སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ།  21 | 2013/11/5 13:30:00

 བོད་ཟླ་གཉིས་པའི་ཚེས་༡་ཉིན། ཕྲན་གྱི་གང་ས་གང་ལ། ཁ་སྤར་རྒྱབ་སྟེ། སང་ཉིན་དགོན་པར་ཤོག་ཅེས་བརྡ་ཆ་རྒྱབ། སྟེང་ཆེན་དགོན་ལ་ཡོད་པའི། གྲྭ་པ་ཐམས་ཅད་དང་། སྡེ་ནང་ལ་ཡོད་པའི། གྲྭ་པ་ཚང་མ་སང་ཉིན། དགོན་པར་བྱོན་ཤོག་ལབ་པ་དང་། དེ་བཞིན་འགོ་ཁྲིད་དང་། མི་དྲག་ཐམས་ཅད། དགོན་པར་འདུས་འོང་རོགས་ལབ་པ་ཡིན། ཕྱི་ཉིན། དགོན་པའི་བླ་གྲྭ་ཡོངས་དང་། འགོ་ཁྲིད་ཚང་མ། སྟེང་ཆེན་དགོན་དུ་ཡོད་པ། བློ་གྲོས་འབྱུང་གནས། བསྟན་ཚུལ། ཡས་རབ། ཚུལ་བློ། སོགས་ཚང་མ། དགོན་པར་འདུས་བྱུང་བས། དེར་ཚེ་འབུམ་ལ་ཁའི་སྤང་ཐོག་ལ་འདུས་ནས། གྲོས་བྱེད་སྐབས། ངས་ད་ལྟ་དགོན་པ་སྤོས་ན། རྙེད་དཀའ་བའི་གོ་སྐབས་ཤིག་རེད། ནམ་མཁའ་རིན་པོ་ཆེ་ལ་རོགས་པ་བྱེད་རོགས། ཞུ་ཆོག་རེད། དགོན་པ་སྔར་ནས། སྤོ་དགོས་ངེས་རེད་དེ། ང་ཚོའི་སྤོ་མ་ཐུབ་པར། ལུས་སོང་བ་རེད། ད་ལྟ་དགོན་པར། དགུན་ཁ་བའི་ལམ་འགགས་པ་དང། དབྱར་ཆར་པ་བབས་ན། འདྲེད་ནས་ལམ་འགག་པ། དགོན་པ་འཚོགས་དུས། འཐུང་ཆུ་མི་འདང་བ་སོགས། དཀའ་ངལ་ག་ཚད་གདའ། འདིར་གྲྭ་པ་ཚོ། རུག་འདུས་ནས་བསྡད་ན། གལ་སྲིད་འཁྱམས་པོ་འཁྱམས་རྒྱུ་བྱུང་ན། ཐ་ན་འཁྱམས་ར་ཞིག་བཟོ་སའི། ས་ཆའི་རྒྱ་ཁྱོན་ཡང་མི་འདུག་ ཁྱེད་རྣམ་པ་ཚང་མའི་བསམ་མནོ་ཞིག་ཐོང་དང་། བཀྲ་ཤིས་མདོ་ལ། གྲུབ་ཆེན་བཟོད་པ་རིན་པོ་ཆེ་དང་། ཕྱིས་སུ་བླ་མ་ཨ་ཡང་རིན་པོ་ཆེ། ཁྱུང་ཡུལ་དུ་ཕེབས་སྐབས། ས་འདི་ཡི། གནམ་ལ་བལྟས་ན། གཡུང་དྲུང་གཡས་འཁྱིལ་གྱི་ལྟེ་བ་ལྟ་བུ་དང་། དབུས་སུ་བལྟས་ན། གནམ་ས་གྲུ་གསུམ། ཡི་དམ་དབལ་ཕུར་གྱི། སྒྲུབ་གནས་ལྟ་བུ་དང་། ཕྱོགས་ཡོངས་ནས་བསྐོར་ཏེ། བལྟས་ན། བུམ་པ་ཁ་གཡེལ་ལྟ་བུའི་ས་འདིར། དགོན་པ་ཞིག་བཞེངས་ཐུབ་ན་ཡག་པོ་འདུག་གསུང་མྱོང་བ་རེད། དེ་བཞིན། ཕྲན་གྱི་ཡབ་དམ་པ། མཐའ་ཞུ་བླ་མ་པད་མ་ཀུན་ལེགས་མཆོག་གི་ཀྱང་། དང་པོ་ནས་དགོན་པ་འདིར། རྒྱབ་དགོས་པས་དགོངས་ཚུལ་གསུང་དུས། གྲོས་མ་མཐུན་ནའང་། རྗེས་སུ་་༡༩༩༥་་ལོར་དགོན་པ་འདིར་སྤོ་རྩིས་བྱས་པ་རེད། དེ་བཞིན་མཁན་པོ་བོན་དབྱིངས་རང་གྲོལ།མཆོག་གིས་ཀྱང་། དགོན་ས་ཡག་པོ་འདུག་གསུང་མྱོང་ཡོད་རེད་ལ། སྔོན་མ་གཏེར་སྟོན་བདེ་ཆེན་གླིང་པ། ས་སྔོན་སྒས་ལ་སྒར་བཏབ་ནས་བཞུགས། ཟེར་བའི་ས་ཆའང་འདི་ན་རེད། ད་ཁྱེད་རྣམ་པ་མི་རེ་རེ་བཞིན་གྱི། ལེན་འདེབས་རོགས་གྱིས་ཟེར་ནས། དང་པོ་བླ་གྲྭ་དང་། དེ་ནས་འགོ་ཁྲིད་བཅས་ཚང་མར། རེ་རེ་བཞིན། དགོན་པ་སྤོ་རྒྱུ་འདི་ངས་ལོ་མང་རིང་གི་རེ་བ་ཆེ་ཤོས་ཡིན། ཁྱེད་ཀྱི་བློ་བབས་མོས་མཐུན་བྱེད་པས། རེ་བ་ཡོད་ལབ་ནས། མི་རེ་རེ་བཞིན་རེ་བ་བཏོན་པས། བླ་གྲྭ་འགའ་འགའ་ཡི། མང་ཡོའི་ཅི་ཟེར་ན་དེ་ཡིན་ཟེར། དེར་འགོ་ཁྲིད་འགས། ཁྱེད་ཚོ་སོ་སོས། ཅི་བསམ་ན་དེ་བླ་མ་ལ། ཡར་ཞུས་ཐོངས། མང་ཡོ་མང་ཡོ། ཅི་འོ། ཟེར་བ་དང་། ཡང་ཁ་ཤས་ནས། ངས་མ་འདྲིས་ཀྱང་། འདི་སྐད་ཟེར། དགོན་པ་སྤོ་རྒྱུ་ལ་མོས་མཐུན་འོ། ནམ་མཁའ་རིན་པོ་ཆེའི། དགོན་པ་སྤོ་རོགས་བྱེད་དུས། ད་ལྟ་དགོན་པ་ལུས་སྤོ་ཟེར།  དེ་ནས་གྲྭ་པ་སྨོན་ཕུད་དང་། ཤེས་རབ། ཀུན་དགའ། སོགས་ཀྱི་མོས་མཐུན་འོ་ཟེར། དེ་མཚམས་ཕྱོགས་དེར་ཡོད་པའི། གྲྭ་པ་ཚང་མའི་མོས་མཐུན་ཡོད་ཟེར།  དེ་ནས་བླ་གྲྭ་ཚང་མས། མང་ཡོ་བློ་བབས་ན། ང་བློ་བབས། ཁོ་བློ་བབས་ཟེར་ཏེ། མོས་མཐུན་བྱས། གྲྭ་རྒྱལ་བ་ཚུལ་ཁྲིམས་ཀྱི། དགོན་པ་སྤོ་རྒྱུ་ལ་བློ་མི་བབས་རྒྱུ་ཅི་མེད་དེ། མ་གཞི་བླ་གྲྭ་མང་ཆེ་བ་ནི། དུས་རྒྱུན་དགོན་པར་བཞུགས་མ་རེད། དེ་ང་ཚོ་ཚང་མའི་ཤེས་འདུག་རྒྱུ། མཐོང་འདུག་རྒྱུ་དེ་རེད། བླ་གྲྭ་དགོན་པར་མ་བཞུགས་ན། དགོན་པ། རང་ལས་བཞིན་བསྡད་པས་ཅི་ཕན།     དེ་སྔ་ལོ་མང་པོ་ལ་དགོན་པ་ལས་པ་ཡིན། ད་ང་ཚོ་ཐོག་མར་གྲྭ་པ་བྱས་ནས་ད་བར་དགོན་པ་ལས་པ་ཡིན། ད་ཚང་མ་རྒས་འགྲོ་གདའ། ད་རུང་དགོན་པ་རང་ལས་བསྡད་པས་ཅི་ཕན། དགེ་བ་བྱེད་དགོས་རེད།  སོ་སོའི་དགེ་བ་བྱེད་དེ་དགོན་པར་འདུག་དྲན་ན། འདི་ན་ཡང་ད་གྲྭ་ཤག་མང་པོ་རྒྱབ་ཚར་གདའ། དགོན་པ་ནང་ལའང་དེ་སྔ་བླ་གྲྭ་མ་ཤོང་བསྡད་མ་ཐལ། བླ་གྲྭ་མ་བསྡད་པ་རེད་མ་གཏོགས། བསྡད་ན་ཤོང་ས་གདའ་ཟེར་བས། ངས་ད་དེ་འདྲ་མ་ཟེར། འདི་ན་བླ་མ་ཆེན་པོ་འདི་འདྲ་གདན་དྲངས། བླ་གྲྭ་མང་ཆེ་བ་དང་འགོ་ཁྲིད་ཚང་མ་གྲོས་མཐུན་དུས། ད་ཚང་མའི་རྟེན་འབྲེལ་བསྒྲིགས་དགོས་རེད་ལབ་པ་ཡིན། དེ་ནས་འགོ་ཁྲིད་ཐམས་ཅད་དང་། དེར་ཡོད་མི་དྲག་ཐམས་ཅད་ཀྱི། དགོན་པ་སྤོ་དགོས་ཟེར་ནས་འུར་རྒྱབ་སྟེ། མོས་མཐུན་བྱས་པས་མ་ཚད། ཁྱེད་བླ་དང་མཁན་པོ་གྲྭ་པ་ཐམས་ཅད་ཀྱིས། བློ་གཅིག་སེམས་གཅིག་བྱེད་པ་དང་། དཀའ་ངལ་ཁྱད་བསད་བྱེད་དེ། དགོན་པ་སྤོ་རྒྱུའི་འགན་ཁུར་རོགས་ཟེར་བས། ཕྲན་གྱིས་དེ་སྔ་འགན་ཁུར་བ་ཡིན། ད་རུང་འགན་ཁུར་བསམ་པ་ཡོད། སྟེང་ཆེན་དགོན་དུ་ཡོད་པས། ཡས་རབ་དང་བསྟན་ཚུལ། ཚུལ་ཁྲིམས་དཔལ་ལྡན། བློ་གྲོས་འབྱུང་གནས་སོགས་ཀྱང་། རང་དགོན་དུ། མར་བྱོན་ནས། རང་དགོན་པར། ལས་དཀའ་བྱེད་རོགས་ལབ་པ་ཡིན། དེ་དུས་ཡས་རབ་ཀྱིས། དེ་སྔ་ངས་དགོན་པར། ལས་དཀའ་ཅི་ཐོན་མ་སོང་ཡང་། ད་ང་ལོ་གཅིག་མཚམས་ནས་སྒྲུབ་གྲྭ་ཚང་རྗེས།  ང་ཚོའི་དགོན་པར། མར་ཡོང་ནས། དགོན་པར་ཞབས་ཞུ་སྒྲུབ་འོང་ཟེར། བསམ་དགེ་ནས། ཚུལ་ཁྲིམས་བློ་གྲོས། དགོན་པ་སྤོ་དུས། ཨར་པོ་ལ། བལྟ་བསྐུལ་དོ་དམ་བྱེད་མཁན་མར་བྱོན་རོགས་ཞུ་དགོས་ཟེར་སོང་ཡང་། མི་གཞན་ཅི་ཟེར་མཁན་མི་འདུག་ལ། ངས་གང་ཡང་མ་བཤད་པས། དེ་མཚམས་ཚུལ་བློས། ང་དེ་སྔ་སྟེང་ཆེན་དགོན་དུ། དང་པོ་སྒྲུབ་གྲྭར་ཟུར་ཞུགས་ལོ་གཉིས་བྱས། དེ་ནས། སྒྲུབ་གྲྭར་དངོས་སུ་བསྡད་ཀྱང་ སྒྲུབ་གྲྭར་བསྡད་དེ། ལོ་གཉིས་མཚམས་ནས། སྟག་ལའི་མཚམས་པ་བྱས་ཏེ། སྒྲུབ་གྲྭ་མཐའ་མ་འཁྱོལ། དེ་ནས་སྒོམ་གྲྭ་མིང་བཏགས་ཀྱང་། དེ་ཡང་ལོ་གཉིས་མཚམས་ནས། བཤད་གྲྭར་ཞུགས་སྟེ། སྒོམ་གྲྭ་ཡང་མཐའ་མ་འཁྱོལ་བས། ད་བཤད་གྲྭ་འདི། ངས་མཐའ་འཁྱོང་ལ་ལ་སྦྱོང་རྒྱུ་ཡིན་ཟེར་ནས། ཁས་མ་བླང་པར། ད་དགོན་བདག་བླ་མའི། ཡོང་འབེབས་དགོན་པར་བཞག་སྟེ། དགོན་པ་གཞུང་ནས། བླ་མའི་འགྲོ་སོང་ཚང་མ་དགོན་པ་གཞུང་ནས། གཏོང་དགོས་རེད་ཟེར་བས། ངས་ཡོང་འབེབས་དགོན་པར་བཞག་འདོད་ཡོད་ལ། དེ་སྔོན་དེ་འདྲ་བྱེད་མྱོང་ཡོད་རེད་དེ། ཕྲན་ཡོང་འབེབས་ཉུང་སྟེ། གཏོང་ཡོང་ག་མི་ཐུག་པར་འདུག་ལབ་པས། ཚུལ་བློ་དང་འགོ་ཁྲིད་ཚོས། ཅི་བྱེད་རྒྱུ་ཡོད་མ་རེད། དགོན་པ་ཚང་མས། དགོན་བདག་བླ་དེ་ལ། ཟས་གོས་སྤྱོད་གསུམ་དང་སྨན་བཅོས་སོགས། འགྲོ་སོང་གཏོང་སྲོལ་ཡོད་པས་མི་ཚད། རླངས་འཁོར་སྤུས་ལེགས་ཀྱང་ཉོ་བ་རེད། བླ་མའི་ཡོང་འབེབས་ཉུང་ན་འདྲ། མང་ན་འདྲ་དགོན་པར་བཞག་ དགོན་པ་གཞུང་ནས་བླ་མའི་འགྲོ་སོང་། ཡོངས་རྫོགས་འགན་ལེན་ན། ཚང་མ་བློ་བབས་ས་ཨེ་རེད་ཟེར་བས། དེར་ཡོད་བླ་གྲྭ་ཡོངས་དང་འགོ་ཁྲིད་ཚང་མ། དེར་ཡོད་མང་ཚོགས་ཐམས་ཅད་ཀྱིས། དེ་བློ་བབས། བླ་མ་ལ་ཡོངས་འབེབས་ཡོད་ན་འདྲ། མེད་ན་འདྲ། དགོན་པ་གཞུང་གིས། དགོན་པའི་བླ་མ་ལ་འགྲོ་སོང་ལོས་གཏོང་། ཟེར་ཏེ། ཚང་མས་བློ་བབས་མོས་མཐུན་བྱས་པས། དེར་ཕྲན་གྱི་ཡོངས་འབེབས། དགོན་པར་བཞག་རྒྱུ་ཐག་བཅད། དེ་མཚམས་ཚང་མ། ནམ་མཁའ་རིན་པོ་ཆེ་མཇལ་བས། ནམ་མཁའ་རིན་པོ་ཆེ་ནས། དགོན་པ་སྤོ་དགོས་ཚུལ་གྱིས། བཀའ་སློབ་མང་པོ་གནང་བས། དེར་ཕྲན་ནས། དགོན་པ་སྤོ་རྒྱུ། ད་ལྟ་ཚང་མ་གྲོས་མཐུན་ཡོད། རིན་པོ་ཆེ་ནས། དགོན་པ་སྤོ་རྒྱུའི་མ་དངུལ་སོགས། སྐྱབས་འཇུག་ཡོད་པ་མཁྱེན་ཞུས་པ་ཡིན། ནམ་མཁའ་རིན་པོ་ཆེས། དགོན་པ་སྤོ་བྱེད། མ་དངུལ་ང་ཡི་སྒོར་ཁྲི་གསུམ་ཡོད། དེ་ནས་སྡེ་ཚང་མས། ཞལ་འདེབས་འབུལ་དགོས་ལེ་རེད་གསུང་སོང་། དེ་བཞིན་བུམ་སྒྲུབ་འཚོགས་རིང་། དགོན་པ་བཞེང་བྱེད། མ་དངུལ་མང་ཚོགས་ཀྱིས། འབུལ་དགོས་པས། སློབ་གསོ་ཡང་ཡང་གནང་སོང་ལ། གྲྭ་པ་དང་ཨ་ནེ་བྱེད་དགོས་པས། བཀའ་སློབ་ཉིན་ལྟར་གནང་བས། སྔ་ཕྱི་གྲྭ་པ་བཅུ་གསུམ་དང་། ཨ་ནེ་ཉི་ཤུ་རྩ་གཅིག་རབ་བྱུང་ཞུས་སོང་བས། གྲྭ་གསར་རྣམས་ཚངས་མ། རྩེ་དྲུག་དགོན་དང་སྟེང་ཆེན་དགོན། མདོ་སྨད་ཉག་རོང་བཅས་སུ། འགྲོ་དགོས་པས། ཞལ་བཀོད་མཛད་སོང་བས། དེར་ཕྲན་གྱིས་གྲྭ་པ་གསར་པ་རྣམས། དགོན་འདིར་སྡོད་བཅུག་རོགས། འདི་ན་སྒྲུབ་གྲྭ་འཛུགས་ཨེ་ཐུབ་བལྟ་རྒྱུ་ཡིན་ཞུས་པས། རིན་པོ་ཆེས། ད་ལྟ་ཁྱེད་ཀྱིས་དགོན་པ་སྤོ་རྒྱུ་དེ་གཙོ་བོ་རེད། སྒྲུབ་གྲྭ་འཛུགས་ཐབས་ཡོད་མ་རེད། ད་ལོ་སོ་ནང་སྒྲུབ་གྲྭ་འཛུགས་རྒྱུ། བསམ་བློ་མ་གཏོང་གསུང་པ་དང་། གྲྭ་གསར་དེ་ཚོ་ཉག་ཁོག་ཏུ་གཏོང་དགོས་བསམ་ཀྱང་། རྩེ་དགོན་སློབ་དཔོན་བསྟན་པ་ཡིས། ནག་རུ་གྲྭ་པ་གསར་ཞུས་ཚང་མ། རྩེ་དྲུག་ལ་ཐོང་ཤོགས་གསུང་བྱུང་བས། གྲྭ་གསར་དེ་ཚོ་རྩེ་དྲུག་ལ་འགྲོ་དགོས་རེད། རྩེ་དྲུག་དགོན་པའི་རླངས་འཁོར་གྲ་བསྒྲིགས་བཟོས་ཏེ། རྩེ་དྲུག་མགྲོན་ཁང་དུ་སྒུག་བསྡད་ཡོད་རེད། གྲྭ་གསར་འགའ་ཤས་སོང་ཚར་ཐལ་གསུང་། དེར་རྩེ་དྲུག་ལ་སོང་ཚར་བ། གྲྭ་སྨོན་་ལམ་ཚུལ་ཁྲིམས་དང་ཁྲི་གཙུག་ཡོན་ཏན། ཁྲི་གཙུག་རྒྱལ་མཚོ་ཕུད། དེ་མིན་དེ་ཚོར་ངས་གྲྭ་པ་རེ་རེ་བཞིན། ཁྱེད་ཚོ་འདིར་བསྡད་ན་འདིར་སྒྲུབ་གྲྭ་འཛུགས་ནས། བསླབ་གཉེར་དང་སྦྱོང་པ་ཉམས་ལེན་བྱེད་ཆོག་རེད། འཚོ་བ་དང་ལྕི་ཤིང་ཚང་མ། ངས་འགན་ཁུར་འོང་ལབ་པས། དགོན་འདིར་སྒྲུབ་གྲྭ་ཚུགས་ན། སྡོད་འདོད་ཡོད་མཁན། བ་ས་གྲྭ་ཤེས་རབ་མཐར་ཕྱིན། བ་ས་གྲྭ་དངོས་གྲུབ་རྒྱལ་མཚན། བ་ས་ཚ་བོ་གྲྭ་བསྟན་འཛིན་རྒྱལ་མཚན། དེ་མིན་བྱང་རྒྱལ། བློ་ལྡན། ཐོག་མེད་ཤེས་རབ། གཙུག་ཕུད་རྒྱལ་མཚན། རྒྱལ་མཚན་ཚུལ་ཁྲིམས། ཤེས་རབ་གོང་འཕེལ་བཅས་འདུག་ལ། དེ་ཚོ་ལ་བ་ས་གྲྭ་རྒན་ཚུལ་ཁྲིམས་འོད་ཟེར་གྱིས། རང་དགོན་དུ་སྒྲུབ་གྲྭ་ཚུགས་སོང་ན། རང་དགོན་དུ་སྡོད་དགོས་པས། སློབ་གསོ་བྱས་པ་ཡིན་འདུག་གྲྭ་གཤེན་བསྟན་ནམ་མཁའ། ཀུན་བཟང་རྒྱལ་མཚན། ནམ་མཁའ་ཡེ་ཤེས་གསུམ་གྱིས། ནམ་མཁའ་རིན་པོ་ཆེས། གར་སོང་ཟེར་ན་དེར་འགྲོ་རྒྱུ་ཡིན། རང་མོས་གྱིས་གསུང་ན། འདིར་བསྡད་རྒྱུ་ཡིན་ཟེར། དེ་ནས་སྤྱི་ཚེས་༡༩་་ཉིན། བུམ་སྒྲུབ་དབང་གནང་།  