སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༈་གྲུབ་རྗེ་དཀའ་ཐུབ་པ་ཆེན་པོ་སྐུ་དྲིན་ལས། 5 | 2013/9/15 14:56:00

སྤྱི་ཟླ་༧་་པའི་ཚེས་་༡༢་་ཉིན། ཝེར་ལ་འགོར་རྡོ་ལ་བལྟ་མི། ཕྲན་དང་བསམ་དགེ་ཡས་རབ་ཚུལ་ཉི་བཅས་སོང་། ཚེས་་༡༣་་ སྡེ་སྣོད་མཛོད་ཀྱི། ཁྲིད་འགོ་གཙུག་ ཚེས་༡༨་ཉིན། བཀྲིས་མདོར་གུར་ཕུབ། ཚེས་༡༩་་ཉིན། ཕྲན་དང་། ཚུལ་ཉི།  གཡུ་ལྷ། སྨོན་ལམ། ལུང་རྟོགས་བཅས། ངེད་ལྔའི་རྣམ་དག་པད་མ་ཀློང་ཡང་དང་། ཀློང་རྒྱས་སྟོན། གཞན་གྱི་གྲ་བསྒྲིགས་བྱས། ཚེས་༢༠་་ཉིན། ཟླ་སྤྲུལ་རིན་པོ་ཆེ་དང་། ནམ་མཁའ་རྒྱལ་མཚན་རིན་པོ་ཆེགདན་དྲངས་ཏེ། ཕྲན་སོགས། ནག་རུའི་བླ་མ་མཁན་སློབ་རྣམས་དང་། དབུ་ཁྲིད་རྣམ་རྒྱལ་དང་། ཨ་ར། བུ་གཡང་། བཀྲ་ཤིས། ཀྲ་འགྲུབ། དེ་བཞིན་སེར་སྐྱ་མང་ཚོགས་བཅས་ཀྱིས།  བཀྲ་ཤིས་སུམ་མདོ་ལས་སློང་དང་ལྷ་རྒྱལ་སོགས་ བཀྲ་ཤིས་པའི་རྟེན་འབྲེལ་ཟབ་རྒྱས་བྱས། ཚེས་༢༡་་ཉིན། བླ་གྲྭ་མཁན་སློབ་རྣམས་དང་། འགོ་ཁྲིད་མི་དྲག་སོགས། མགྲོན་བོས་ཏེ། དགའ་སྤྲོ་བཏང་། དེ་སྐབས་ཕྲན་དང་ཚུལ་བློ་ཡས་རབ་སོགས་དང་། བོད་པ་ལས་བཟོའི་འགན་ཁུར་བུ་ཆུང་བཅས། ངེད་ཚོས་དགོན་པ་བཟོ་སྐྲུན་སྐོར་གྲོས་བྱས་ཏེ་གྲོས་མཐུན་གྱི་གན་རྒྱ། ཡི་གེ་རིན་ཆེན་དབང་གྲགས་ཀྱི་བྲིས་ནས།  ཕྲན་གྱིས་དགོན་བདག་བླ་མའི་མིང་ཐོག་ནས། གན་རྒྱར་མིང་རྟགས་བཀོད་པ་དང་། བུ་ཆུང་གིས་དགོན་པ་བཟོ་སྐྲུན་གྱི་འགན་ཁུར་བས། མིང་ཐོག་ནས་གན་རྒྱར་མིང་རྟགས་བཀོད། དེ་ནས་བླ་གྲྭ་དང་འགོ་ཁྲིད་སོགས་གྲོས་བསྡུར་བྱས་པས། དེ་སྐབས་འགོ་ཁྲིད་དང་། མི་དྲག་ཚང་མས་སྔར་ལབ་པ་ལྟར། དགོན་པ་སྤོ་རྒྱུའི་ཆོག་མཆན་ཞུ་རྒྱུ་དང་། དགོན་པ་བཞེངས་རྒྱུ། སྒྲུབ་གྲྭ་ལ་དཔེ་ཁྲིད་བྱེད་རྒྱུ་བཅས། བླ་མ་ཁྱེད་ཀྱི་གཙོ་བོ་འགན་ཁུར་རྒྱུ་རེ་བ་ཆེ། ཁོང་རྣམ་པ་བསམ་དགེ་ ཚུལ་ཉི། ཚུལ་བློ། དཔལ་མཆོག་ དེ་བཞིན་བླ་གྲྭ་ཡོངས་ཀྱི། བླ་མས་བཀོད་བསྒྲིགས་འཆར་གཞི་བཞག་པ་ལ། ཉན་མཛད་རོགས་ཟེར་སོང་། ཚེས་་༢༢་ཉིན། དཔེ་ཁྲིད་ཚར་ནས། དགོན་པའི་རྡོ་འོར་རྒྱུ་ཐད། གྲོས་བསྡུར་བྱེད་དེ། འཆར་གཞི་བཞག་པ་དེ་ཚོ། ལྷ་མཐོང་ཚུན་ཡོངས་ཀྱི། ཚོགས་འདུ་ཐོག་སྡེ་མང་ཚོགས་ལ། རེ་འདུན་བཤད་དགོས་པས།  ཕྲན་ངེས་པར་དུ་བྱོན་ཤོག་ཟེར་བ་བཞིན་སོང་སྟེ། རྡོ་འོར་སྐབས། དུད་ཚང་མ་ཡོང་ནས། རླངས་འཁོར་ནང་རྡོ་འདེབས་དགོས་པས། སྐུལ་སློང་གཏམ་བཤད་སྤེལ་བ་དང་། ཀ་རིང་ཀ་ཐུང་གི་སྦྱིན་བདག་བྱས་ན། བསོད་ནམ་ཤིན་ཏུ་ཆེ་བས། ཀ་རིང་ལ་སྒོར་༡༥༠༠༠་དང་། ཀ་ཐུང་ལ་སྒོར་༥༠༠༠་རེ་ཡི་སྦྱིན་བདག་བྱེད་དགོས་པས། སློབ་གསོ་རྒྱབ་པས། ཚུན་ཀྲང་ཨ་ར་ནས་ ཨང་དང་པོ་ཀ་རིང་། སྦྱིན་བདག་གི་ཐོ་བཀོད་པ་དང་། དེ་རྗེས་རིམ་བཞིན་ཐོ་བཀོད་མཁན། དུད་བཅུ་གསུམ་བྱུང་སོང། དེ་ཉིན་རྡོ་འོར་བྱེད་རླངས་འཁོར་གླ་ཆ། གོང་ཚད་བསྒྲིགས་ནས། དགོན་པར་འབྱོར། ཚེས་་༢༣་ཉིན། ཝེར་ལ་ནས་རྡོ་སློགས་ཏེ། སྔ་ཕྱིར་རྡོ་རླངས་འཁོར་ཉིས་བརྒྱ་ལྷག་འོར། ཚེས་༢༤་་ཉིན། ཕྲན་དང་གྲྭ་སྨོན་ལམ་གཉིས། ལ་ཆེན་བསྡུ་དམར་ལ་དཀར་ལྡོམ་སོང་།མར་རྒྱ་༧༡་་དང་། སྐྱུ་ར་རྒྱ་མ་་༦༨་་བྱུང་བ་སྒྲུབ་གྲྭར་རྩིས་སྤྲད། ཚེས་༢༦་ནས་ཉིན་བདུན་ལ་སྒྲུབ་གྲྭ། ངལ་གསོ་དང་དགའ་སྤྲོ་བཏང་། དེ་ནས་ཚེས་༢༧་ནས་ཟླ་༨་པའི་ཚེས་༢་་བར་ཉིན་ཁ་ཤས་ལ་རྡོ་འོར་སར། བལྟ་བསྐུལ་བྱས། ཚེས་༣་ཉིན་དགོན་པ་ཐིག་བཏབ། གྲོས་བྱས་དོན། ཕྲན་གྱི་དགོན་པའི་ལས་དོན་ཡོངས་ཀྱི། སྤྱི་ཁྱབ་བཀོད་འདོམས་པའི་འགན་ཁུར་རྒྱུ་དང་། ཞོར་དུ་སྒྲུབ་གྲྭ་ལ་དཔེ་ཁྲིད་བྱེད་རྒྱུ། མ་ཚད་དགོན་པ་སྤོ་རྒྱུའི་ཆོག་མཆན་མ་ཐོབ་པར། དགོན་པ་གནས་སྤོས་ཀྱི། ཆོག་མཆན་ཞུ་རྒྱུ་ཡིས། འགན་ཧྲིལ་པོ་ཁུར་རྒྱུ། བསམ་དགེ་དང་ཚུལ་ཉི་གཉིས་ཀྱི། ཤིང་ཆ་ཉོ་སྒྲུབ་བྱེད་རྒྱུ་འགན་ཁུར་ཏེ། གཉེར་པ་ལ་རོགས་མཛད་རྒྱུ། དཔལ་མཆོག་དང་ཚུལ་བློ་གཉིས་ཀྱི་ཨར་པོ་བལྟ་བསྐུལ་བས། འགན་ཁུར་རྒྱུ་བཅས། གྲོས་མཐུན་བྱུང་བ་བཞིན་གཏན་འཁེལ་བྱས། གྲོས་བྱེད་སྐབས། ཕྲན་དང་བསམ་དགེ་ཚུལ་ཉི། དཔལ་མཆོག་ཚུལ་བློ། ཡས་རབ། བསྟན་ཚུལ་བཅས་ཡོད། ཚེས་་༤་་ཉིན། ཕྲན་དང་གྲྭ་བློ་ལྡན། སྨོན་ཚུལ། ཉི་མ་བཅས་ཀྱི་ད་ལོའི་འབུ་བཙོང་བས། སྒོར་༡༠༡༠༤༠་་བྱུང་བ། དངུལ་ཁང་དུ་བཅོལ། ཆོས་དོན་ཅུས་ལ་སོང་བས། སྟེང་ཆེན་རྫོང་ཨུད་བློ་བབས་ནས། ཆོག་མཆན་ཡི་གེ་ཆབ་མདོར། བསྐུར་ཡོད་ཟེར་བས།  ཚེས་༥་་ཉིན་ཕྲན་དང་། ཚུལ་ཉི་གཉིས་ཆབ་མདོར་སོང་། ཚེས་་་༦ཉིན། ཆབ་མདོ་ཆོས་དོན་ཅུས་ལ་རེ་འདུན་ཡི་གེ་ཕུལ། ཚེས་༧་་ཉིན་འབྲེལ་ཡོད་དབུ་ཁྲིད་འཚོལ། ཚེས་༨་་ཉིན། ཅུས་ཀྲང་ཉི་མ་ཚེ་རིང་མཇལ། ཚེས་་༩་་ཉིན། ཆབ་མདོ་ཆོས་དོན་ཅུས་ལ། ཨུ་ཚུགས་ཀྱི་རེ་འདུན་ཞུས་པས། གང་མགྱོགས་གྲོས་བསྡུར་བྱེད་འོང་གསུང་། ཚེས་་༡༡་དགོན་པར་འབྱོར། ཚེས་་༡༨་་ཉིན། འདུ་ཁང་རྨིང་བཏིངས་ནས། ལས་གྲྭ་འགོ་གཙུག དེར་སྔོན་མ་གྲོས་བྱེད་སྐབས། ཚུལ་བློ་དང་དཔལ་མཆོག་གཉིས་ཀྱི། ཨར་པོ་ལ་བལྟ་བསྐུལ་བྱེད་རྒྱུ་བློ་བབས་ཀྱང་། དཔལ་མཆོག་གི་དགོན་པ་བཟོ་རིང་འགན་མ་ཁུར། ཚུལ་བློ་དང་ཚུལ་ཉི་གཉིས་ཀྱིས། ཨར་པོ་བལྟ་བསྐུལ་བྱས། ཚེས་་༡༩་ཉིན། ཕྲན་དང་གྲྭ་ཐོག་མེད་གཉིས། ཁྱུང་གཉིས་ལ་ལ་དཀར་ལྡོམ་སོང་། མར་རྒྱ་༤༥་་དང་། ཆུར་བ་རྒྱ་་༤༨་་བྱུང་བ་སྒྲུབ་གྲྭར་རྩིས་སྤྲད། ཚེས་་༢༦་་ནས། དངོས་གཞི་སྐུ་གསུམ་རང་ཤར་ཁྲིད། སྒྲུབ་གྲྭ་ཐམས་ཅད་ཀྱི་ཨ་གཏད་བལྟས། ཚེས་་༢༨་་ཉིན། བརྟན་རྩ་སློང་མོ་སོང་བ་དང། ཁྱོན་སྔ་ཕྱིར་ཕྲན་ལ་དངོས་འཕྲོད། རུ་ཁག་དང་པོ་ནས་སྒོར་་༡༡༤༦༥༠་་དང་། རུ་ཁག་གཉིས་པ་ནས་སྒོར་་༢༢༥༥༠༠་་དང་། རུ་ཁག་གསུམ་པ་ནས་སྒོར་་༡༠༥༥༠༠་་དང་། རུ་ཁག་བཞི་པ་ནས་སྒོར་་༩༧༥༠༠་་དང་། རུ་ཁག་ལྔ་པ་ནས་སྒོར་་༡༠༩༠༠༠་་དང་། བཅས་ཕྲན་ལ་དངོས་འཕྲོད་བྱུང་བ་དང་། དེ་མིན་རུ་ཁག་བཞི་པ་ཅན་ཁག་གཅིག་ཚུལ་བློ་ཡིས་བླང་སྟེ། ཐད་ཀར་གཏོང་བ་དང་། གཉེར་པ་ཤེས་རབ་དང་། སྐལ་བཟང་ལ་སྡེ་ཡི་འཕྲོད་པ། ཐད་ཀར་གཏོང་བ། དེའི་ནང་མ་རྩིས་སོ། དེའི་བསྐོར་ཕྲན་གྱི་བཀྲིས་མདོར། ཁང་པ་གཅིག་རྒྱབ། ཡང་ན་རིམ་ཁང་ཞིག་རྒྱབ་ནས། འགན་ཁུར་འགའ་ཤས་དེར་བསྡད་དགོས། དགོན་པའི་ཤིང་ཆ་སོགས་ཉོས་པ་རྩིས་བླང་ནས། བལྟ་སྲུང་བྱེད་དགོས་ལབ་པས། ཚུལ་བློ་ནས་དེ་འདྲ་དགོས་མ་རེད་ཟེར་བས། བསམ་དགེ་དང་། ཚུལ་ཉི་ཡས་རབ་སོགས་ཀྱི། ཚུལ་བློའི་གསུང་པ། དེ་ལ་ཉན་དགོས་ཟེར་བས། ཤིང་ཆ་ཉོས་པ། ས་སྟོང་ལ་བཞག་པ་ལས། རྩིས་ལེན་མཁན་དང་། བལྟ་སྲུང་བྱེད་མཁན་མེད་པར་གྱུར། དེའི་རྗེས་སྟེང་ཆེན་དགོན་ནས་ཡས་རས་ཀྱི་ ཕྲན་ལ་ཁ་སྤར་ཡང་ཡང་བཏང་སྟེ། ཤིང་ཆ་ཉོ་རྒྱུ་དང་ཤིང་གཞོག་རྒྱུ་སོགས་ལ་ཁྱེད་ཀྱི། རྩ་བ་ནས་ཇུས་རྟོགས་བྱེད་མི་རུང་ལ། ཁྱེད་ནི་གཙོ་བོ་སྡེ་ནང་ལ། འགྲོ་ནས་ཤི་གསོན་གྱི། དཀོར་རག་ཐབས་བྱེད་དེ། དགོན་པར་དངུལ་བཞག་རྒྱུ་དེ་རེད། ཤིང་ཆ་ཉོ་རྒྱུ་དང་གཞོག་རྒྱུ་སོགས། ཚུལ་བློའི་གང་ཟེར་ན་དེ་ལྟར་བྱེད་དགོས་ཟེར། དེ་ནས་རང་གི་དངུལ་ཉར་རྒྱུ་དང་། གཉེར་པ་དང་། ཤིང་ཉོ་མཁན་ལ། དངུལ་སྤྲད་རྒྱུ་ཙམ་ལས། དགོན་པའི་ཤིང་ཆ་ཉོ་སྒྲུབ་སོགས་ལ། འགན་གང་ཡང་མེད་པ་དང་། མིང་སྤྱི་ཁྱབ་བཀོད་འདོམས་པ་བཏགས་ནས། འགན་ཁུར་རོགས་ཟེར་མཁན་ནི། གྲྭ་མང་དང་། འགོ་ཁྲིད་མི་དྲག་སྡེ་མང་ཚོགས་བཅས་ཡིན་པ་ལས། བསམ་དགེ་དང་ཚུལ་ཉི་ཚུལ་བློ་དཔལ་མཆོག་ཡས་རབ་བཅས་ནི། ཕྲན་གྱི་དགོན་པའི་འགན་ཁུར་ནས་བཀོད་འདོམ་བྱས་པ་ལ། ཕྲག་དོག་མི་བཟོད་པ་སྐྱེས་ནས། གནོད་སེམས་འཆང་འདུག་ལ། བསམ་དགེ་དང་། ཚུལ་བློ། དཔལ་མཆོག་གཉེར་པ་གཉིས་བཅས་ཀྱིས། ངས་བཀོད་བསྒྲིགས་བྱས་ཏེ། འཆར་གཞི་བཞག་པ་དང་། བཤད་པའི་སྐད་ཆ་ལ་ཉན་འཇོག་རྩ་བ་ནས་མི་བྱེད་པར། ཚུལ་བློ་ལ་ཨ་གསར་བྱས་ཏེ། གང་གསུང་ཅི་སྒྲུབ་བྱས་པ། དཔེར་ན་བསམ་དགེ་དང་། ཚུལ་ཉི། གཉེར་པ་གཉིས་བཅས་ཀྱིས། ཤིང་ཆ་ཉོ་སྒྲུབ་བྱེད་སར། འགན་ཁུར་རྒྱུ་གྲོས་མཐུན་བྱས་ཀྱང་། བསམ་དགེའི་ཚུལ་བློ་ལ། ཤིང་ཆ་ཉོ་བྱེད་དངུལ་སྤྲད་པ་ཙམ་ལས། ཤིང་ཆ་ཉོ་སྒྲུབ་བྱེད་སར་འགྲོ་མ་མྱོང་པའི་མ་ཚད། ཤིང་ཆ་ཉོ་སྒྲུབ་ལ་ཇུས་རྟོག་མ་བྱས་པ་དང་། གཉེར་པ་གཉིས་ཀྱི་ཚུལ་བློའི་། དངུལ་ག་ཚད་དགོས་ཟེར་ན། དངུལ་སྤྲད་ནས། ཚུལ་བློའི་ཤིང་གི་ཁ་གྲངས་དང་དྲའུ་གྲངས་ཁ་དེབ་ནང་། ཐོ་བཀོད་པ་ལས་ཤིང་ཆ་ཉོ་སར། ཤིང་ལ་བལྟ་བ་ཙམ་དང་ཁ་འཇལ་མཁན་ཙམ་ཡང་མ་སོང་པ་དང་། ཚུལ་ཉི་ཤིང་ཆ་ཉོ་ཚོང་བྱེད་སར་ཐིང་འགའ་སོང་ཡང་། དགོན་པ་ལ་ཤིང་ག་ཚད་ཉོས་པ་དང་། ཤིང་ཆ་ཕར་ག་ཚད་བཙོང་པའང་མི་ཤེས་པ་འདུག་ལ། ཕྲན་ནི་གྲོས་བྱེད་དུས་ནས། ཤིང་ཆ་ཉོ་སྒྲུབ་ལ་འགན་མི་ཁུར་རྒྱུ་བྱས་པའི། ཤིང་ཆ་ཉོ་