སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
7 ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས། | 2015/5/6 17:07:00

དེའི་གཅུང་པོ། བླ་རབས་ཉེར་དགུ་པ་མཐའ་ཞུ་གཡུང་དྲུང་གྲགས་པ། ཡབ་མཐའ་ཞུ་གྲགས་སྡིས་དང་ཡུམ་ཞང་སར་བཟའ་གཉིས་་སྲས་སུ། མེ་ཁྱི་༡༩༤༦ལོར་འཁྲུངས་ཤིང་ཆུང་ནས་འབྲི་ཀློག་བསླབ་བཞིན་པས་སྐབས་སུ་དུས་འགྱུར་། དེ་རྗེས་ཆོས་དད་རང་མོས་སྐབས་རྩེ་དྲུག་དང་། རི་ཁྲོད་དུ་སྔོན་འགྲོ་དང་དངོས་གཞི་རྩ་རླངས་བཅས་སྦྱང་པ་ཉམས་ལེན་གནང་ཞིང་། བསམ་གཏན་གླིང་གསར་བཞེངས་སྐབས། དགོན་པའི་དོན་དུ་གདུལ་བྱ་ཕེབས་པ་སོགས། དགོན་པར་ཞབས་ཞུ་གང་མང་གནང་བའོ། བླ་རབས་སུམ་བཅུ་པ། མཐའ་ཞུ་དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་རྒྱལ་མཚན། ཡབ་མཐའ་ཞུ་པད་མ་ཀུན་ལེགས་དང་། ཡུམ་ཨ་ཉོག་མཚོ་གཉིས་ཀྱི་སྲས་སུ། མེ་རྟ་སྤྱི་ལོ་༡༩༦༦ལོར་འཁྲུངས། ཆུང་ནས་དད་དང་སྙིང་རྗེ་ལྡན་ཞིང་། འབྲི་ཀློག་སློབ་པཙམ་གྱིས་མཁྱེན། དགུང་ལོ་བཅུ་བཞི་སྐབས་སུ། རྩེ་དྲུག་བླ་མ་རིན་རྒྱལ་གྱི་མདུན་ནས། གཙང་ཁྲིམས་ཞུས་ཏེ་སྒྲུབ་གྲྭར་ཞུགས་ནས། མདོ་སྔགས་སེམས་གསུམ་ལ་ཐོས་བསམ་མཛད། སྔོན་འགྲོ་ དང་དངོས་གཞི་རྩ་རླུང་མུན་མཚམས་སོགས་ལ། ཉམས་ལེན་མཛད།  དེ་ནས་བོན་རི་དང་།   སྨན་རི།  གཤེན་ཚང་།  ཞུ་ཚང་སོགས་ལ་མཆོད་མཇལ་དང་གནས་བསྐོར་དུ་བྱོན། དེ་ནས་སློབ་དཔོན་དྲང་སྲོང་གཡུང་དྲུང་མདུན་མཚན་ཉིད་སྦྱངས། ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་མདུན་ནས། སྔགས་རྫོགས་ཀྱི་ཁྲིད་དང་དབང་ལུང་ཟབ་མོ་མང་པོ་དང་ དྲང་སྲོང་གི་ཁྲིམས་ཆེན་ཉིས་བརྒྱ་ལྔ་བཅུ་ཞུས།    དེའི་སྔ་རྗེས་སུ་རྩེ་དྲུག་མཁན་པོ་གཙུག་ཕུད་ཚུལ་ཁྲིམས་དང་།      རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་། བེ་རི་རྟོགས་ལྡན་ཚུལ་ཁྲིམས་དགའ་བ། ཁ་བོ་རྟོགས་ལྡན་ཤེས་རབ་ཕུན་ཚོགས།      བོན་དབྱིངས་རང་གྲོལ་ལ་སོགས་བསྟེན་ནས། བོན་སྒོ་ཕྱི་ནང་གསང་གསུམ་གྱི་ཁྲིད་དང་། དབང་ལུང་མན་ངག་ཞུས་པ་རྣམས། རྒྱུད་ལ་སྦྱར་ནས་ཉམས་སུ་ལེན་དགོས་དགོངས་ནས། ཆུ་བྱ་སྤྱི་ལོ་༡༩༩༣ལོར་གཟི་ཀིས་རི་ཁྲོད། བསྐྱར་གསོ་གནང་ནས་བཞུགས་ཏེ། ཚེ་གཅིག་བསྙེན་སྒྲུབ་དང་ཉམས་ལེན་ཁོ་ན་ལས། ལྟོ་གོས་གཏམ་གསུམ་གྱི། རྗེས་ལ་ལན་གཅིག་ཀྱང་བྱོན་མ་མྱོང་བར། ཉིན་མཚན་མེད་པར། དགེ་སྦྱོར་ལ་བཙོན་འགྲུས་མཛད་པ་ལས། རྣམ་གཡེངས་དང་།      ལེ་ལོ་གུ་ཡངས་སོས་དལ་དུ། ཡུད་ཙམ་ཡང་བཞུགས་མྱོང་མེད་པར། སྐུ་ཚེ་དོན་ཡོད་ཀྱི་སྒོམ་སྒྲུབ་ལ་བསྐྱལ་བར་མཛད།  ཕྱོགས་ཀྱི་དད་འདུན་བྱུང་རིགས་ལ། དབང་ལུང་ཁྲིད་གསུམ་གང་དགོས་གནང་བས།   རྒྱུད་སྨིན་ཞིང་གྲོལ་བའི་སློབ་མ་ཡང་མང་པོ་བྱུང་ངོ་། དེ་ནས་དགུང་ལོ་སོ་ལྔར་བཞེས་དུས། ཁྱུང་ནག་ལྷ་སྡེ་ཡོངས་དང་དབུ་ཁྲིད་བླ་གྲྭ་སོགས་ཀྱི། དགོན་པའི་བླ་མ་མཛད་རོགས་ཅེས། རེ་མདུན་ཡང་ཡང་ཞུས་པ་བཞིན་ཞལ་བཞེས་གནང་བས། གཡུང་དྲུང་བསམ་གཏན་གླིང་གི དབུ་བླར་མངའ་གསོལ་ཁྲི་འདོན་སོགས། རྟེན་འབྲེལ་བྱས། དགུང་ལོ་སོ་དྲུག་ལྕགས་སྦྲུལ་སྤྱི་ལོ་༢༠༠༡ལོའི། དགུན་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། འཇའ་འོད་སྣ་ལྔའི་གུར་ཁྱིམ་སོགས། ངོ་མཚར་གྱི་ལྟས་དུ་མ་བཅས། ཞིང་ལ་ཕེབས་ཤིང་གདུང་ལས། རིང་བསྲེལ་ཤེལ་མདོག་གསུམ་བྱོན་པ། སྐུ་གདུང་ནང་བཞུགས་སུ་གསོལ་ལོ།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.