སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨན་བཅོས་བྱས་པ། ༣༤ | 2013/10/30 16:36:00

ཕྲན་གྱིས་ནང་གྲོས་བྱེད་དགོས་པས། རྒྱུ་མཚན་ནི། དེ་སྔོན་གྲྭ་པ་བདུན་ལས། ནམ་མཁའ་ཡེ་ཤེས་ལས། གཞན་རྣམས་ཕྲན་དང་། ཕན་ཚུན་འབྲེལ་བ་ཡག་པོ་ཡོད་ལ། ང་ཚོ་དེ་སྔ་ཕན་ཚུན་ཁ་རྩོད་ལག་འཛིང་རྩ་བ་ནས། བྱེད་མ་མྱོང་ལ། ཐིང་འདིར་སྒྲུབ་མཁན་ཡས་རབ་ཀྱིས་བཀའ་ལྟར། ཕྲན་ལ་རྡོ་དགོས་བྱུང་བ་ལས། ང་ཚོ་ཕན་ཚུན་ཞེ་འགྲས་འཁོན་འགྲས་རྩ་བ་ནས་མེད་ལ། ད་ལྟ་རྡོ་རྒྱོབས་མི་གྲས་ལ། མ་ཡོང་རང་ཡོང་གིས། ཕྲག་དོག་ཅན་ཁོ་ཚོས་ཁེ་གྲགས་དཔུང་པ་ངོམ་ནས། གྲྭ་པ་སུ་ཕྲན་དང་འབྲེལ་བ་བྱས་པ་ཡིན་ན། དེ་ཟུར་དུ་བཀར་ནས། དུས་རྒྱུན་བལྟ་སྟངས། ངན་པ་འཛིན་པ་དང་། མི་གྲལ་ལ་མི་ཚུད་པ་དང་། ཁ་ངན་ཚིག་རྩུབ་སྨྲ་བ་དང་། ཁོ་བླ་མའི་ཕྱོགས་གཏོག་རེད་ལབ་ནས། མི་མང་གིས་ ངོ་བཤུས་དང་། བྱ་མང་གིས་སྤུ་བཏོག་ལྟ་བུ་བྱེད་པས། མ་ཚད་སྒྲུབ་གྲྭ་བ། ནམ་ཤེས་ཀྱིས། སུས་བླ་མ་དང་། འབྲེལ་བ་བྱས་པ་ཡིན་ན། མི་དེ་ནི། མཁན་པོ་ཐམས་ཅད་ཀྱི་དགྲ་བོ་རེད། མི་དེ་བརྡུང་དགོས་བསད་དགོས་ཞེས། དུས་རྒྱུན་བཤད་བཤད་གཉིས་ཀྱིས། ཕྲན་གྱི་ཚ་བོ་དང་། ཉེ་ཡ་དགའ་ས། གྲྭ་པ་ཐམས་ཅད་ཀྱང་། སྐབས་གཅིག་རིང་ཕྲན་ལ་གཡོལ་འགྲོ་བ་ལས། འབྲེལ་གཏུག་བྱེད། མི་ཕོད་པ་བཟོས་པ་རེད། དེ་བཞིན་མང་ཚོགས་ནང་ལ་ཡང་། ཕྲན་ལ་འབྲེལ་གཏུག་བྱེད་མཁན་ཡོད་ན། དུད་ཚང་དེ་ཚོ་ལ། ཁོ་ཚོས་ཁོང་ཁྲོ་བྱེད་པ་དང་། བལྟ་སྟངས་ངན་པ་འཛིན་པ་མ་ཟད། ཐ་ན་བླ་མ་འོད་རྒྱས་ལ། འབྲེལ་གཏུག་བྱས་ན་ང་ཚོར་རེ་མ་ཡོང་ཟེར་སྲོལ་ཡོད་པ་ཐོས། ཁོང་རྣམས་པས། དེ་ལྟར་བྱས་ཀྱང་། མང་ཚོགས་མང་ཆེ་བས། ཁོང་རྣམས་པར། འཇིགས་རྟེན་མི་ཆོས་མཁས་པས། མཁན་པོ་རེད་ཅེས། ལྐོག་གཤེ་བྱེད་པ་དང་། མཁན་པོ་ཚོས་ག་ཚད་བཤད་ཀྱང་། མང་ཚོགས་མང་ཆེ་བས། ཁྲེལ་དང་ཕྱི་ཐག་ལ་བསམ་ནས། ཕྲན་ལ་ལྐོག་ནས་རྒྱོབ་སྐྱོར་བྱེད་པ་དང་། དགོན་པའི་གྲྭ་པ་གྲྭ་ཐོ་ཡོད་པ་ཐམས་ཅད་ནི། བར་གནས་ལ་བསྡད་པ་དང་། སྔོན་མ་དགོན་རྙིང་པར་ཕྲན་དང་ལོ་མང་གཤིབ་པས། གྲྭ་རྒན་ཚུལ་ཁྲིམས་འོད་ཟེར་གྱིས། ཁོང་གི་ཁྱིམ་ཚང་དང་། ཉེ་ཡ་ཐམས་ཅད་དང་། གྲྭ་པ་རྣམས་ལ། བློ་རྩ་བརྟན་པོ་བྱེད་དགོས། གྱང་ཁའི་་རྩ་ལྟར་འགྱུར་ལྡོག་བྱེད་མི་ཉན། བླུན་པོ་ཆུ་སྣ་གར་ཁྲིད་མ་བྱེད། གཞུང་བཟུང་དགོས། ཕྱི་ཐག་རིང་དགོས། ཁྱེད་མང་ཚོགས་དང་། གྲྭ་པ་ཐམས་ཅད། རང་ཚུགས་ཟིན་པ་དགོས། གཞན་ལ་སྟངས་ར་མ་བྱེད། གཅིག་ལ་ངོ་བསྟོད་ཆེད་དུ། གཅིག་ལ་དགྲ་མ་བྱེད་སོགས། སློབ་གསོ་ཡང་ཡང་བཏང་བ་དང་། གྲྭ་རྒན་བྱང་རྒྱལ་གྱིས་ཀྱང་། སྒྲུབ་གྲྭ་བ་ཐམས་ཅད་ལ། དེ་སྔ་བླ་མའི་ཕན་བཏག་པ་ལ། དྲིན་ལེན་མ་འཇལ་ཀྱང་། ད་སྐྱེས་པ་ཕོ་ཐམས་ཅད། དམྱལ་བ་མནར་མེད་ལ། འགྲོ་རྒྱུའི་ལས་དཀའ་དེ་འདྲ་མ་སྒྲུབ་སོགས། ཡང་ཡང་གསུང་པ་དང་། སྒྲུབ་གྲྭ་ལས་ཀྱང་སྒྲུབ་གྲྭ་བ། བློ་ལྡན། ཤེས་རབ། དངོས་གྲུབ། བསྟན་འཛིན་རྒྱལ་མཚན། གཙུག་ཕུད་རྒྱལ་མཚན། རྒྱལ་མཚན་ཚུལ་ཁྲིམས། ཤེས་རབ་བསྟན་འཛིན། རྣམས་སྲས། སྐལ་བཟུང་ཚུལ་ཁྲིམས་སོགས། བར་གནས་ལ་བསྡད་པ་རེད། དེ་ལྟར་སྒྲུབ་མཁན་ཡས་རབ་ཀྱིས། བཀའ་མངག་ལྟར་གྲྭ་པ་འགས། ཕྲན་ལ་རྡོ་རྒྱོབས་དགོས་བྱུང་བ་རེད་འདུག་པས། ཕྲན་གྱིས་དེ་ཚོ་བཙོན་ལ། བཙུད་དགོས་དོན་མེད་པའི་མ་ཚད། རྩ་བླ་ནམ་མཁའ་རིན་པོ་ཆེ་དང་། དགེ་བཤེས་དགེ་ལེགས་སྦྱིན་པ་སོགས་དང་། དེ་བཞིན་ཕྲན་ལ་བློ་དཀར་བྱེད་མཁན། མང་ཆེ་བས། གྲྭ་པ་དེ་ཚོ་བཙོན་ལ། བཙུད་མ་བཏང་ཟེར་མཁན། ཤིན་ཏུ་མང་བ་དང་། དཔེར་ན་ཇག་གཙོ་ལྟ་བུ་ཡིས་བཀའ་སྒྲུབ་མཁན། ཨ་ཕྲུག་ལྟ་བུ་སྒྲུབ་གྲྭ་བ། གྲྭ་པ་ཁ་ཤས་ཀྱི་རྡོ་རྒྱོབ་ཡོད་པ་དང་། ཁ་ཤས་ཀྱིས་རྡོ་མ་རྒྱོབ་ཀྱང་། ཇག་དཔོན་ལྟ་བུ་ཡིས། བཀའ་བཙན་པོ་ཕབ་ནས། ཨ་ཕྲུག་ལྟ་བུ་སྒྲུབ་གྲྭ་བ་འགས། རྡོ་རྒྱོབ་པ་ཡིན་ཞེས། ཁས་མ་བླང་རང་བླང་བྱུང་འདུག་པས།  གྲྭ་པ་དེ་ཚོ་ངས་བཙོན་ཁང་ནང་ལ། བཙུད་འདོད་རྩ་བ་ནས་མེད་ལ། དེ་སྔ་ཕྲན་གྱིས་སྲོག་འབེན་ལ་གཙུག་སྟེ་ཚེགས་དཀའ་ལས་ལོ་མང་རྒྱབ་ནས། དགོན་པ་བསྐྱར་གསོ་དང་སྒྲུབ་གྲྭ་ཚུགས་ཐུབ་བྱས་པ་ཡིན་པས། ད་ཐིང་ཕྲན་ཤི་ནའང་འདྲ་མ་ཤི་ནའང་འདྲ། གང་ལྟར་དགོན་པ་དང་སྒྲུབ་གྲྭ་འདི་ལ། གནོད་པ་མི་འགྲོ་བ་ཞིག་བྱེད་རྒྱུ། སེམས་ཐག་གཙང་མར་བཅད་ཟིན་པས། དགོན་པ་དང་སྒྲུབ་གྲྭ་གཉིས་སྲུང་སྐྱོབས་ཐུབ་པས་ཆེད་དུ། ཕྲན་ཤི་ནའང་དགྲ་གྱོད་རྩོད་འཁྲུག་བྱེད་མི་སྲིད་ལ། མི་མང་གི་གང་བཤད་ནའང་ཕྲན་གྱིས། དགྲ་གྱོད་གཉིས་ཀྱི་ཕམ་ཁ་ཁུར་རྒྱུ་དམ་བཅས་པ་ཡིན། ཟླ་བ་༦་པའི་ཚེས་༢༡་ཉིན། རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ། ཚེ་དབང་དོན་འགྲུབ། ཉེས་དོན་ཉེན་རྟོགས་རུ་ཆེན་གྱི། རུ་དཔོན་ཚེ་རིང་བསོད་ནམ། ནག་རུ་བསམ་གཏན་གླིང་དགོན་པ། དོ་དམ་ཨུ་ལྷན་གྱི་ཀྲུའུ་རིན་ལྷག་པ་བཅས། དགོན་པར་ཡོང་ནས། ཕྲན་ལ་ནང་གྲོས་བྱེད་དགོས་པས། སློབ་གསོ་བཏང་བྱུང་བ་སྟེ། དེ་ཡང་ཉེས་དོན་ཉེན་རྟོགས་རུ་ཆེན་གྱི། རུ་དཔོན་ཚེ་རིང་བསོད་ནམ་གྱིས་བཤད་རྒྱུར། སྤྱིར་གྱོད་དོན་འདི་ཐག་གཅོད་ན་མི་ཐུབ་རྒྱུ་མེད་ནའང་། ཇུས་ཀྲང་གཞོན་པ་ཚེ་དབང་དོན་འགྲུབ་དང་། ཞེ་གཞུང་ཤང་གི་ཧྲུའུ་ཅི་ཉི་གྲགས་པ་གཉིས་ཀྱིས། དགོན་པ་ནང་དུ་ཁྱེད་ཚོ་ནང་གྲོས་འབྱུང་ཐབས་བྱེད་དགོས། ཟེར་བ་ལྟར་ད་ལྟ་ང་ཚོ་འདིར་སློབ་གསོ་རྒྱབ་མི་འོང་བ་ཡིན་སོགས། བཤད་དེ་ཕྱིན་སོང་ཚེས་༢༤་ཉིན། དེ་སྔའི་ཞིང་འབྲོག་ཅུས་ཀྱི་ཀྲང་ཟུར་པ། འབོ་ནོར་བུ་དང་༼་་འབོ་ནོར་བུ་ནི་བོན་བསྟན་སྤྱི་ལ་ལྷག་བསམ་དག་པའི་གང་ནུས་ཀྱི་ཞབས་ཞུ་སྒྲུབ་མཁན་ཞིག་དང་། ཕྲན་གྱི་ཕ་རྒན་དམ་པའི་ཡོན་བདག་རེད་ལ། ངས་དགའ་ས་ཡག་ས་ཡིན་ལ། དེ་སྔོན་དགོན་པ་དང་ཕྲན་ལ་རོགས་རིམ་ཆེན་པོ་བྱེད་མྱོང་བས། ང་ལ་ཤིན་ཏུ་དཀའ་དྲིན་ཆེན་པོ་ཡིན་ལ། ཕྲན་ལ་བློ་དཀར་སེམས་དཀར་བྱེད་མཁན་ཞིག་རེད།་་༽། ཀྲུའུ་རིན་ལྷག་པ། ཚུན་ཀྲང་ཨ་ར། ༼་ ཚུན་ཀྲང་ཨ་ར་ནི། བོན་གྱི་བསྟན་པ་སྤྱི་ལ་ལྷག་བསམ་དཀར་ནས། ཕན་བདེ་སྒྲུབ་འདོད་ཡོད་མཁན་ཞིག་རེད་ལ། ཁྱད་པར་དུ་ནག་རུ་དགོན་པའི་བསྟན་ལ། ལྷག་བསམ་ཤིན་ཏུ་དཀར་ཞིང་། དགོན་འདི་བསྟན་སྦྱིན་ཆེན་མོ་དང་། མི་དམངས་མང་ཚོགས་ཀྱིས་དབུ་ཁྲིད་འཇོན་ཐང་ཅན་ཞིག་རེད་ལ། དེ་སྔོན་ནག་རུ་དགོན་ལ་བརྟན་རྩ་དང་ཀ་རིང་ཞལ་འདེབས་ལ། སྒོར་ཁྲི་གསུམ་ལྷག་དགོན་པར་ཕུལ་བ་མ་ཚད། ད་ལོ་སླར་ཡང་འདུ་ཁང་ནང་ལྷ་བཞེང་བྱེད་དང་། གསེར་ཁྲི་རྒྱ་ཕེགས་བཟོ་བྱེད། སྒོར་ཁྲི་དྲུག་ཐོ་འགོད་མཛད་སོང་ལ་དུས་རྒྱུན། ཁོང་གི་དགོན་པར་འདུ་འཚོགས་ཀྱི་ཆེད་དང་། ལྕི་ཤིང་ཞལ་འདེབས་སོགས། སྣེ་ཁྲིད་དང་སློབ་གསོ་དཔེ་སྟོན་བཅས་མཛད་པ་དང་། ཕྲན་གྱི་དགོན་པར་འགན་ཁུར་རིང་དགོན་པར་ཞབས་ཞུ་དང་རོགས་རིམ་རྒྱབ་སྐྱོར་བཅས། ཆེན་པོ་བྱས་བྱུང་བའི་མི་དྲིན་ཅན་ཡིན།་་༽ཀྲུའུ་པུ་རྣམ་རྒྱལ་༼ རྣམ་རྒྱལ་ནི། སྔོན་མ་ཕྲན་སྒེར་ལ་ཡབ་དང་གཅེན་པོ་ཞིང་ལ་ཕེབས་དུས། རོགས་རིམ་ཆེན་པོ་བྱེད་མྱོང་ལ། དེ་བཞིན་ངས་དགོན་པར་འགན་ཁུར་བའི་རིང་ལ། ལོ་མང་ལ་དགོན་པར་རྒྱབ་སྐྱོར་དང་རོགས་རིམ་བྱས་ཏེ། འདུ་འཚོགས་དང་ལྕི་ཤིང་སོགས་ཞལ་འདེབས་དང་། དེ་བཞིན་དགོན་པར་བརྟན་རྩ་ཕུལ་བ་སོགས། དབུ་ཁྲིད་ཀྱིས་དགོན་པར་ཞབས་ཞུ་སྒྲུབ་པས། བཤོ་སྲོལ་ལེགས་པོ་བཞག་ཡོད་པས་ཕྲན་ལ་དྲིན་ཆེན་པོ་ཡིན།་་བཅས། དགོན་པར་འོང་སྟེ། དང་པོ་ནོར་བུ་ཡིས། བཤད་རྒྱུར། སྒྲུབ་གྲྭའི་དགེ་སློབ་འགས། བླ་མ་བརྡུང་བ་འདིས་རྐྱེན་པས། ཡག་པོ་མ་རེད་ན། སྒྲུབ་གྲྭ་མེད་པ་བཟོ། རྡོ་རྒྱོབ་མཁན་གྲྭ་པ་འགའ་ཤས། བཙོན་ལ་ལོ་གྲངས་ཐག་གཅོད་བྱེད། དགོན་པ་སྒོ་ཐེལ་རྒྱབ་རྒྱུ་རེད་ཟེར་བ་ཐོས། དེ་འདྲ་བྱུང་ན་ཤིན་ཏུ་དཔེ་མི་སྲིད་པ་རེད། ད་ནག་རུ་དགོན་འདི། དེ་སྔ་མི་ལོ་སྟོང་ཕྲག་གསུམ་གྱི་སྔོན་དུ། བླ་མ་སྙ་ཆེན་གྱིས། ཕྱག་བཏབ་ནས། ད་བར་དར་རྒུད་ཅི་རིགས་ཀྱི། རྩ་མེད་མ་སོང་བར་གནས་པ་དང་། དམངས་གཙོ་བཅོས་བསྒྱུར། མ་བྱས་སྔོན་དུ། ནག་རུ་དགོན་དུ། བླ་མ་གྲགས་སྡིས་དང་། མཁན་ཚུལ་ཁྲིམས་ཕུན་ཚོགས། རྣམ་གཉིས་ཀྱིས། སྒྲུབ་གྲྭ་གཙུག་ཀྱང་། སྒྲུབ་གྲྭ་མཐར་མ་ཕྱིན་པ་རེད། ད་ལྟ་བླ་མ་ཁྱེད་ཀྱི་སྐབས་ལ། དགོན་པར་གནས་སྤོས་བྱས་ཏེ། གསར་དུ་བཏབ་དང་། སྒྲུབ་གྲྭ་ཚུགས་པ་སོགས། མ་འོང་པ་ལ། བྱས་རྗེས་ཅུང་ཟད་བཞག་ཡོད་པ་རེད། འོན་ཀྱང་དོན་རྐྱེན་འདིས། རྡོ་རྒྱབ་མཁན་གྲྭ་པ་ཐམས་ཅད་བཙོན་ལ་ཚུད་པ་དང་། དེ་མིན་གྲྭ་འཛིན་མེད་པའི་གྲྭ་པ་ཚང་མ་དགོན་པ་ནས་ཕུད་པ། སྒྲུབ་གྲྭ་བཏོར་བ། དགོན་པ་སྒོ་ཐེལ་རྒྱབ་པ་སོགས་བྱས་སོང་ན། ཁོ་ཚོ་རྡོ་རྒྱབ་མཁན་ཐམས་ཅད་ཀྱིས་དགོན་པ་ལ། གནོད་པ་ཆེན་པོ་ཞིག་བསྐྱལ་འགྲོ་བ་རེད། དེ་འདྲ་ཡིན་དུས། བླ་མ་ཁྱེད་ད་ཐིང་སྐུ་སྒྲོངས་མི་འདུག་པས། དེ་ང་ཚོའི་བསོད་ནམ་རེད། ད་ཁྱེད་ཀྱིས་གྲྭ་པ་འདི་དག་ལས། དངུལ་ཟ་རྒྱུའི་བསམ་མནོ་རྩ་བ་ནས་མ་གཏོང་། གྲོས་འགྲིག་ཐབས་མཛོད། བླ་མ་ཁྱེད་ལ་རྒྱུ་དངུལ་གྱི་བཤོལ་འདུག་རྒྱུ་མ་རེད་དུས། དགོན་པ་འདི་ལ་བསམ་མནོ་གཏོང་དགོས། གྲྭ་པ་དེ་ཚོ་ནི། དགོན་པ་ཆག་འཇིགས་ལ་བསམ་མནོ་གཏོང་མ་རེད། མི་དེ་ཚོ་ང་ཚོའི་ཤེས་གསལ་ལྟར་རེད། ད་ལྟ་དགོན་པའི་འདིའི། བླ་མ་ཁྱེད་ཡིན་དུས་ཁྱེད་ཀྱིས། དགོན་པའི་ཁེ་ཕན་ལ་བསམ་མནོ་བཏང་དགོས། དེ་སྔ་དགོན་པའི་དོན་དུ་ལོ་མང་པོ་ལ། ཚེགས་དཀའ་ལས་རྒྱབ་སྟེ། འགན་ཁུར་ནས་བསྟན་པ་སྐྱོང་ཚུལ་ལ་བསམ་མནོ་ཐོངས། མ་འོང་པ་ལ་བསྟན་པ་དགོན་པ་དར་རྒུད་ཅི་འོང་མི་ཤེས་ནའང་། མདོར་བསྡུས་ནས་ཞུས་ན། བླ་མ་ཁྱེད་ཀྱིས་སྐུ་རིང་ལ་དགོན་པ་འདི། དེ་སྔ་ཡན་ཆད་གང་ལ་གང་འཚམས་ཀྱིས། ཡར་རྒྱས་གོང་འཕེལ་སོང་བསྡད་པ་རེད། ད་ལྟ་རྐྱེན་ཆག་སྒོ་ཆེན་པོ་འདིས། དགོན་པ་ལ་གནོད་སྐྱོན་འགྲོ་ཐག་ཆོད་རེད། གནོད་སྐྱོན་ཆག་སྒོ་འདི་སློང་མཁན་ནི། སྒྲུབ་གྲྭ་བ་དགེ་སློབ་ཐམས་ཅད་རེད་དེ། རྐྱེན་ཆག་སྒོ་འདི་ཕར་བཟློག་ཐུབ་མཁན། བླ་མ་ཁྱེད་ལས་མི་འདུག་པས། ད་ལྟ་བླ་མ་ཁྱེད་ཀྱི་བསམ་མནོ་དང་བྱ་བ་ལ། རག་ལས་འདུག་པས། ཁྱེད་ཐུགས་རྒྱ་ཆེ་ཆེ་མཛད་རོགས། ཁྱེད་ཀྱི་བྱམས་བརྩེ་དང་སྙིང་རྗེ་བྱས་ནས་གནོད་ལེན་ཕན་པས་འཇལ་ཏེ། སྒྲུབ་གྲྭ་བ་ཐམས་ཅད་ལ་ནང་གྲོས་འགྲིགས་ཐབས་བྱས་ཏེ་ནང་གྲོས་འགྲིགས་སོང་ན། གྲྭ་ཡན་ཐོ་མེད་པ་ཐམས་ཅད་དགོན་པ་ནས་ཕུད་རྒྱུ་མ་རེད་ལ། དེ་མིན་གྱོད་ཐུག་སོང་ན་ཁྱེད་ལ་རྡོ་རྒྱོབས་མཁན། གྲྭ་པ་འདི་དག་དགོན་པ་ནས་ཕུད་པས་མ་ཚད། དེ་མིན་གྲྭ་ཡན་ཚོ་ཡང་དགོན་པ་ནས་ཕུད་རྒྱུ་གཏན་གཏན་རེད་འདུག་ ངས་སྐད་ཆ་དྲིས་པས་ཤེས་སོང་བས། ད་འགག་རྩ་བླ་མ་ཁྱེད་ལ་ཐུག་ཡོད་འདུག་ཟེར། དེ་ནས་རྣམ་རྒྱལ་དང་། ཨ་ར་ཡིས་ཀྱང་སྐད་ཆ་དེ་འདྲ་རང་། བླ་མ་ཁྱེད་ཀྱིས་དགོན་པ་སྤྱི་དོན་ལ་བལྟ་དགོས་ཟེར་བྱུང་། དེ་མཚམས་ད་སྨན་བཅོས་སོགས། འགྲོ་སོང་ག་ཚད་སོང་ཟེར་བས།  སྤྱིར་འགྲོ་སོང་དངུལ་ཁྲི་དགུ་ལྷག་སོང་། སྨན་བཅོས་ལ་འགྲོ་སོང་ སོགས་རྩིས་ན། སྒོར་ཁྲི་དྲུག་ལྷག་སོང་འདུག་ལབ་པ་ཡིན་ལ། ད་རུང་ཕྲན་གྱིས་ངས་གནས་ཚུལ་འདིས་འབྱུང་རྩ་ནི། ཡས་རབ་རང་ཡིན། དང་པོ་བླ་ཁྲི་བཤིག་མཁན་དང་། དེ་རྗེས་ང་ལ་ཁུ་ཕྱུར་སྔོན་ལ་རྒྱོབ་མཁན། དེ་རྗེས་སྔོན་ལ་རྡོ་རྒྱོབས་མཁན་སོགས། མདོར་ན་རྩོད་པ་འདི་ཡི་གཏེ་བོ་ནི་ཡས་རབ་ཁོ་རང་ཡིན་ལ།  ཡས་རབ་ཀྱིས། ང་ལ་ཁུ་ཕྱུར་རྒྱབ་སོང་བ། དངོས་སུ་མཐོང་མཁན་མང་པོ་ཡོད་རེད་ལ། རྫོང་ཆོས་དོན་ཅུས་ལ་ཡས་རབ་ཁོས། དང་པོ་ངས་ཐོང་རྩ་ནས་འཇུས་ཏེ།  མགོ་དང་ཁ་ངོར་ཁུ་ཕྱུར་རྒྱབ་པ་ཡིན། དེ་ནས་རྡོ་གཉིས་བླང་སྟེ་རྒྱོབས་རྩིས་བྱས་པ་ཡིན། ཞེས་ཁས་བླང་སོང་ལབ་པས། ཀྲུའུ་རིན་ལྷག་པ་དང་མཁན་པོ་བསམ་དགེ་གཉིས་ཀྱིས། ཡས་རབ་ཀྱིས་ཁྱོད་ལ་རྡོ་རྩ་བ་ནས། རྒྱོབས་མྱོང་ཡོད་མག་ཟེར་བས་ངས་ཁྱེད་གཉིས་ཀྱིས། ད་རུང་རྫུན་བཤད་ནས་བཀབ་བསྡད་པས། ཁྱེད་གཉིས་ངོ་ཚ་རྒྱུ་ལས་གཞན་ཅི་ཕན། སྐད་ཆ་བཤད་དུས་དེན་པ་བདེན་ཐུབ། ཕྱི་མ་ད་གང་མི་འགལ་བ་བཤད་དགོས། དེ་མིན་གཅིན་ཚེ་བློ་དགུ་ཚད་དེ་རྫུན་རྐྱང་པ་བཤད་ནས། རྒྱུ་འབྲས་མ་སྲུང་ན་སུས་ཉན་ཤེས་ལབ་པ་ཡིན། བསམ་དགེའི་རེད་རེད། ད་འདི་ཐག་ཆོད་ཚར་ནས། ལས་དོན་འོང་རོགས་རྫོ། གློ་གྲོད་ཁ་ཁ་ཕྲལ། འགའ་རེ་སྡོད་ས་དང་། འགའ་རེ་འགྲོ་ས་བྱེད་པ་ལས། འདི་འདྲ་རང་བྱས་བསྡད་ན་ཕན་པ་མི་འདུག་ཟེར་བས། ཕྲན་གྱིས་ལོ་འདུག་ང་འགྲོ་ཆོག་ལབ་པ་ཡིན། 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.