སྒྲུབ་ཐད་ཇུས་རྟོག་མ་བྱས། དེ་སྐབས་གྲོས་བྱས་དུས། མཁན་པོ་བསམ་དགེ་དང་། མཁན་པོ་ཚུལ་ཉི། གཉེར་པ་ཤེས་རབ་དང་། གཉེར་པ་སྐལ་བཟང་གཉིས་བཅས་ཁོང་བཞི་ཡིས། དགོན་པའི་ཤིང་ཆ་ཉོ་སྒྲུབ་བྱེད་རྒྱུ་འཆར་གཞི་བཞག་ཀྱང་། ཁོང་བཞི་ཡིས་བློ་གྲོས་ཀྱིས་དྲིའུ་ཉོས་པའི་གྲངས་ཁ་དང་། ཤིང་ཁ་གྲངས་ག་ཚད་ཉོས་པ་རྩ་བ་ནས་མི་ཤེས་པའི་མ་ཚད། དྲེའུ་དང་ཤིང་གདུང་མ་རླངས་འཁོར་གྲངས་ཀ། ག་ཚད་ཉོས་པའང་མི་ཤེས་ཟེར། ཚེས་༣༠་ཉིན། ཐུན་དཔོན་དང་དངུལ་གཉེར། ཀུན་བཟང་རྒྱལ་མཚན་དང་། རྩིས་པ་ནམ་མཁའ་ཡེ་ཤེས་བསྐོས། དེ་ཉིན་ཕྲན་གྱིས་ཚུལ་བློར། སྒྲུབ་གྲྭ་བ་ཚོར། སློབ་གསོ་བཏང་རོགས་ལབ་པས། ཚུལ་བློས་བཤད་པར། གྲྭ་ཆུང་རྣམ་པ། ཁྱེད་ཚོའི་ཡི་གེ་སློབ་སྦྱོང་ཡག་པོ་གྱིས། བོན་སྒྲུབ་པ་ལ། བོན་ཞུ་སའི་བླ་མ་བཟང་ངན། ལོ་གསུམ་བརྟག་དགོས་པ་ལས། གང་བྱུང་དུ་བླ་མར་བརྩི་མི་ཉན།  ལུང་ལས་བོན་ཞུ་ཁར་དང་པོ་ནི། སློབ་མའི་བླ་མ་ལ། བརྟག་དཔྱད་བྱེད་དགོས་ཚུལ་གསལ་བས། བླ་མ་བརྟེན་ལོ་ས་ཨེ་འདུག་ལོ་གསུམ་བརྟག་དགོས། དེ་མཚམས་བླ་མ་མཁན་སློབ་ཀྱི། གསུང་ལ་བརྟག་དགོས། བླ་མའི་གསུང་ཚད་ཉན་དགོས་དོན་ཡོད་མ་རེད། ཉན་ལོ་བ་འདུག་ན་ཉན། ཉན་མི་ལོ་བ་འདུག་ན། ཉན་དགོས་དོན་ཡོད་མ་རེད། བླ་མ་སོགས་ལ་དང་པོ་ནས་བརྩི་བཀུར་དང་། དད་འདུན་བྱེད་མི་རུང་། བརྟག་དཔྱད་ཡང་ཡང་བྱེད་དགོས། ཕན་ཚུན་སྐྲག་དགོས་དོན་ཡོད་མ་རེད། དང་པོ་འཐབ་འཁྲུག་རྩོད་པ་བྱེད་དགོས། གྲོད་པུས་མགོ་མི་གཏུབ། རྩིབ་རུས་ཀྱི་གློ་བ་མི་ཕུག་ཟེར་བས་དཔེ་བཞིན། དང་པོ་བུ་སུ་ངར་ཚད་དགོས་འཛིང་དགོས། དེ་ནས་བུ་ངར་ཞན་བྱེ་ནས་རྩོད་འཁྲུག་མེད་པ་འགྲོ་རེད་སོགས་ལབ་སོང་། ཚེས་༣༡་་ཉིན། མི་ཡ་རབ་སྐད་གྲགས་ཅན་བ་མོང་ཉི་སྡིས་ཀྱི། དགོན་པ་བཞེངས་བྱེད། ཞལ་འདེབས་སྒོར་ཁྲི་གཅིག ་ཕུལ་བ་འཕྲོད་བྱུང་། སྤྱི་ཟླ་༩་པའི་ཚེས་༡་ནས་ཚེས་་༡༨་བར། ཕྲན་གྱི་སྒྲུབ་གྲྭ་ཚོར། སེམས་ངོ་རྒྱུག་ལེན་དང་། དངོས་གཞི་ངོ་སྤྲོད་སོགས་བྱས་པ་དང་། ཕྱི་ཡི་འཁོར་འདས་རུ་ཤན་ཕྱེ་བ་སོགས་ཁྲིད། ཚེས་་༡༩་ཉིན། སྦྲ་ཆེན་དམར་རོང་ལ། གྲི་འདུར་བཅའ་འདོན་བྱེད་ལ། འོང་རོགས་ཟེར་བ་བཞིན་སོང་། ཚེས་༢༣་ཉིན། དགོན་པར་འབྱོར། དེ་རིང་བསམ་དགེ་ཚུལ་ཉི་ཚུལ་བློ་དཔལ་མཆོག་བཅས་ཀྱི་གྲོས་བྱས་ཏེ། ཕྲན་དང་རྒྱལ་ཚུལ། སྐལ་བཟང་གསུམ། ནག་རུ་སྟོད་བྲག་ལུང་ཁྱུང་རྫོང་སོགས་ལ། དངུལ་སློང་མོ་འགྲོ་དགོས་ཟེར་བ་ལྟར། ཚེས་༢༤་ཉིན་ནས་སློང་མོ་སོང་བས། སྔ་ཕྱི་སྒོར༢༤༣༨༠་་། བྱུང་ཚེས་་༢༦་ཉིན་ནས་ཟླ་༡༠་པའི་ཚེས་༡༧་་བར་སྒྲུབ་གྲྭ་ལ། དངོས་གཞི་རྒྱུག་ལེན་ནས་ངོ་སྤྲོད་པ་སོགས་བྱས་པ་དང་། སྡེ་སྣོད་མཛོད་ཁྲིད་བཞིན་བསྡད། ཟླ་༡༠་པའི་ཚེས་་༨་་ཉིན། རྫོང་ཆོས་དོན་ཅུས་ཀྱིས། དགོན་པ་གནས་སྤོས་ཀྱི་ཆོག་མཆན་ཡི་གེ ་རྒྱ་བོད་ཡིག་རིགས་གཉིས་ཅན་གནང་བྱུང་།  དེ་སྐབས་སྒྲུབ་གྲྭར་ཁྱོན་གྲྭ་པ་བཅོ་བརྒྱད། ཡོད་འདུག་པ་སྔོན་མ་༡༡དང་། དེ་སྟེང་གསར་འབྱོར་རྩེ་དགོན་ནས། ཁྲི་རྒྱལ། ཁྲི་ཏན། སྨོན་ཚུལ། སྟེང་ཆེན་དགོན་ནས་གཤེན་འོད། ཡང་བརྩོན་འགྲུས། རྣམ་སྲས་བཅས། བཅོ་བརྒྱད་འདུག་ ཚེས་༡༨་ཉིན། ཆབ་མདོར་འདུར་བཅའ་མི་འགྲོ་རོགས་ཟེར་བས། ངས་བསམ་དགེར་ང་ཆབ་མདོ་འདུར་བཅའ་མི་འགྲོ་རོགས་ཟེར་བས། དེའི་རིང་ཁྱེད་དགོན་པར། བཞུག་ཨེ་ཁོམ་དྲིས་པས། ཁོང་ཀྱང་ང་མཉམ་དུ་ཆབ་མདོར་འགྲོ་དགོས་ཟེར། ངས་ངེད་གཉིས་ཀ་སོང་ན། སྒྲུབ་གྲྭ་ལ་དཔེ་ཁྲིད་བྱེད་མཁན་མི་འདུག་པས། ཁྱེད་བཞུགས་རོགས་གྱིས་ལབ་པས། བསམ་དགེའི་སྒྲུབ་གྲྭ་ཚོར། ང་ཆབ་མདོར་བླ་མ་དང་མཉམ་དུ། ཅ་ལག་འདྲ་ཉོ་ཞོར་འགྲོ་དགོས་པས། ཁྱོད་ཚོར་དེའི་རིང་། བསྒྲིགས་ལམ་ཡག་པོ་སྲུང་དཔེ་ཆ་ལྟོས་ཟེར་སོང་། དེ་ནས་ངེང་གཉིས། ཚེས་༡༧་ཆབ་མདོར་སོང་ནས། འདུར་བཅའ་འདོན་བྱས། ཚེས་་༡༩་ཉིན་དགོན་པར་འབྱོར། ཚེས་་༢༠་ཉིན། ཕྲན་སྦྲ་ཆེན་དམར་རོང་ལ། ལས་བཞི་མེ་སྤར་བྱེད་མི་སོང་། ཚེས་༢༣་་ཉིན་དགོན་པར་འབྱོར། ལྷོ་གཏམ་སྟོད་གཏམ་སྨད་འཁྲུག་ནས། མི་བདུན་བསད་པ་དང་། དེ་རྗེས་མི་གཉིས་གཡང་ལ་ལྷུང་ནས་ཤི་སོང་བ་ལ། གྲི་འདུར་བཅའ་མཁན་གཤེན་སྲས་རིན་པོ་ཆེར། ཕྱག་མོ་ཞུས་པའི་ཕྲན་གྱི་བཅས་ན་ལེགས་འདུག་གསུང་བྱུང་བས། མཐའ་ཞུ་བླ་མ་ཁྱེད་ངེད་གཏམ་སྨད་བེ་སྒོ་དགོན་དུ། ཁྱོན་མི་དགུ་གྲི་ཤི་སོང་བ་ལ། གྲི་འདུར་བཅའ་མི་བྱོན་རོགས་ཟེར་བས། ཚེས་་༢༦་་ཉིན། ལྷོ་གཏམ་སྨད་ལ་སོང་། ཚེས་་༢༩་ཉིན་དགོན་པར་འབྱོར། ཚེས་་༣༠་ནས་ཟླ་༡༡་པའི་ཚེས་༢༧་བར། སྡེ་སྣོད་མཛོད་དཔེ་ཁྲིད་བྱས། ཚེས་༢༧་ཉིན་ནས། ཟླ་༡༢པའི་ཚེས་༦་བར་དུ།  