོན་ཇ་ཁང་འདི་བཟོས་པ་ཡིན་པས།
དྲ་གྲོགས་དག་ཕེབས་པར་དགའ་བསུ་ཞུ།

རྩོམ་པ་པོ།:རེབ་སྐྱིད་ཡར་འཕེལ། | བལྟ་ཀློག | ལན་སློག(11) | འདྲེན་བཀོལ་སྤྱི་བསྒྲགས | རྩོམ་སྒྲིག
Re:ཧི་བོན་ཇ་ཁང་གླིང་དུ་ཕེབས་པར་དགའ་བསུ་ཞུ། | 2011/7/8 20:33:13
danzengyixi

ལགས་སོ། དྲྭ་གྲོགས་རེབ་སྐྱིད་ལགས་ཀྱི་བགྲོད་གླེང་ཇ་ཁང་སྒོ་འབྱེད་ལ་ལ་བཀྲ་ཤིས་རྟེན་འབྲེལ་ཞུའོ། །
དྲྭ་གྲོགས་ལགས། བཀའ་འདྲི་ཞུ་རྒྱུར་གོང་གི་ཁྱེད་ཀྱིས་བཟོས་པའི་པར་རིས་དང་འགུལ་རིས་དེ་ལྟ་བུ་དྲྭ་གནས་གང་ནས་བཟོ་དགོས་ཀྱི་རེད།
དྲྭ་གནས་དེ་ངོ་སྤྲོད་དང་ཐོ་མར་གང་འདྲ་བྱས་ནས་བཟོ་དགོས་རེད་དམ། །
ལྷ་གཡག་དར་མས།
Re:ཧི་བོན་ཇ་ཁང་གླིང་དུ་ཕེབས་པར་དགའ་བསུ་ཞུ། | 2011/7/9 2:54:52
tenzin3909གྲོགས་པོ་ལྷ་གཡག་དར་མ་ལགས།
འགུལ་རིས་འདྲ་པར་བཟོ་བྱེད་ཀྱི་དྲ་ཚིགས་ནི་http://yx.keniu.comའདི་ཡིན་ལ། སྔོན་ལ་དེ་རང་ཉིད་ཀྱི་གློག་ཀླད་ནང་དུ་ནང་འཇུག་བྱེད་དགོས། མཉེན་ཆས་ཀྱི་མིང་ལ可牛影像ཟེར་ལ་ཅི་ལྟར་བཟོ་སྟངས་ཀྱི་ཐད་ནས་མཉེན་ཆས་ནང་གི་པར་རིས་ལ་བལྟས་ན་འདྲ་པར་མཛེས་བཟོ་དང་འདྲ་པར་འགུལ་རིས་བཟོ་སྟངས་དེའི་སྟེང་དུ་ཡི་གེ་སྣོན་ཚུལ་སོགས་པར་རིས་ཀྱི་ལམ་དང་རྒྱ་ཡིག་གི་ལམ་ནས་གསལ་བོར་བཀོད་ཡོད་ལ་བཀོད་སྟངས་སྟབས་བདེ་ཡང་ཡིན། དེ་མིན་དེའི་ནང་ནས་གང་གི་བཟོ་སྟངས་གསལ་བོར་མི་ཤེས་ན། ཕྲན་ལ་དྲི་བ་ཤོག་དང་ཕྲན་གྱིས་ཤེས་པ་དག་ཁྱོད་ཚོ་ལ་བརྗོད་ངེས་ཡིན།
Re:ཧི་བོན་ཇ་ཁང་གླིང་དུ་ཕེབས་པར་དགའ་བསུ་ཞུ། | 2011/7/9 15:51:38
སྐུ་མགྲོན་0hw3Bn(སྐུ་མགྲོན)

ཧི་མ་ལ་ཡའི་ཇ་ཁང་ཞིག །
དྲ་བའི་ཀློང་ན་འོད་དུ་འཚེར། །
ཧམས་སེམས་མིག་གི་འཁྱོག་འཛུམ་ཞིག །
ཤོག་སྒོར་དམར་པོའི་སྟེབ་ཁུག་ན། །
རྩོམ་པ་པོ།:སྐུ་མགྲོན་0hw3Bn(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཧི་བོན་ཇ་ཁང་གླིང་དུ་ཕེབས་པར་དགའ་བསུ་ཞུ། | 2011/7/9 17:21:59
danzengyixi

བཀའ་དྲིན་ཤིན་ཏུ་ཆེའོ་དྲྭ་གྲོགས་རེབ་སྐྱིད་ལགས། །
འདི་ཚོ་ནི་ངོ་མ་ང་ཚོས་ཤེས་དགོས་ངེས་རེད་འདུག
རྗེས་ཕྱོགས་རོགས་རམ་གང་མང་གནང་བར་མཁྱེན།
ལྷ་གཡག་དར་མས།
Re:ཧི་བོན་ཇ་ཁང་གླིང་དུ་ཕེབས་པར་དགའ་བསུ་ཞུ། | 2011/7/9 18:10:01
tenzin3909དྲ་གྲོགས་ལྷན་རྒྱས་ལགས།
ཕྲན་གྱིས་ཇ་ཁང་འདི་སྒྲུབ་པའི་དམིགས་ཡུལ་ནི་གཡུང་དྲུང་བོན་གྱི་ཕྱོགས་སོ་སོའི་གསར་འགྱུར་དང་། དད་ལྡན་བོན་འབངས་ཚོར་འཇལ་སྐོར་ལ་སྟབས་བདེ་ཡོང་ཆེད་དགོན་གནས་རང་རང་གི་སྡོད་གནས་དང་དུས་ཆེན་གྱི་དུས་ཚིགས་སོགས་འགོད་པ། རང་རང་གི་གནས་བབ་ནས་འཛམ་གླིང་ཡོངས་ལ་གཡུང་དྲུང་བོན་ཞེས་པ་མི་གཅིག་གིས་ཀྱང་མི་ཤེས་པ་མེད་པར་བཟོ་བ་སོགས་ལ་དྲ་སྟེང་དང་དཔེ་དེབ་གང་རུང་གི་ལམ་ནས་ཅི་ལྟར་སྒྲིག་འགོད་བྱེད་དགོས་པ་སོགས་ལ་བགྲོ་གླེང་བྱེད་འདོད་པའི་ཆེད་དུ་ཧི་བོན་ཇ་ཁང་འདི་བཟོས་པ་ཡིན་པས།
དྲ་གྲོགས་དག་ཕེབས་པར་དགའ་བསུ་ཞུ།
Re:ཧི་བོན་ཇ་ཁང་གླིང་དུ་ཕེབས་པར་དགའ་བསུ་ཞུ། | 2011/7/10 0:49:36
སྐུ་མགྲོན་otk7NA(སྐུ་མགྲོན)ཇའི་དུམ་བེ་དངུལ་གྱི་ཁ་ཤན་ཅན། །ནང་དམར་སེར་ངང་མདོག་བོད་ཇ་ཞིག །ཕྱོགས་མགྲོན་པོ་བསུ་ལ་བཤམས་ཡོད་དམ། །ང་བོད་རྒན་ཡོང་བ་ནུབ་ནས་ཡོང་། །ཕ་ཨ་མྱེས་དུར་ས་འཚོལ་ལ་ཡོང་། །ལྷ་གཤེན་ལྷར་མཆོད་འབུལ་བྱེད་དུ་འགྲོ། །གནས་འདི་རུ་ངལ་གསོ་ཐུན་གཅིག་བྱེད། །སྐོམ་སེལ་གྱི་བོད་ཇ་གང་དྲོངས་ཤིག །
རྩོམ་པ་པོ།:སྐུ་མགྲོན་otk7NA(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཧི་བོན་ཇ་ཁང་གླིང་དུ་ཕེབས་པར་དགའ་བསུ་ཞུ། | 2011/7/10 15:39:35
tenzin3909
གསེར་གྱི་ཇ་དེམ་ནང་ན། །
འབྲི་མོའི་འོ་ཇ་བཀང་ཡོད། །
སེམས་དང་བསམ་པའི་དྲངས་པའི། །
འོ་ཇ་དཀར་ཡོལ་བཀང་པོ། །
ནུབ་ཕྱོགས་མགྲོན་པོ་ཁྱེད་ཀྱིས། །
ཧབ་ཐེངས་གཅིག་གིས་བཞེས་རོགས། །
སླར་ཡང་ཕྱིར་འཁོར་རྒྱབ་དུས། །
ཕ་མེས་གདམ་ངག་མང་པོ། །
ང་ཚོ་བོད་ལ་སྒྲོགས་པར། །
རེ་འདུན་སྙིང་ནས་ཞུས་ཡོད། །
Re:ཧི་བོན་ཇ་ཁང་གླིང་དུ་ཕེབས་པར་དགའ་བསུ་ཞུ། | 2011/7/11 20:10:14
སྐུ་མགྲོན་qul8OB(སྐུ་མགྲོན)གསེར་དེམ་ཞལ་དཀར་ཡག་འདུག །འབྲི་མོའི་འོ་ཇ་ཞིམ་འདུག །མགྲོན་བསུ་ཞབས་ཞུ་ལེགས་འདུག །ནས་ཆང་གར་བོས་བཟི་སོང་། །ཤ་དང་མར་གྱིས་བརྒྱགས་སོང་། །མགྲོན་པོ་འགྲོ་བཞིན་འགྲོ་བཞིན། །བསམ་བློ་གཏོང་གིན་གཏོང་གིན། །ཕ་ཁུ་ཨ་མྱེའི་ཞབས་རྗེས། །རྨི་ལམ་ཞིང་ནས་ཡལ་དུས། །སེམས་པ་སྐྱོ་གིན་སྐྱོ་གིན། །སྐྱོ་གདུང་སྨྲེ་ངག་འདོན་ས། །མགྲོན་བདག་ཁྱེད་ལས་མེད་པས། །ཞལ་གདམས་གསེར་ཞུན་དྭངས་མས། །མགྲོན་པོ་སེམས་གསོ་གནོངས་རོགས། །
རྩོམ་པ་པོ།:སྐུ་མགྲོན་qul8OB(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཧི་བོན་ཇ་ཁང་གླིང་དུ་ཕེབས་པར་དགའ་བསུ་ཞུ། | 2011/8/23 21:14:47
yungdongིིཧི་བོན་ཇ་ཁང་སྒོ་འབྱེད་པ་ལ་བཀྲ་ཤིས་རྟེན་འབྲེལ་ཞུ། །
སྐྱང་ཁ་མ་ཚང་ནས།
Re:ཧི་བོན་ཇ་ཁང་གླིང་དུ་ཕེབས་པར་དགའ་བསུ་ཞུ། | 2012/11/23 17:19:09
སྐུ་མགྲོན་wCRe7I(སྐུ་མགྲོན)ཇ་རྒོད་འོ་མ་དཀར་པོའི་ཁ་བཏགས་དེ།
ཇ་འཐུང་རྒན་པོ་དག་གི་མགྲིན་པ་ལ།
ཇ་ཁང་འདི་ནས་རིན་མེད་གཡོགས་པས་ན།
ཇ་འཐུང་དག་གིས་གཏམ་གྱིས་འཇལ་བར་ཞུ།