དེར་དབང་གནང་དུས། རིན་པོ་ཆེས། དགོན་པ་བཞེང་བྱེད། ད་ལྟ་དངུལ་འབུལ་བའམ། ད་ལྟ་དངུལ་མེད་ཀྱང་ཐོ་བཀོད་དེ། ལོ་གསུམ་ནང་དགོན་པར། དངུལ་འཕྲོད་ཐབས་བྱེད་དགོས་གསུང་སོང་ལ། ཕྲན་གྱིས་སྔོན་ནས། ང་ཚོ་དགོན་པའི། འགན་ཁུར་རྣམས་དང་། ཚུན་ཙུའུ་འགོ་ཁྲིད་ཚོས་གྲོས་བྱས་པ་བཞིན། དུད་ཆེ་བ་ཚང་མས། དུད་རེའི་སྒོར་བརྒྱད་སྟོང་ཡན་དང་། དུད་གསར་པ་ཚོའི་སྒོར་ཉིས་སྟོང་ཡན་ཆོད་ཀྱི། དགོན་པ་བཞེང་བྱེད། ཞལ་འདེབས་འབུལ་རོགས་ཞེས་རེ་བ་བཏོན་པ་ཡིན་ལ། ད་ལྟ་བླ་མ་འདི་འདྲ་རྩལ་ཆེན་ཞིག་ང་ཚོའི་དགོན་པར། ཕེབས་ཐུབ་པ་དེ་ནི་ང་ཚོའི་སྡེ་དང་འགོ་ཁྲིད། དེ་བཞིན་བླ་གྲྭ་ཚང་མའི་སྐྱེ་བ་སྔོན་མ་ནས། རླབས་ཆེན་གྱི་ཚོགས་བསག་སྒྲིབ་སྦྱོང་བྱས་པས་བསོད་ནམ་རེད། ད་རེས་ང་ཚོ་ཚང་མའི་སྟོབས་ཤུག་གཅིག་ཏུ་སྒྲིལ་ཏེ། དགོན་པ་གསར་པ་བཞེང་ཐུབ་པ་བྱེད་དགོས་ལ། དེ་རིང་བཀྲ་ཤིས་པས། དགའ་སྟོན་རྟེན་འབྲེལ་འདི་ལ། རྟེན་འབྲེལ་ལེགས་པོ་ཞིག་བསྒྲིགས་དགོས།  ཁྱུང་ནག་མི་རྗེ་རྒྱལ་གྱི་མངའ་ཁོངས  ཁྱུང་པོ་ནག་རུ་ལམི་ལོ་སུྃ་སྟོང་གོང་ནསཕྱག་བཏབ་པའི་འདུས་སྡེ། སྐལ་ལྡན་དངས་བ་འདྲེན་པས་གནས་གཞི། འབྱོར་ལྡན་བསོད་ནམ་བསགས་པས་ཞིང་ས། དཔལ་གཡུང་དྲུང་བསམ་གཏན་གླིང་འདི། དགོན་པ་གནས་སྤོས་ཏེརྒྱས་བསྐྲུན་བྱེད་པ་ལབརྟན་རྩ་བཞག་པཞལ་འདེབས་ཕུལ་བ སྦྱིན་བདག་བྱེད་པ། དེ་བཞིན་དཔལ་འབྱོར་འབུལ་བའམ། ངལ་རྩོལ་བྱས་པ་སོཌ གང་ས་ཅི་ཐད་ནས་རོག་ཕན་དང་། རྒྱབ་སྐྱོར་མཛདཔས བསོད་ནམ་ཆེ་ཞིང་ཕན་ཡོན་བསམ་གྱི་མི་ཁྱབ་སྟེ། མདོ་ལས། བདེར་གཤེཌ་གཞལ་ཡས་གནས་བརྩེཌ་པ། ལས་ལ་བཟང་བའི་རབ་ཡིན་ཏེ། ཤིན་ཏུ་དཀོན་པའི་མཆོག་ཡིན་པའི། བརྒྱ་ལ་ན་ཡང་གཅིག་འབྱུང་ཙམ། འདིར་འཚོཌ་སྐལ་ལྡན་བསོད་ཅན་ཡིན། དུས་ལ་བབས་སོ་སྤྲིན་བཞིན་འདུས། དོན་དང་མཐུན་པའི་དཔེ་བརྩལ་ན། མུ་ཁྱུད་བདལ་བའི་མཚོ་གླིང་དུངང་པའི་རྒྱལ་པོ་ཁྲུས་བྱེད་བཞིན། འདི་ལ་མ་ཡེང་བྲེལ་བའི་རིཌ། དཀྱིལ་འཁོར་བདེར་གཤེཌ་ཕོ་བྲང་འདིར། གྱད་ཀྱི་གཞུ་བརྡུང་རྒྱུད་བཞིན་དུ། དད་པའི་སྟོབས་ཀྱི་ཐང་བཅད་ནས། ས་སྤར་གང་གི་དཔང་བསྟོད་ཅིང་། ཆུ་ཀྱོག་གང་གི་ཆག་བཏབ་པས། ཆུ་ཀྱོག་གང་གི་ཐིག་པ་དང་། ས་སྤར་གང་གི་རྡུལ་གྲངས་ཀྱི། དགའ་བདེ་བསོད་ནམ་འཕེལ་བར་འགྱུར་ ཞེས་བདག་ཅག་གི་སྟོན་པ་སངས་རྒྱས་ཀྱིས་གསུང་འདུག་པས། དགོན་གནས་འདུས་སྡེ་བཞེང་པ་ལ་ ས་དང་ ཆུ་དང་ གཞན་ཡོ་བྱད་རྒྱུ་ནོར་ཕུལ་བ་དང་ ལུས་ངག་གི་འབད་རྩོལ་གང་བྱས་དགེ་བའམ་བསོད་ནམ་ནི། དཔེར་ན། ས་སྤར་བ་གང་ཕུལ་བའི་རྡུལ་གྱི་གྲངས་དང་། ཆུ་ཀྱོག་གང་ཕུལ་བའི་ཐིག་པའི་གྲངས་བཞིན་ བསོད་ནམ་ཞེས་དགེ་བ་འབྱུང་ཞིང་ དགེ་བ་དེ་ཡང་རྒྱ་མཚོ་གསེར་ཐིག་གམཆུ་ཐིག་ཆུང་ཡང་རྒྱ་མཚོའི་རུ་མཞེས་པ་ལྟར། རྒྱ་ཆེར་འཕེལ་ཞིང་ཟད་པ་མེད་དེ་ དཔེར་ན་ཆུ་ཐིག་གཅིག་རྒྱ་མཚོར་ལྷུང་ན་རྒྱ་མཚོ་མ་ཟད་པར་ ཆུ་དེ་སྐམ་ཐབས་མེད་པ་བཞིན། དགོན་འདིརབླ་གྲྭ་དགེ་བྱེད་རྣམ་པས་མཚན་བཅས་མཚན་མེད་ཀྱི་ དགེ་གང་བྱས་ཀྱིས་བསོད་ནམ་མཉམ་དུ་ཐོབ་ནས ཇི་ལྟར་སྡིག་ཅན་ཡིན་ཀྱང་ ངན་སོང་གསུམ་ལས་ཐར་ནས སངས་རྒྱས་པར་ངེས་ཏེ། རྒྱུ་སྦྱོར་ཡོན་བདག་ཕོ་མོ་ཞེསབསྔོ་བ་དང་སྨོན་ལམ་གྱི་བསྡུས་པས་ཕྱིར་རོ། ཞེས་སོགས་བཤད་པ་ཡིན། ཞེས་སོགས་བཤད་པ་ཡིན། དེ་ཉིན་དངུལ་འབུལ་མཁན་མ་བྱུང་ཡང་། ཐོ་དགོད་མཁན་དུད་འགའ་བྱུང་བས། དེ་ཚོ་ལ་རིན་པོ་ཆེས། ཕྱག་ཐམ་དང་། དར་དཀར་བཅས། གནང་ནས་བར་ཆད་ལམ་སེལ་གསུང་པ་དང་། ཕྱག་དབང་གནང་བ་སོགས་མཛད། དབང་གནང་ཚར་བ་དང་། དགོན་པ་གསར་པ་སྤོ་ས། བཀྲིས་སུམ་མདོ་ཟེར་སར། གདན་འདྲེན་ཞུས་ནས། དེར་བྱིན་འབེབས་དང་ རབ་གནས་མཛད། དེ་ནས་ཕྲན་དང་བསམ་དགེ་གཉིས་དང་ལྷན་དུ། རུ་ཁག་གསུམ་པ། ཝེར་རྫོང་ལ་ཕེབས་ཏེ། དགོང་མོ་གསུར་ཆེན་བཏབ། བརྟན་རྩ་ཐོ་བཀོད་མཛད། དེ་མཚམས་བསམ་དགེ་ཕེབས་སོང། ཕྲན་ནི་ནམ་མཁའ་རིན་པོ་ཆེ་དང་ལྷན་དུ། ཝེར་རྫོང་དུ་བསྡད། ཕྱི་ཉིན་ཞོག་པ། ཝེར་རྫོང་དུད་རེ་རེ་ཁྱིམ་ཕེབས་མཛད་པས། བེ་རུ་སོང་ལ་སླེབས་དུས། ཕྲན་ལ་ད་གྲྭ་གསར་དེ་ཚོ། དེ་རིང་རྩེ་དྲུག་མགྲོན་ཁང་དུ་སོང་རྫོས། ཁྱེད་ཀྱི་ཆ་འཕྲོད་ཐབས་གྱིས། རྩེ་དྲུག་སོང་གི་རླངས་འཁོར་མར། རྩེ་དྲུག་ལ་འགྲོ་མཁན་ཡོད་ཟེར་གསུང་བྱུང་བས། ཕྲན་ནས་རིན་པོ་ཆེ། ངས་དགོན་འདིར་སྒྲུབ་གྲྭ་ཞིག ་ཚུགས་ཐུབ་པས་རེ་བ་ཤིན་ཏུ་ཆེ་བས། གྲྭ་གསར་འདི་ཚོ། འདིར་འདུག་བཅུག་རོགས་ཞུས་པས། ཁོང་ནས་ད་ཁྱོད་དཀའ་མོ་རེད། དགོན་པའང་སྤོ། སྒྲུབ་གྲྭའང་འཛུགས་དགོས་ན། འགན་ཁུར་མཁན་མི་མང་པོ་དགོས་རེད། ནག་རུ་དགོན་ལ་འགན་ཁུར་ནས། དུས་རྒྱུན་བསྡད་མཁན། ཁྱོད་མ་གཏོགས་ཡོད་མ་རེད་རྫོ་བཞིན་གདའ། ཁྱོད་མི་གཅིག་གི ་དགོན་པའི་ལས་དཀའ་ལ། འགན་ཁུར་རྒྱུ་དང་། སྒྲུབ་གྲྭ་ལ་དཔེ་ཁྲིད་བྱེད་རྒྱུ་གཉིས། ཁོམ་ཐབས་ཡོད་མ་རེད། ད་དང་པོ་དགོན་པ་བཞེངས། དེ་མཚམས་སྒྲུབ་གྲྭ་ལ་བསམ་མནོ་ཐོངས། གྲྭ་གསར་དེ་ཚོ་རྩེ་དྲུག་ལ་སོང་ལབ། ཡང་ན་ཉག་རོང་གཏོང་རྒྱུ་ཡིན་གསུང་བྱུང་བས།  དེར་ངས་ལས་དཀའ་ལ་འགན་ཁུར་མཁན་དང་། སྒྲུབ་གྲྭ་ལ་དཔེ་ཁྲིད་བྱེད་མཁན། ངས་ཐབས་ཤེས་བྱེད་ཆོག ་གྲྭ་པ་འདིར་སྡོད་མོས་མཁན་གདའ་ན། རིན་པོ་ཆེས་གཞན་ལ་སོང། མི་གསུང་རོགས་ཞུ། ཐུགས་རྗེའི་གཟིགས་ཟེར་བཞིན། ཕྲན་གྱི་དར་དཀར་དང་ཕྱག་ཕུལ་བས། ནམ་མཁའ་རིན་པོ་ཆེས། ད་ཁྱོད་ཀྱི་སྒྲུབ་གྲྭ་ཚུགས་ཐུབ་པས། རེ་བ་དེ་འདྲ་ཆེ་ན། གྲྭ་གསར་དེ་ཚོ། དགོན་པ་གར་སྡོད་དྲན་ན། ཁོ་ཚོའི་རང་མོས་གྱིས་ལབ། གལ་སྲིད་སྒྲུབ་གྲྭ་ཚུགས་སོང་ན། ཁྱོད་དགོན་པར་སྡོད་ནས། སྒྲུབ་གྲྭ་ལ་འགན་ལེགས་པོ་ཁུར་ཏེ། དཔེ་ཁྲིད་གྱིས། འཚོ་བ་དང་སྡོད་ས་ལྕི་ཤིང་སོགས། དགོན་པས་གནང་དགོས་རེད་གསུང་བྱུང་བས། ངས་རིན་པོ་ཆེ་དཀའ་དྲིན་ཆེ། སྒྲུབ་གྲྭ་ལོ་གསུམ་ལ། ངས་འགན་ལེགས་པོ་ཁུར་ནས། རྗེས་སུ་རིན་པོ་ཆེ། ཁྱེད་ལ་རྩིས་འཕྲོད་པ། བྱེད་འོང་ཞུས་པ་ཡིན་ལ། དགོན་པར་ཡོད་པའི་གྲྭ་གསར་དེ་ཚོར། ནམ་མཁའ་རིན་པོ་ཆེས། ཁྱོད་ཚོ་གར་སྡོད་དྲན་ན། སྡོད་ཆོག་རེད་གསུང་བྱུང་བས། ད་ལོ་ནག་རུ་དགོན་ལ། སྒྲུབ་གྲྭ་འཛུགས་རྒྱུ་ཡིན། ཁྱེད་ཚོ་སྡོད་འདོད་ཡོད་ན། སྡོད་ས་དང་། འཚོ་བ། ལྕི་ཤིང་སོགས། དགོན་པས་འགན་ཁུར་འོང་ལབ་པ་ཡིན། དེ་ཉིན་ནམ་མཁའ་རིན་པོ་ཆེ། རུ་ཁག་གཉིས་པར་བྱོན། ཕྲན་དང་བསམ་དགེ ་དཔལ་མཆོག་བཅས་མཉམ་དུ་སོང་། དེར་སྡེ་ཡིས། བརྟན་རྩ་ཐོ་བཀོད་པ་དང་། འགའ་ཤས་ཀྱི་དངུལ་ཕུལ་སོང་བས། དེ་སྐབས་འགོ་ཁྲིད་དང་བླ་གྲྭ་ཚོའི་གྲོས་བྱས་ནས། དངུལ་ཕུལ་བ་བསམ་དགེའི་ཐོ་འབྲི་རྒྱུ་དང་། བླ་མའི་དངུལ་ཉར་རྒྱུ། དེ་ནས་གཉེར་པས། དངུལ་མཁོ་རིམ་བཞིན། བླ་མའི་ཕྱག་ནས། ལེན་དགོས་ཟེར་བས། དེ་ལྟར་བྱེད་རྒྱུ་ལས། མིན་ཟེར་མ་ཕོད། ཕྱི་ཉིན་ནམ་མཁའ་རིན་པོ་ཆེ་དང་། ངེད་ཚོ་བཅས། རུ་ཁག་ལྔ་པའི་སྒོ་མེད་ལ་ཕེབས། དེར་འབོ་མར་ལོ་ཚང་ལ། གྲྭ་བསྒྲིགས་བྱས་འདུག་པས། དེར་ཚང་མ་འདུས་བྱུང་བས། དེ་སྐབས་ཡོན་བདག་རྒྱལ་བ་ཟེར་བ་དེས།  