དགོན་གསར་བཀྲིས་མདོ་ལ། ངེད་ཀྱི་འགན་ཁུར་ཏེ། སྟག་ལ་བྱེད་ཟློག་དང་། སྲིད་རྒྱལ་འབུལ་ཚོགས་ཕུལ། དེ་སྐབས་སྲིད་རྒྱལ་ཐུགས་སྒྲུབ་གཞུང་ཁྲི་གཅིག་དང་། སྲིད་རྒྱལ་བསྐང་ཆེན་ཁྲི་གཅིག་ཐོན་ཐབས་བྱས་པ་དང་། ངེད་ཀྱི་བརྩམ་པའི། སྲིད་རྒྱལ་ཚོགས་བསྡུས་དང་བསྐང་བ་གཉིས། ཁྲི་དགུ་རེ་བཏོན་པས། དེ་ནས་རིམ་བཞིན་རུ་ཁག་གཉིས་པ་དང་། རུ་བཞི་པ་སོགས་ཀྱི་ཁྲི་ཚོགས་འབུལ་འཆར་བྱས་ཀྱང་། དེ་རྗེས་ཕྲན་ལ་ཕྲག་དོག་ཡོད་པའི་མི་འགས། སྡེ་མང་ཚོགས་ཀྱི་དཔལ་འབྱོར་ཕྲོགས་སུ་བརླགས་སོང་། ཚོགས་བསྡུས་སྟོན་ནས་ཚོགས་ཕུལ་ཀྱང་ཕན་ཐོགས་ཡོད་མ་རེད་ཟེར་ནས། གང་སར་དྲིལ་བསྒྲགས་བྱས་འདུག་ནས། དེ་ནས་དགོན་པར་ཁྲི་ཚོགས་འབུལ་མཁན་མེད་པར་གྱུར་སོང་། ཚེས་༦་ཉིན་དགོན་པ་འཚོགས་གྲོལ། དེ་ནས་ཉམས་ཁྲིད་སྙིང་གི་བརྒྱ་ཅན་ཁྲིད། ཚེས་༢༢་ཉིན། ཀུན་བཟང་དང་ནམ་མཁའ་གཉིས། ཐུན་དཔོན་དང་དངུལ་གཉེར་བརྗེས་ཚེས་༢༥་་ཉིན། ཐུན་དཔོན་སྨོན་ཚུལ་དང་། དངུལ་གཉེར་བློ་ལྡན་བསྐོས། གེ་ཁོད་དབང་གནང་། འདིའི་སྔ་རྗེས་སུ་ཚུལ་བློའི་ནག་རུ་དགོན་པར། ཤིང་ཆ་ཉོ་སྒྲུབ་བྱས་པའི་ཐོ་དེབ་བོར་བརླགས་སོང་བ་སུས་རྙེད་ནའང་ཚུར་སྤྲད་རོགས་ཞེས། སྟེང་ཆེན་དགོན་པར་བརྡོ་ཐོ་གཏོང་རོགས་ཞུས་ཀྱང་ཐོ་དེབ། སྤྲད་མཁན་བྱུང་མི་འདུག་ཟེར་བ་ཐོས། ༢༠༡༡་ལོའི་ཟླ་༡་པོའི་ཚེས་་༡་ཉིན་དགོན་པ་འཚོགས། ཚེས་༤་ཉིན་གྲོལ། ཚེས་༥་ཉིན། ལོ་གསར་ཆུང་བའི་ཚེས་༡་་རྩིས་ཏེ། སྒྲུབ་གྲྭས་དགའ་སྤྲོ་གཏོང་ནས་ཟས་མགྲོན་བྱས།  ཚེས་༦་ཉིན་བྱིས་པ་སློབ་གྲྭའི་དགེ་སློབ་ཚོས། དགའ་སྤྲོ་གཏོང་ནས་ཟས་མགྲོན་བྱས།  ཚེས་༧་ཉིན་མཁན་པོ་བསམ་དགེ་དང་། ཁོང་གི་གྲྭ་ཤག་ནང་ཡོད་པའི་ཨ་ནེ་བཅས་ཀྱིས། དགའ་སྤྲོ་གཏོང་ནས་ཟས་མགྲོན་བྱས། ཚེས་༨་ཉིན་ཚུལ་ཉིའི་གྲྭ་ཤག་ནང་ཡོད་པའི་ཨ་ནེ་ཚོས། དགའ་སྤྲོ་གཏོང་ནས་ཟས་མགྲོན་བྱས།  