སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨན་བཅོས་བྱས་པ། ༣༣ | 2013/10/30 16:34:00

 ཟླ་་༤་་ ཚེས་༣་ཉིན། སྤྱི་བདེ་ཅུས་ནས་གོང་རིམ་སྨན་ཁང་དུ། འགྲོ་ཆོག་པས་འཛིན་རག་བྱུང་།  ཚེས་་༤་་ཉིན་ཆོས་དོན་ཅུས་ནས་འཛིན་ཞུས་ཏེ། ལྷ་སར་སྨན་བཅོས་ལ་ཚེས་་༥་་ཉིན་སྟེང་ཆེན་ནས་ཆབ་མདོར་འབྱོར་ཚེས་་༨་་ཉིན། ཆབ་མདོ་ཆོས་དོན་ཅུས་ནས། འཛིན་རག་ཚེས་་༡༠་་ཉིན་ཆབ་མདོ་ནས་སོང་ཏེ། སྤུ་བོར་འབྱོར། ཚེས་་༡༡་་བག་ཡབ་ལ་འབྱོར། ཚེས་་༡༢་་ལྷ་སར་འབྱོར་དེར་དཔྱད་ཕྲ་བྱས་པའི། མགོ་བོར་རྡོ་རྒྱབ་པའི་རྐྱེན་གྱིས། གླད་པར་ཁྲག་ཏོག་ཙམ་སོང་འདུག་པའི། འདི་ལ་སྐམ་ཁབ་རྒྱབ་པ་དང་བོད་སྨན་རིན་ཆེན་རིལ་བུ་ཟ་ནས། ག་ལེར་བཅོས་དགོས་ལ་ལོ་གཅིག་འཁོར་མཚམས་མ་སྐྱོན་ན་དེ་མིན་སྐྱོན་མ་རེད། མགོ་བོའི་རྩ་བསྣད་རྐྱེན་རྣ་བ་དང་གཡོན་དང་། མིག་གཡོན་ལ་སྐྱོན་ཏོག་ཙམ་རྒྱབ་འདུག་ཟེར། དེ་ནས་༢༠༡༣་་་༥་་ཚེས་༣་་ཉིན། ཆབ་མདོ་ནས། སྟེང་ཆེན་དང་དེ་ནས། དགོན་པར་འབྱོར། ཕྱི་ཉིན་ཚེས་་༤་་ཤང་བདེ་སྲུང་སོའོ་ལ་སོང་བས། སོའོ་ཀྲང་གིས། གནང་ཉིན་གཟའ་ཟླ་བར་འདིར་ཤོག་ཟེར། ཚེས་་༦་་ཉིན་ཞོག་པ་དགོན་པ་ནས་ལས་བྱེད། ཨ་དབང་དང་རྒྱལ་མཚན་ཁྲིན་ཁྲོར་བཅས་དང་མཉམ་དུ། ཤང་བདེ་སྲུང་སོའོ་ལ་སོང་བས། སོའོ་ཀྲང་ཚེ་དབང་ནོར་བུས། ཕྲན་ལ་བླ་མ་ཁྱོད་ཀྱིས་སྨན་འཛིན་ལ་བརྟག་ན། ཁྱོད་ཁྲིམས་ལུགས་རྒྱུད་ནས། གོང་རིམ་ལ་གྱོད་ཞུས་ན། རྡོ་རྒྱོབ་མཁན་གྲྭ་པ་དེ་ཚོ་བཙོན་ཁང་ནང་། ལོ་གྲངས་ཐག་གཅོད་བྱེད་རྒྱུ་རེད་ལ། ་ཆོག་མཁན་མ་ཞུས་པར་གཙུག་པས། སྒྲུབ་གྲྭ་ཟེར་བ་དེའང་མེད་པ་འགྲོ་རྒྱུ་རེད། ཁྱོད་བླ་མའི་གྲྭ་པ་བཙོན་ལ། བཙུད་རྒྱུ་ཡིན་དམ་མིན། དགོན་པར་གནོད་པ་བྱེད་མི་བྱེད་ཁྱོད་ཀྱིས་བསམ་མནོ་ཐོང་། ད་ཁྱོད་ཀྱི་ཅི་བྱེད་རྒྱུ་ཡིན་གདམ་ཀ་གྱིས། ཁྱེད་ཚོ་ཕྱོགས་གཉིས་ཀ་བློ་མཐུན་ན། ནང་གྲོས་བྱེད་རྒྱུའི་རེ་བ་གོང་རིམ་ལ་ཞུས་ནའང་ཆོག་རེད་ཟེར་བས། ངས་གྲྭ་པ་དེ་ཚོ་དང་དགོན་པ་ལ་གནོད་བསྐྱལ་རྒྱུ་མིན། དེ་ལས་སྨན་རིན་ཏོག་ཙམ་རག་ནའང་འདྲ་མ་རག་ནའང་འདྲ། གང་ལྟར་ངས་ནང་གྲོས་བྱེད་རྒྱུའི་རེ་བ་ཆེ། ལབ་པ་ཡིན། དེར་དགོན་པ་བདེ་སྲུང་གསུམ་ལ་སོའོ་ཀྲང་གིས། ནང་གྲོས་བྱས་ན། རྡོ་རྒྱབ་མཁན་གྲྭ་པ་དེ་ཚོས་བློ་མཐུན་དགོས་པས། དེ་ཚོ་ལ་འདྲི་དགོས་རེད་ཟེར་སོང་བས། དགོན་སྡོད་ལས་དོན་དེ་ཚོས་དགོན་པར། བསམ་དགེ་ལ་ཁ་སྤར་རྒྱབ་སྟེ། ནང་གྲོས་བྱེད་མིན་ཁྱེད་ཚོས། གྲོས་བཟོས་ཤོག་ཟེར་སོང་། དེ་ནས་ཆུ་ཚོད་གཅིག་ཙམ་གྱིས་རྗེས་ལ། བསམ་དགེ་ཤང་ལ་སླེབས་བྱུང་པ་དང་། ཁོ་ཚོའི་ང་ཕར་ཟུར་དུ་གཡོལ་སོང་ཟེར་བས། ང་སྒོ་ཕྱིར་སོང་བ་ཡིན། ཏོག་ཙམ་ནས་སོའོ་ཀྲང་གིས། ང་ལ་ད་ང་གཉིས་རྫོང་སྤྱི་བདེ་ཅུས་ལ་འགྲོ། དེ་ནས་ཁྱོད་རྫོང་སྤྱི་བདེ་ཅུས་ཀྱིས། ཇུས་དོག་བྱེད་རྒྱུ་རེད་ཟེར།  དེར་རྫོང་སྤྱི་བདེ་ཅུས་ལ་་ཚེས་་༦་ཉིན་སོང་བས། དེ་ནས་ལས་བྱེད་ཞིག་གིས། བླ་མ་ཁྱོད་ལ་རེ་བ་ཅི་འདྲ་ཡོད་ནའང། ཡི་གེ་བྲིས་ནས་སྤྲོད་ཤོག་ཟེར་བས། རེ་བ་འདི་ཞུས་པ་ཡིན། སྤྱི་བདེ་ཅུས་སོགས་དབུ་ཁྲིད་རྣམས་པར་ཞུ་གསོལ། ཕྲན་ལ་རེ་བ་གསུམ་ཞུ་རྒྱུ་ཡོད། རེ་བ་ཨང་དང་པོ་ནི། ཕྲན་ཤི་གསོན་གང་འདྲ་བྱུང་ནའང་། དེའི་རྐྱེན་གྱིས་དགོན་པ་གཞུང་དང་སྒྲུབ་གྲྭ་སྤྱི་ལ། ཤུགས་རྐྱེན་ངན་པ་མི་ཐུབ་པ་དང་། དགོན་པ་གཞུང་དང་སྒྲུབ་གྲྭ་སྤྱི་ལ། གནོད་པ་རྩ་བ་ནས་མི་འགྲོ་བ་དེ་ནི་ངས་རེ་བ་ཆེ་ཤོས་ཡིན་ལ། དེ་བཞིན་ཕྲན་ལ་རྡོ་རྒྱབ་ནས་བསད་རྩིས་བྱེད་མཁན། སྒྲུབ་གྲྭའི་མཁན་པོ་ཡས་རབ་དང་སྒྲུབ་གྲྭ་བ་ཐམས་ཅད། དགོན་པ་དང་སྒྲུབ་གྲྭ་ནས་མི་ཕུད་པར། སྔར་བཞིན་སོ་སོས་སློབ་སྦྱོང་བྱེད་བཞིན་དགོན་པར་སྡོད་ཆོག་པའི་རེ་བ་ཡོད། རེ་བ་གཉིས་པ་ནི། ཕྲན་དགོན་པ་ནས་དགོང་པ་གནང་རོགས་ཞེས་རེ་བ་ཞུ། རེ་བ་གསུམ་པ་ནི། ཕྲན་ལ་སྨན་རིན་ཙམ་བྱུང་ན་ང་ཚོ་ནང་གྲོས་བྱེད་ཆོག་པའི་རེ་བ་ཆེས་ཤིན་ཏུ་ཆེ། ཞུ་ཞུ་ཞུ། ཞེས་བྲིས་ནས་ཕུལ་བས། སྤྱི་བདེ་ཅུས་ཀྱི་རེ་འདུན་ཡི་གེ་དེ་ལ་བལྟས་རྗེས། སྤར་ཚར་གཉིས་གདབ་ནས་ཁོ་ཚོས་ཉར་བ་དང་། མ་དཔེ་ང་ལ་ཚུར་སྤྲད་དེ་བླ་མ་ཁྱེད་ཀྱི་རེ་བ་དེ་དག ང་ཚོའི་འབྲེལ་ཡོད་དབུ་ཁྲིད་ལ། ཞུ་ཆོག་མོད་དེ་མིན་དོན་དག་ཚང་མ་ང་ཚོས་ཐག་ཆོད་པ། དེ་འདྲ་རེད་མི་འདུག་ལ། ཁྱེད་ཀྱི་རེ་བ་དེ་དག་ལས་ནང་གྲོས་བྱེད་ཆོག་མིན། ཁྲི་འདུ་ནས་ཁྱོད་ཀྱིས་རྨ་ཚད་ཆེ་ཆུང་དང་། མིག་དང་རྣ་བ་ལ། སྐྱོན་ཆེ་ཆུང་། ཁྲིམས་དཔྱད་སྨན་པའི་དཔྱད་ཕྲ་བྱས་རྗེས་ཐག་གཅོད་དགོས། དེ་མིན་ཁྱོས་རེ་བ་དེ་དག་ཞུ་ས་རྫོང་ཆོས་དོན་ལས་ཁུངས་རེད། ཁྱོས་ཡི་གེ་དེ་ཆོས་དོན་ཅུས་དང་། འཐབ་ཕྱོགས་གཅིག་འགྱུར་པུ་ལ་སྤྲོད་ཤོག་ཟེར་བས། ངས་འོ་ལགས་སོ་ལབ་པ་ཡིན།  ཚེས་༡༣་ཉིན་སྤྱི་བདེ་ཅུས་ལ། ཤོག་ཟེར་བ་བཞིན་སོང་བས། སྤྱི་བདེ་ཅུས་ཀྱི་འཛིན་སྤྲད་དེ། ཁྲི་འདུ་ལ་སོང་ཟེར། དེ་ཉིན་ཆོས་དོན་ཅུས་ནས་འཛིན་ཞུས་ཏེ། ཕྱི་ཉིན་ཆབ་མདོར་སོང་ནས། ཡང་ཆབ་མདོ་སྤྱི་བདེ་ཁྲུའུ་དང་། ཆོས་དོན་ཅུས་ནས་འཛིན་ཞུས་པ་དང་། ཆབ་མདོ་ཆོས་དོན་ཅུས་ཀྱི་ཁྱོད་ལ་རེ་བ་ག་འདྲ་ཡོད་ཟེར་བས། ངས་གོང་གི་རེ་བ་དེ་ཕུལ་བ་ཡིན། དེ་ནས་གནམ་གྲུ་འཛིན་ལ་སྒོར་་༩༤༠་་སྤྲད་དེ་ཉོས། ཚེས་་༡༦་་ཉིན་སྤང་གདའ་གནམ་ཐང་བར། འཁོར་ཆུང་ལ་སོང་བ་དང་། དེ་ནས་གནམ་གྲུར་ཞུག་སྟེ་ཁྲི་འདུ་ལ་འབྱོར། ཚེས་༡༧་་ཉིན་ཁྲི་འདུ་ཧག་ཤིས་སྨན་ཁང་དུ། དཔྱད་ཁྲ་བྱས་པའི་རྣ་བ་གཡོན་པ་བརྒྱ་ཆ་བརྒྱད་ཅུ་འོན་འདུག་ཟེར། ཚེས་༢༠་་གཟའ་ཟླ་བར་ཁྲིམས་དཔྱད་སྨན་པའི་ཞིབ་དཔྱད་བཟོ་རྩིས་བྱེད་དུས། རྣ་བ་གཡོན་རྒྱ་ཆ་བརྒྱད་ཅུ་འོན་འདུག་ཀྱང་། རྨ་ཚད་ཆེ་ཆུང་རྨ་ཁ་སོས་འདུག་པས། སྔོན་མ་རྨ་ཁ་སྤར