སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གྲྭ་རྐྱང་ཞིག་གི་འཆར་སྣང་། | 2011/7/30 16:41:00
 
 གྲྭ་རྐྱང་ཞིག་གི་འཆར་སྣང་།
གྲོགས་པོ་གྲྭ་རྐྱང་ཞིག་གི་འདོད་མོས་བཞིན་བྲིས་པ།
རེབ་སྐྱིད་ཡར་འཕེལ།

ཀྱེ་མ་རྡུལ་ཕྲན་ཁྲོད་ཀྱི་བླུན་རྨོངས་ཀྱི་ཕོ་གསར། །
ཕུ་ནུ་ནང་དམེ་ཀི་སྒྲ་དཔའ་རྟགས་སུ་འཛིན་པ། །
གདུང་ལྤགས་མཐུག་པོ་བླུན་པོའི་བརྟུལ་ཞུགས་ལ་འཐམས་པས། །
དེང་དུས་གྲྭ་བར་འཕྱར་དགའ་ངོ་ཚ་ཞིག་མིན་ནམ། །
 
རང་མིང་རང་གིས་བཏགས་པའི་གསར་སྐྱེས་ཀྱི་གཞོན་ནུས། །
སྙན་ངག་འཁྱར་འཁྱོར་གྲྭ་བ་བླུན་རྨོངས་ཀྱི་ཚིག་འབྲུ། །
ཤ་འོད་འདྲ་བའི་དགག་ཚིག་འཇུག་རུང་ཅིག་འཕངས་ན། །
ཙི་གུ་གྲོག་མའི་ཁུང་བུར་འཛུལ་བ་འདི་དགོད་སྤྲོ། །
 
ལུས་ཀྱི་རོལ་བ་ཀློང་ནི་མི་ཚེ་རང་བསྐྱལ་བའི། །
བོད་རིགས་སྨད་ཚོང་བུ་མོ་འདིར་ཕྱོགས་སུ་གསོན་དང་། །
སྐྱེས་པ་གང་ཡིན་ཚོགས་ལ་སྒྱུ་འཕྲུལ་རང་ལེ་སྟོན། །
དགེ་སློང་ཚོགས་འདིར་མཆོངས་པ་ངོ་ཚ་ཞིག་མིན་ནམ། །
 
ཀྭ་ཡེ་ལྕི་འདམ་ཁྲོད་ཀྱི་རང་རིགས་ཀྱི་འབྲོག་མི། །
གྲྭ་བར་མི་འཛའ་སྐད་རིགས་སྣ་མང་རེད་ཟེར་བཞིན། །
གྲོང་ཁྱེར་ཆེན་པོ་དཀྱིལ་ན་རང་ཉིད་ནི་བོར་བས། །
གངས་ཅན་གཡག་རྒན་ཞེ་ན་ངོ་ཚ་ཞིག་མིན་ནམ། །
 
མཁས་མིན་སྒོར་གྱིས་འབྱེད་པའི་སྙོམས་ལས་ཀྱི་དགེ་རྒན། །
སློབ་མའི་མདུན་ལམ་མི་མ་ཅང་གི་ཀློང་ལས། །
ཟླ་ཕོག་ཟེར་ཞོར་ཤོག་སྒོར་ཧམ་ཁུག་ཏུ་འཇུག་ཞོར། །
གྲྭ་སྨྱོན་ཁུར་བོ་ཟེར་བ་ངོ་ཚ་ཞག་མིན་ནམ། །
 
མགོ་བོ་གཡག་རྔ་འདྲ་བའི་སྔགས་རྒན་གྱི་ཚོགས་རྣམས། །
དཀྱིལ་འཁོར་ཚོགས་ཆང་ཡིན་ཞེས་བག་མེད་དུ་འཐུང་སྟེ། །
འབུལ་བ་སྟོང་ཕྲག་འགའ་བོ་ཁེངས་ཉམས་ཀྱིས་བླངས་རྗེས། །
གྲྭ་བའི་གྲྭོང་ཆོག་ཟེར་བ་ངོ་ཚ་ཞིག་མིན་ནམ། །
རྩོམ་པ་པོ།:རེབ་སྐྱིད་ཡར་འཕེལ། | བལྟ་ཀློག | ལན་སློག(2) | འདྲེན་བཀོལ་སྤྱི་བསྒྲགས | རྩོམ་སྒྲིག
Re:གྲྭ་རྐྱང་ཞིག་གི་འཆར་སྣང་། | 2011/7/30 20:27:01
danzengyixi
བཀླགས་ཟིན།
དྲྭ་གྲོགས་ལགས། ཉེ་སྐུ་ཁམས་བདེ་ལགས་སམ།
Re:གྲྭ་རྐྱང་ཞིག་གི་འཆར་སྣང་། | 2011/8/8 11:33:13
སྐུ་མགྲོན་M6It48(སྐུ་མགྲོན)སྔགས་རྒན་ཚོ་དང་འབྲོག་པ་ལ་སོགས་པ་མང་པོ་ཞིག་གིས་ཁྱོད་ལ་སྙིང་ནད་ཞིག་བཞག་ཡོད་པ་འདྲ། ཨ་རོགས་སྔགས་རྒན་མ་ཟེར་མ་གཏོགས་
སྔགས་རྒན་ག་གེ་མོས་ཁྱོད་ཀྱི་གདོང་ལ་ལག་རྗེས་གསལ་ལེར་ཞིག་ཕབ་ངེས་ཡིན། ཧ་ཧ་ཧ་ཧ་ཧོ་ཧོ་ཧོ།
རྩོམ་པ་པོ།:སྐུ་མགྲོན་M6It48(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.