བསམ་དགེ་ལ་འདི་སྐད་ཟེར་སོང། དེ་སྔ་ངེད་ཚོ་སྡེ་ཡི་ལྡོམ་བུ་སོགས། ང་ཚོའི་དགོན་པ་ལ་དྲག་དྲག་བྱས་ཏེ། ཕུལ་བ་ཡིན་ལ། བརྟན་རྩ་ཞལ་འདེབས་མ་ཕུལ་བསམ་པ་མེད། འོན་ཀྱང་ཁྱེད་མཁན་པོ་དང་། གྲྭ་པ་ཐམས་ཅད་དགོན་པར་མི་འདུག་པར། ཚེ་གཅིག་ལ་གྲོང་གསེབ་ལ་རང་། ཆང་ཕས་ཀྱོག་དང་ཡོང་འབེབས་ཀྱི་ཆེད་དུ་བཞུགས་བསྡད་ན། དགོན་པ་རྒྱབ་པས་དགོས་པ་མི་གདའ་ཟེར་སོང་བས། བསམ་དགེས། ངས་དེ་སྔ་ནག་རུ་དགོན་པའི། འགན་ཁུར་མིང་བཏགས་ཕྱིན་ཆད། དགོན་པ་ནང་ཆེན་པོ་བསྡད་རྒྱུ་རེད་མ་ཐལ་ཡང་། དགོན་པའི་འགན་ཁུར་བསྡད་པ་ཡིན། ཟེར་སོང་བས། རྒྱལ་བ་ནས། རེད་རེད་ཁྱེད་མཁན་པོ་རྣམ་པས། འགན་ཁུར་སྐབས། དགོན་པའི་དཔལ་འབྱོར་ཐམས་ཅད། འགན་ཁུར་གྱིས་གཉེར་པས་ཟོས་རབས་བཤད། གཉེར་པས་མཁན་པོས་ཟོས་རབས་བཤད། སུས་ཟོས་ཡོད་མེད་མ་ཤེས་ཀྱང་། གང་ལྟར་དགོན་པ་ལ། བླ་མ་གྲྭ་པ་སྡོད་མཁན་མེད་པ་དང་། དགོན་པའི་ལོ་དུས་ཀྱི་ཚོགས་འདུ་བ་ཆད། སྒྲུབ་ཁང་འང་བཞུགས་མཁན་མེད་པར་གྱུར་ཏེ། དགོན་པ་འགྱེལ་སོང་བ་རེད་ལ་ཁྱེད་རྣམས་པ། བླ་གྲྭ་ཚང་མ་ཆང་འཐུང་བཞིན་སོ་སོའི་ཁྱིམ་དུ་བསྡད། ད་རུང་དགོན་པའི་འགན་ཁུར་ཀྱིས། མིང་ཁུར་ནས་འགོ་ཕན་མེད་པས་འགོ་རྫོད་བྱས་ཏེ། དགོན་པ་རྩ་མེད་འགྲོ་ལ་ཁད་རེད་སོང་དུས། བླ་མ་འོད་རྒྱས་ཀྱིས། འགན་ངོ་མ་ཁུར་ཏེ། ཚེགས་དཀའ་ལས་རྒྱབ། རྒྱུ་དཔལ་འབྱོར་བཞག་ནས་དགོན་པ་འདི། ལོ་རེ་བཞིན་ཡར་རྒྱས་སོང་བ་རེད་ལ། དགོན་པར་འཚོགས་རྒྱུ་འདུ་རྒྱུ་ཡོད་པ་དང་། དགོན་པར་བླ་མ་གྲྭ་པ་སྡོད་མཁན་ཡོད་པ་བྱུང་བ་དང་། ང་ཚོ་སྡེ་ཡིས། རེ་ས་སྐྱོབས་གནས་ཡོད་པ་བྱས་ཏེ་ལོ་མང་སོང་ཡང་། མཁན་པོ་ཁྱེད་ད་རང་དུས་རྒྱུན་སྡེ་ནང་ལ་བྱོན། དེ་ནས་ཁྱིམ་ནང་ལ་བཞུགས་འདུག་རེད་དུས། ཁྱེད་དགོན་པའི་འགན་ཁུར། ཀྲུའུ་རིན་གཞོན་པ་བསྐོས་པ་དང་།  མཁན་པོའི་མིང་ཁུར་ཏེ། ལོ་མང་པོ་དེ་འདྲ་སོང་ཡང་། དགོན་པར་ལོ་གཅིག་འཁོར་བ། བཞུགས་མྱོང་ཡོད་མ་རེད། མཁན་པོའི་མིང་ཁུར་བ་ཙམ་ལས། དགོན་པར་བོན་འཆད་ཉན་ནི་ཉིན་གཅིག་ལ་ཡང་བྱེད་མྱོང་ཡོད་མ་རེད་དུས། ཁྱེད་ཀྱི་གྲྭ་པ་ཚོ་ལ་མིག་ལྟོས་ག་འདྲ་མཛད་པ། ཚང་མ་ཡི་ཕར་བལྟས་ཚུར་གསལ་རེད། ཅེས་པ་སོགས་ཟེར་ཏེ། གོང་དུ་ནམ་མཁའ་རིན་པོ་ཆེ་དང་། བར་དུ་ཡོན་བདག་ཚང་། འོག་ཏུ་མི་མང་པོ་ཡོད་སར། ཁོང་གཉིས་ཁ་རྩོད་ཆེན་པོ་ཞིག་གཏུག་སོང་། དེ་སྐབས་ཕྲན་གྱིས། ད་མ་བཤད་ད་མ་བཤད་ལབ་པས། ཁོང་གཉིས་ཁ་རོག་བསྡད་སོང་། དེ་ནས་བརྟན་རྩ་ཐོ་བཀོད་ཚར་རྗེས། ལྷ་རག་གྲོང་དུ་ཕེབས། དེར་སྡེ་ཚང་མ་འདུས་སྐབས། ཡང་ཡོན་བདག་ཨོ་ལིད་མགོ་ཡིས། འདི་སྐད་ཟེར། ང་ཚོའི་བརྟན་རྩ་དྲག་དྲག་བྱས་ཏེ་འབུལ་འོང་། ཁྱེད་དགོན་པ་ཚང་གི་ཀྱང་། བླ་མ་འོད་རྒྱས་ཀྱིས། འགན་མ་ཁུར་སྔོན་དུ།  དགོན་པའི་དངུལ་འགའ་ཤས་གཉེར་པར་མཁང་།༼་་མཁང་ནི་ཡུལ་སྐད་དུ་མཁོ་སོང་བས་དོན་་༽ འགའ་ཤས་མཁན་པོར་མཁང་། འགའ་ཤས་དབུ་མཛད་ལ་མཁང་། འགའ་ཤས་གཞན་ལ་སྒེར་ཀྱི་ངོ་བསྟོད་བྱེད་དུ། གཡར་ནས་ཚུར་མ་ལོན་པ་དེ་འདྲ་རེད། མ་སོང་བ་མཛད་རོགས། བླ་མ་འོད་རྒྱས་ཀྱིས། འགན་ཁུར་ཚུན་ལོ་རེར། དགོན་པའི་དཔལ་འབྱོར་གཏོང་ཡོང་ལྷག་བསྡད། ཚང་མ་རྩིས་གཏུག་པས། བཤོ་སྲོལ་བཞིན་རྩིས་གཏུག་རྒྱུ་ཡོད་པ། བྱེད་རོགས་ཟེར་སོང་། དེར་བརྟན་རྩ་ཐོ་བཀོད་མཚམས། ནམ་མཁའ་རིན་པོ་ཆེ། གསེར་རྩར་བྱོན་སོང་། ཕྲན་ནི་ཡར་དགོན་པར་འོང་བ་ཡིན། ཕྱི་ཉིན། ཕྲན་གྱིས་གྲྭ་པ་གསར་རྙིང་ཐམས་ཅད་ལས། སྒྲུབ་གྲྭར་ཞུགས་མཁན། ག་ཚད་ཡོད་པ་སྐད་ཆ་དྲིས་པས། གྲྭ་རྒན་བྱང་རྒྱལ། བློ་ལྡན། སྐལ་ཐལ། གསུམ་དང་། གྲྭ་གསར་གོང་འཕེལ། ཤེས་རབ། དངོས་གྲུབ། བསྟན་འཛིན། གཙུག་ཕུད། གཤེན་བསྟན། ཀུན་བཟང་། ནམ་མཁའ།ཐོག་མེད། བཅས་འདུག་པས། ད་སྒྲུབ་གྲྭ་གཙུག་ན། འགྲིགས་ས་འདུག་བསམ་པ་བྱུང་བས། དགོན་པའི་བླ་གྲྭ་རྣམས་དང་། འགོ་ཁྲིད་རྣམས། སང་ཉིན་དགོན་པར་གྲོས་བསྡུར་ལ། བྱོན་འོང་རོགས། ཞེས་ཁ་སྤར་རྒྱབ་པ་ཡིན། སྤྱི་ཟླ་་༣་པའི་ཚེས་༢༣་ཉིན། བླ་གྲྭ་དང་འགོ་ཁྲིད་མང་ཆེ་བ་འབྱོར་བྱུང་བས། ད་ང་ཚོའི་དགོན་འདིར་ལོ་མང་པོའི་གོང་ནས