་གདབ་པ་དེ་ཚོ་ད་ལྟ་འདིར་བསྐུར་མི་འདུག་པས། ཁྲིམས་དཔྱད་བྱེད་ཐབས་མི་འདུག་པས། སྤར་དེ་ཚོ་ཁུར་ཤོག་ཟེར། དེ་ནས་ངེད་ལ་རོགས་བྱེད་མཁན་སྤྱི་བདེ་ལས་བྱེད་དེ་ཚོའི། རྫོང་སྤྱི་བདེ་ཅུས་ལ་དྲིས་སོང་བས། རྫོང་སྤྱི་བདེ་ཅུས་ཀྱི་དང་པོ་སྟེང་ཆེན་དུ་ཡར་ཤོག་ཟེར་བ་ལྟར། ཚེས་་༢༦་་ཉིན་སྟེང་ཆེན་དུ་འབྱོར། ཚེས་་༢༧་ཉིན་རྫོང་སྤྱི་བདེ་ཅུས་ལ་སོང་བས། ཁྱོད་ད་ཤོག་ཟེར་དུས་ཤོག་ དེ་མིན་འདིར་མ་ཡོང་ཟེར་བས། ཟླ་་༦་་པའི་ཚེས་་༥་་ཉིན། ཤོག་ཟེར་བ་བཞིན་རྫོང་སྤྱི་བདེ་ཅུས་ལ་སོང་བས། དེ་ནས་རྨ་ཚད་ཆེ་ཆུང་ཁྲིམས་དཔྱད་བྱེད་པར། ཆབ་མདོར་འགྲོ་དགོས། ཆོས་དོན་ཅུས་ནས་འཛིན་ཞུས་ཏེ། ཆབ་མདོར་སོང་ཟེར་བ་བཞིན་འཛིན་ཞུས་ཏེ། ཚེས་༦་ཉིན། ཆབ་མདོར་སོང་། ཚེས་༩་ཉིན་ཆབ་མདོ་ཁྲིམས་དཔྱད་སྨན་པས། སྨན་འཛིན་ལ་བརྟག་དཔྱད་བྱས་རྗེས། ངས་རོགས་པ་རྫོང་སྤྱི་བདེ་ཅུས་ཀྱི་ལས་བྱེད་དེར། རྫོང་སྤྱི་བདེ་ཅུས་ནས། མགོ་ལུས་ཀྱི་རྨ་ལ། ཁྲིམས་དཔྱད་བྱེད་དགོས་ཚུལ། བཤད་འདུག་ཀྱང་། ལྷ་ས་དང་ཁྲི་འདུ་ཡིས་སྨན་འཛིན་ལས། རྡོ་རྒྱོབས་པས་མགོ་བོའི་རྩ་སྣད་དེ། གླད་ཁྲག་ཏོག་ཙམ་འདྲེས་པས། རྐྱེན་ལས་རྣ་བ་དང་མིག་ལ་སྐྱོན་རྒྱབ་ཡོད་ཚུལ་བྲིས་འདུག་པས། འདིས་མགོ་ལུས་ཀྱི་རྨ་ཁ་གཅིག་པུ་ལ། ཁྲིམས་དཔྱད་བྱེད་རྒྱུ་མི་འདུག་ འདི་ཁྲི་འདུ་ལ། ཆབ་མདོ་ཁྲིམས་དཔྱད་སྨན་པ་ངས་བྲིས་པས། འཛིན་འདི་ཁུར་ནས་བཏང་དགོས་པ་དང་། དེ་རྗེས་ཐག་གཅོད་བྱེད་དགོས་པ་ལས། མིག་དང་རྣ་བ་ལ་རྐྱོན་ཆེན་པོ། ཡོད་ཚུལ་བཤད་འདུག་པས། འདི་གནས་ཚུལ་ཆུང་ཆུང་གྲས་རེད་མི་འདུག་ཟེར་སོང་བས། དེ་ནས་ངེད་གཉིས་སྟེང་ཆེན་དུ་ཡར་འོང་ཚེས་༡༠་ཉིན་དགོན་པར་འབྱོར། ཚེས་༡༡་ཉིན་རྫོང་སྤྱི་བདེ་ཅུས་ལ་སོང་བས། རྫོང་སྤྱི་བདེ་ཅུས། ཉེས་དོན་ཉེན་རྟོགས་རུ་ཆེན་གྱི་རུ་དཔོན། ཚེ་རིང་བསོད་ནམ་གྱིས། ཐག་གཅོད