ཞེས་མགྲོན་པོ་རྟ་མགྲིན་རྒྱལ་པོ་ནས།
རྩོམ་པ་པོ།:སྐུ་མགྲོན་wCRe7I(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཧི་བོན་ཇ་ཁང་གླིང་དུ་ཕེབས་པར་དགའ་བསུ་ཞུ། | 2012/11/23 17:22:44
སྐུ་མགྲོན་wCRe7I(སྐུ་མགྲོན)གྲོགས་རབ་བརྟན་ནས།

སྐྲ་ལོ་དུང་ལྟར་དཀར་པའི་རྒད་པོ་དེ།།
སོ་མེད་རྒད་མོའི་རུམ་ནས་སྐྱིད་སྣང་ཤར།།  
ལང་ཚོའི་གཞོན་ཤ་རྒྱས་བའི་སྟག་ཤར་དེ།།  
ན་ཆུང་མཛེས་མའི་རུམ་ནས་སྡུག་སྣང་ཤར།།

རྟ་མགྲིན་རྒྱལ་པོ་ནས།

སྐྲ་དང་ཁ་སྤུའི་ཚོགས་དག་དཀར་པོ་སྤྲིན་གྱི་ཚོན་རྩིས་གཡོགས།། 
ལུས་དང་རྐང་ལག་བཞི་དེ་དགུན་ཁའི་སྡོང་བོའི་རྗེས་སུ་འབྲངས།། 
དེ་ལྟར་འཚོ་བའི་འབྲོག་རྒན་ང་ལ་གཞོན་སྐྱེས་བུ་མོའི་རུམ།། 
ཉིན་དང་སྐར་ཆའི་ཁྲོད་དུ་རིང་ནས་རིང་དུ་བཞུད།། 
 
  ཞེས་འབྲོག་རྒན་རྟ་མགྲིན་ནས་གྲོགས་རབ་བརྟན་གྱིས་བྲིས་བར་བཀློགས་རྗེས་འདི་ལྟར་བསམས་སོ།
རྩོམ་པ་པོ།:སྐུ་མགྲོན་wCRe7I(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.