རེ་བ་བྱེད་མྱོང་བས་སྒྲུབ་གྲྭ་དེ། ད་ལོ་ཚུགས་ས་གདའ། སྒྲུབ་གྲྭ་ལ་འཚོ་བ་དང་། ཡོན་ཏན་སློབས་རྒྱུ་དེ་དཀའ་མོ། མ་རེད། དཀའ་ཤོས་ནི་ལྕི་ཤིང་རེད། དེ་སྔ་དགོན་འདིར་ལྕི་ཤིང་། ཐིང་མང་ཆད་མྱོང་བ་རེད། ད་ཁྱེད་བླ་གྲྭ་རྣམས་པ་དང་། འགོ་ཁྲིད་བཅས་ཀྱིས། ཤུགས་རྒྱབ་དགོས་པས། དུས་ལ་སླེབས་ཡོད་རེད། དགོན་པ་སྤོ་རྒྱུ་ཡིས། ཆོག་མཆན་ཞུ་རྒྱུ་དང་། སྒྲུབ་གྲྭ་འཛུགས་རྒྱུ་བཅས། དོན་དག་ཆེན་པོ་གཉིས་རེད། ད་ང་ཚོའི་ག་འདྲ་བྱེད། ཚང་མའི་ཙིག་གསུང་རོགས་ལབ་པ་ཡིན། དེར་བླ་གྲྭ་ཚང་མའི་སྒྲུབ་གྲྭ་འཛུགས་དགོས་རེད། འཚོ་བའི་ཐད་སེམས་ཁྲལ་དགོས་མག ་དགོན་པ་སློང་མོ་ནི་འགྲོ་དགོས་རེད། དཔལ་འབྱོར་སྒོམ་སྒྲུབ་བྱེད་མཁན་ལ་ལོས་གཏོང་ཟེར། འགོ་ཁྲིད་ཚོས། ལྕི་ཤིང་ལ་སེམས་ཁྲལ་མི་དགོས་ ངེད་ཚོའི་འགན་ཁུར་འོང་ཟེར། དེར་ངས་དགོན་པ། ཆོག་མཆན་ཞུ་རྒྱུ་དེ། སུས་འགན་ཁུར། སྒྲུབ་གྲྭ་ལ། དཔེ་ཆ་སློབ་མཁན། ག་འདྲ་བྱེད། ཕྱི་ཕྱོགས་ནས། དགེ་བཤེས་ཞིག་གདན་འདྲེན་རྒྱུ་ཨེ་རྙེད་བལྟ་འམ། ཡང་ན་མཁན་པོ་བསམ་དགེ་ཁྱེད་ཀྱིས། དཔེ་ཁྲིད་བྱས་ནས། འགན་ཁུར་ལབ་པས། མཁན་པོ་ཡིས། ངས་སྦྱོང་པ་ཐམས་ཅད། ད་ལོ་གྲངས་མང་པོ་ལ། དཔེ་ཆ་བལྟ་མ་ཁོམ། དེ་ནས་ཆང་རག་འཐུང་བསྡད་པས། བརྗེད་འདུག་འོན་ཀྱང་། གང་ཤེས་སློབ་ཆོག་ཀྱང་། ང་ཁོམ་མི་ཁོམ་འོང་རེད། བླ་མ་ཁྱེད་ཀྱིས། ཤར་རྫའི་བཀའ་སྦྱོང་མྱོང་ཡོད་རེད་བར། ཁྱོད་ཀྱིས་ཀྱང་གང་ཤེས་དཔེ་ཁྲིད་གྱིས། དགེ་བཤེས་སོགས། མི་གཞན་ཞིག་ལ་རེ་བ་ལས། སྒྲུབ་གྲྭའི་འགན་ངེད་གཉིས་ཀའི་ཁུར། ད་ནག་རུ་དགོན་པར་སྒྲུབ་གྲྭ་ཚུགས་རེད་རྫོ། གྲྭ་པ་འདི་དག་ལ། སྒྲུབ་གྲྭ་རྫོ་མིང་བཏགས། དེ་རྗེས་འཐོར་སོང་ན་དཀའ་མོ་རེད། དགོན་པའི་བླ་མ་དང་། ཀྲུའུ་རིན་ཁྱེད་ཡིན་དུས།  ཁྱེད་ཀྱིས་འགན་གཙོ་བོ་ཁུར་དགོས་རེད། བཟང་ངན་དང་། ཡག་རྩོག་གང་རེད་ཀྱང་། ད་གཟུར་རྒྱུ་གཡོལ་རྒྱུ་ཡོད་མག་ཟེར་བས། ངས་སྒྲུབ་གྲྭ་ལ་རང་ནུས་གང་ཡོད་ཀྱིས། ཞབས་ཞུ་སྒྲུབ་ངེས་ཡིན་ཀྱང་། འདིར་སྒྲུབ་གྲྭ་ལ་དཔེ་ཁྲིད་བྱེད་མཁན། དགེ་བཤེས་ཞིག་གདན་འདྲེན་རྒྱུ་རྙེད་ན། བསམ་ལབ་པས། དེར་ཡོད་ཚང་མས། ཕྱི་ཕྱོགས་ནས། དགེ་བཤེས་ཤིག་གདན་འདྲེན་ནས། ནག་རུ་དགོན་ལ། སྒྲུབ་གྲྭ་འཛུགས་ཤོད་རྫོ་དགོས་ན། དཀའ་མོ་རེད། ད་ལྟ་ང་ཚོའི་དགོན་པ་ལ། བླ་མ་མཁན་པོ་གང་དགོས་དགོས་ཡོད་དུས། ཁྱེད་ཚོའི་འགན་མི་ཁུར་ནས། ཕྱི་ཕྱོགས་ནས། དགེ་བཤེས་ཤིག་གདན་འདྲེན་ནས། དེ་ལ་སྒྲུབ་གྲྭའི་འགན་ཁུར་བཅུག་དགོས་དོན་ཡོད་མག་ དེ་ལས། གནས་སྐབས་སྒྲུབ་གྲྭ་ལ། བླ་མ་དང་། མཁན་པོ་ཁྱེད་གཉིས་ཀྱི། གང་ཤེས་བསླབ། དེ་ནས་གང་དགོས་བལྟ། དགོན་པ་གནས་སྤོས་ཀྱི་ཆོག་མཆན་ཞུ་རྒྱུ་དེ། འགན་གཙོ་བོ། བླ་མ་ཁྱེད་ཀྱི་ཁུར་དགོས་རེད་ཟེར། ངས་མི་ཡ་རྫོ་ལེ་མིན། དགོན་པ་སྤོ་རྒྱུ་ཡི། ཆོག་མཆན་ཐོབ་ཐུབ་པས། སེམས་ཤུགས་ཡོད། འོན་ཀྱང་བླ་གྲྭ་རྣམས་པ་དང་། འགོ་ཁྲིད་ཚང་མའི་རྒྱབ་སྐྱོར་རོགས་རིམ། བྱེད་རོགས། བཤད་པ་ཡིན། དེ་ནས་བོད་ལྕགས་སྟག་ལོའི། བོད་ཟླ་གཉིས་པའི་ཚེས་བཅུ་གསུམ། སྤྱི་ལོ་༢༠༡༠་ལོའི་ཟླ་༣་པའི་ཚེས་༢༨་ཉིན། སྒྲུབ་གྲྭ་གཙུག་རྒྱུ་གཏན་འཁེལ་དང་། དེ་ཉིན་ནམ་མཁའ་རྒྱལ་མཚན། རིན་པོ་ཆེ་གདན་འདྲེན་རྒྱུ་གྲོས་བྱས། དེ་ནས་ཚེས་༡༣་ཉིན། ཁ་བ་ཆེན་པོ་ཞིག་བབས་ཏེ། ཡུལ་ལུང་དཀར་པོར་གྱུར་འདུག་པས། རྟེན་འབྲེལ་ལེགས་བསམ་པ་ཤར། དེ་ཉིན་ཞོག་པ་མཁན་པོ་ཁྱིམ་ནས། དགོན་པར་ཡར་བྱོན་བྱུང་ལ། དྲོ་གཞུང་ནམ་མཁའ་རིན་པོ་ཆེ་ཕེབས་ནས། སྒྲུབ་གྲྭ་དབུ་གཙུག་སྟེ། སྔོན་འགྲོའི་ངག་འདོན་གྱི་ཁྲིད་ལུང་གསུང་། དེ་སྐབས་ནམ་མཁའ་རི་པོ་ཆེས། ཕྲན་ལ་ད་ཁྱེད་ཀྱིས་རེ་བ་ལྟར། སྒྲུབ་གྲྭ་ཚུགས་ལེ་རེད། ད་སྒྲུབ་གྲྭ་འདི་མཐར་མ་ཕྱིན་བར་དུ། བླ་མ་ཁྱེད་ཀྱི་འགན་ཡག་པོ་ཁུར་ཤོགས། གཙོ་བོ་ཤར་རྫ་རིན་པོ་ཆེའི། བཀའ་དེ་ཚོ་ཁྲིད། དེ་ཚོ་ལས་ཀྱང་། སྔོན་འགྲོ་དངོས་གཞི་དང་། སྡེ་སྣོད་མཛོད་དབྱིངས་རིག་མཛོད། གསང་སྔགས་བསྐྱེད་རྫོགས། སྡོམ་གསུམ་། བྱང་སེམས་ལྔ་བཅུ་པ་བརྒྱ་རྩ་པ་བཅས། ཁྲིད་དགོས་པ་ལས། ལེགས་བཤད་མཛོད་དང་། ལུང་རིག་མཛོད་སོགས། མ་ཤེས་ནའང་ཆོག་རེད་གསུང་། དེ་ལྟར་སྒྲུབ་གྲྭ་དབུ་ཚུགས་པ་རེད།  དེ་ནས་བཟུང་སྒྲུབ་གྲྭ་རྣམས་ལ དཔེ་ཁྲིད་བྱེད་ལུགས། ཕྲན་དང་བསམ་དགེ་གཉིས་གྲོས་བྱས་པ་བཞིན། ཉིན་བདུན་རེའི་ནང་། ངལ་གསོ་སྐབས་མ་གཏོགས། ཉིན་ལྟར་ཕྲན་གྱི་ཞོག་པ་དང་། སྔོན་འགྲོ་བཀའ་ལུང་བརྒྱ་མཚོ་ཁྲིད་པ་དང་། ཕྱི་དྲོ་རྒྱུག་ལེན་ནས་གྲོས་བསྡུར་བྱེད་པ་ཡིན། བསམ་དགེའི་སྔ་དྲོ། འམ་ཕྱི་དྲོ་གང་རུང་ལ།  བཀའ་ལུང་བརྒྱ་མཚོ་བསྐྱར་ཁྲིད། ཐིང་གཅིག་ཁྲིད་མཛད་པ་རེད།

Re:སྨྱོན་པའི་ལོ་ཐོ།  21 | 2013/11/8 11:00:58
སྐུ་མགྲོན་w06Ev3(སྐུ་མགྲོན)ངོ་ཚ་མེད་པའི་ཡུལ་མི་འགའ།

ཨ་རྫིད། ཨ་གསར་ཆེ་བའི་བློ་གསར་མང་ན་མ་གྲོས་དོན་ཆེན་འགྲུབ་པ་དཀའ།། དྲིན་ཆེན་ཞིག་གི་བཀའ་དྲིན་མ་ཚོར་དྲིན་ལན་དཔུང་པ་རྡོ་ཡིས་འཇལ།།
བྱིས་དུས་འགའ་ཞིག་རྐང་པ་མ་ཧྲང་ཉམས་དུས་དྲིན་ཆེན་རྒད་མོས་སྐྱོང་།། དར་དུས་འགའ་ཡི་དྲིན་ངོ་མ་ཤེས་མི་འདོད་ཐལ་བ་གནམ་ལ་གཏོར།།

གཞོན་དུས་འགའ་ཡིས་གཞོན་རོཊ་འགྲིཊ་དུས་ཁེར་རྐྱང་སྒོ་ལ་བཀར་བ་གྲཊ།།
ཡིད་ཕམས་བརྒྱ་ནང་ཕམས་པ་ཆེན་པོ་དེ་ལས་ལྷག་ཞིག་འོང་དོན་ཅི།།
དེ་སྐབས་ཞིག་ལ་མྱ་ངན་ཞུས་ཏེ་བརྡ་དར་ཕྱེད་ཀ་ཕབ་དགོས་བྱུང་།།
ཁེར་རྐྱང་བློ་བདེའི་གྲྭ་རྐྱང་ང་ནི་དབུ་མའི་སྲང་ལམ་བསྐྱོད་རྒྱུ་གྱིས།།

རང་རང་སོ་སོའི་མི་བུ་རང་ལ་བསམ་གཞིག་བྱེད་པའི་དུས་སྐབས་ཞིག།
སྔར་བྱས་ལས་ལ་འགྱོད་པ་ཞིག་དང་ཕྱིས་བྱས་མི་བྱེད་དམ་བཅའ་ཞིག།
ཨི་དགོས་མི་དགོས་རང་ལ་བལྟ་བའི་ཕྲ་མཐོང་ཆུ་ཤེལ་ཡང་བསྐྱར་གྱོན།། རང་སྐྱོན་རི་བོ་ཞིབ་ཕྲ་དཔྱོད་གདའ་ལྟད་མོའི་ཁྲོམ་རྭ་དེ་ལས་སུ།།

མ་མཐོང་རང་སྐྱོན་དེ་ལྟར་བསྡད་ན་མི་འདོད་རྒད་པོ་རིམ་བཞིན་ཐོན།།
དེ་ལྟར་ཡིན་ན་ཁྱོད་ཚོའི་དམིགས་གཏད་འཕེལ་རྒྱས་དོན་ཆེན་སུ་ཡིས་གཏོང་།། རྒྱང་རིང་ཞིག་གི་མི་བུ་ང་ལ་ཡིད་ཕམ་བྱུང་བ་ཐེངས་གཅིག་མིན།།
རྩོམ་པ་པོ།:སྐུ་མགྲོན་w06Ev3(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྨྱོན་པའི་ལོ་ཐོ།  21 | 2014/4/21 1:13:38
སྐུ་མགྲོན་Osj7My(སྐུ་མགྲོན)
ཡིད་ཕམ་པའི་ང་དང་བླ་མ་གཉིས།


མི་འཇོན་མཁན་པོས་ཁྲི་ལ་རྔམ་སེམས་སྐྱེས།།
འཇོན་ཐང་བླ་རྒོད་སྒོ་ལ་བཀར་བ་སྐྱོ།།
བཀའ་དྲིན་མ་དྲན་གཤེན་རབ་མཐུ་རུ་དཔུང་།།
ཤེས་རིག་ཚིག་མཛོད་སློབ་མས་བསྲེཊ་པ་སྐྱོ།།
ཟི་ར་ལྕགས་དམར་སོག་ལེ་ནས།
རྩོམ་པ་པོ།:སྐུ་མགྲོན་Osj7My(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.