་ག་འདྲ་དགོས་པ། རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ། ཚེ་དབང་དོན་འགྲུབ་ལ། དྲིས་སོང་བས། རྫོང་སྤྱི་བདེ་ཅུས་ཀྱི། ཅུས་ཀྲང་གཞོན་པ། ཚེ་དབང་དོན་འགྲུབ་ཀྱིས། བླ་མ་དེ་ལ་ནང་གྲོས་བྱེད་མིན་སྐད་ཆ་དྲིས་ཏེ། ནང་གྲོས་བྱེད་འདོད་འདུག་ན། ནང་གྲོས་བྱེད་ཆོག་རེད་ཟེར་སོང་བས། དེར་རུ་དཔོན་ཚེ་དབང་བསོད་ནམ་གྱིས། ཕྲན་ལ་འདི་སྐད་ཟེར། ཁྱོད་ནག་རུ་བསམ་གཏན་གླིང་། དགོན་པའི་གཙོ་བདག་བླ་མ་དང་། སྔོན་མ་ཡིན་ན། དགོན་པ་དམངས་གཙོ་བདག་གཉེར། ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ད་ལྟ་ཡིན་ན། དགོན་པ་དོ་དམ། ཨུ་ཡོན་ལྷན་ཁང་གི་ ཀྲུའུ་རིན་གཞོན་པ་རེད་འདུག་ཁྱོད་དགོན་པའི་བླ་མ་དང་། དགོན་པའི་འགན་ཁུར་ཞིག་གིས། གྲྭ་པ་འདི་ཚོ། བཙོན་ལ་བཙུད་རྒྱུ་ཨེ་ཡིན། ངས་བལྟས་ན། ཁྱོད་ཚོ་གྲོས་བྱེད་ན་དགའ་ས་རེད། ཁྱོད་ཀྱི་བསམ་ཚུལ་ག་འདྲ་ཡོད། ཁྱོད་ཀྱི་སྨན་འཛིན་ལ་བལྟས་ན། ཁྱོད་ཀྱི་རྣ་བ་དང་མིག་ལ། རྐྱོན་ཆེན་པོ་འདུག་ཟེར་བས། ད་ཐིང་ཁྱོད་ཁྲི་འདུའ་ལ་སོང་ནས། ཁྲིམས་དཔྱད་སྨན་པས། ཁྲིམས་དཔྱད་བྱས་ཏེ། ཁྲིམས་ཁང་གིས་ཁྲིམས་ཐག་གཅད་ན། གྲྭ་པ་ཚོ་བཙོན་ལ་ཚུད་རྒྱུ་དང་། ལོ་གྲངས་ཐག་གཅོད་བྱེད་ངེས་རེད། ཁྱོད་དགོན་པའི་བླ་མ་ཞིག་གིས། དགོན་པའི་གྲྭ་པ་འགའ་རེ། བཙོན་ལ་བཙུད་ན། ཁྱེད་དགའ་མོ་དང་། བློ་བདེ་མོ་ཡོང་ས་ཨེ་འདུག་ཟེར། དེར་ཕྲན་གྱིས་གྲྭ་པ་ཚོ་བཙོན་ལ། བཙུད་འདོད་མི་འདུག་ ངས་ནང་གྲོས་བྱེད་རྒྱུའི་འདོད་མོས་སྔོན་ནས་ཡོད་པས། དེ་སྔོན་ཤང་བདེ་སྲུང་སོའོ་ལའང་། གོང་རིམ་རྒྱུད་མི་དགོས་པར་ནང་གྲོས་བྱེད་བཅུག་རོགས་ལབ་པ་ཡིན་ལ། ད་ལྟ་ཡང་ནང་གྲོས་བྱེད་རྒྱུ་ནི། ངས་རེ་བ་ཆེ་ཤོས་ཡིན་ལབ་ནས། ནང་གྲོས་བྱེད་རྒྱུ་ཁས་བླང་པ་ཡིན།  

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.