ཚེས་༩་ཉིན་དགོན་གཞུང་གིས་བླ་གྲྭ་ཚོས། དགའ་སྤྲོ་གཏོང་ནས་ཟས་མགྲོན་བྱས།   ཚེས་༡༠་ཉིན་ཡས་ཤད་རལ་སད་དགོན་དུ་བསུས། དེ་སྐབས་ཁོང་གིས། སྐྱབས་རྗེ་དཔོན་གསས་བླ་མ། འོད་ཟེར་མཐར་རྒྱས་རིན་པོ་ཆེའི་དཀའ་དྲིན་ལས། དགོན་པ་ཉམས་རྒུད་ལས་སྒྲོལ་ཏེ། དར་རྒྱས་བྱུང་སོང་སོགས་བཤད་དེ། ཕྲན་གྱི་དགོན་པར་བྱ་བཟང་སྒྲུབ་སྟེ། བྱས་རྗེས་ཡོད་ཚུལ་གྱིས། ངོས་ལ་ཁ་སྟོང་པའི་ངོ་བསྟོད་ཆེས་ཆེར་བྱས་སྟེ། གྲྭ་མང་དང་མང་ཚོགས་ཚོར། ཕྲན་ལ་དགའ་བསུ་ཐལ་མོ་བརྡབ་བཅོལ་སོང་། ཚེས་་༡༢་་༡༣་་༡༤་༡༥་་བཅས་ལ། ཕྲན་དང་། བསམ་དགེ་ ཚུལ་ཉི། ཚུལ་བློ། ཤེས་རབ། སྐལ་བཟང་བཅས་ཀྱིས། ཕྲན་གྱི་སར་འདི་ལོའི་དགོན་པའི་དངུལ་གཏོང་ཡོང་ལྷག་བསྡད། ཞིབ་ཅིང་ཕྲ་བ་རྩིས་གཏུག་པས་རྩིས་ཐུག་སོང་། ཁོ་ཚོ་སོ་སོའི་གཏོང་ཡོང་ལྷག་བསྡད་བཅས་ཀྱང་རྩིས་པ་ཡིན། སྐབས་འདིར་ཚུལ་བློའི། དགོན་པའི་དངུལ་གཏོང་ཡོང་ལྷག་བསྡད་ཀྱི། ཐོ་དེབ་འཛིན་ཡིག་བོར་བརླགས་སོང་གསུང་ནས་རྩིས་གཏུག་མ་སོང་བས། དགོན་པར་ཤིང་ཆ་གདུང་མ་དང་དྲལ་འུ། རླངས་འཁོར་གྲངས་ཀ་ག་ཚད་ཚུར་ཉོས་པ། ག་ཚད་ཕར་བཙོང་བ་སོགས། ཚུལ་བློའི་གང་གསུང་ལས་གཞན་སུ་གཅིག་ཤེས་མཁན་མི་འདུག་སྟེ། སྟོན་ཁ་ནས་ཚུལ་བློའི་ཉིན་ལྟར། ཤིང་གདུང་མ་དང་དྲལ་འུ་རླངས་འཁོར་མང་པོ། ཚུར་ཉོ་ཕར་ཚོང་བྱས་ཀྱང་།  ཕྲན་དང་། བསམ་དགེ་ ཚུལ་ཉི། གཉེར་པ་གཉིས་བཅས་ཚང་མས། ཤིང་ཁ་གྲངས་ག་ཚད། ཚུར་ཉོས་པ་དང་། གཞོག་རྒྱུ་ཤིང་ཁ་ག་ཚད་བཤག་པ། ཤིང་ཁ་ག་ཚད་ཕར་བཙོང་པ་ག་ལ་ཤེས་ཏེ། ཐ་ན་ཤིང་རླངས་འཁོར། ག་ཚད་ཚུར་ཉོས་པ་དང་། དགོན་པར། ཤིང་རླངས་འཁོར་ག་ཚད་བཤག་པ། ཤིང་རླངས་འཁོར་ག་ཚད། ཕར་བཙོང་པ་སུ་གཅིག་གིས་མི་ཤེས་པས་མ་ཚད།  ཤིང་ཆ་གང་ནས་ཉོ་སྒྲུབ་བྱས་པ། སུ་ལ་ཕར་བཙོང་བ། དགོན་པར་ག་ཚད་མར་ཁུར་བ་སོགས། ངེད་ཚོ་སུ་གཅིག་གི་མི་ཤེས་པར་གྱུར་འདུག་ལ། གྲྭ་པ་དང་འགོ་ཁྲིད་མང་ཚོགས་བཅས་ཀྱིས། ཕྲན་གྱི་དངུལ་ཚང་མ་ཚུལ་བློ་ལ་སྤྲད་པ་དང་། དགོན་པར་ཤིང་དྲའུ་ག་ཚད་ཙམ། ཉོས་པའང་ཤེས་མི་འདུག་ཟེར་ནས་གཤུང་བ་བྱས་པ་ཐོས། ད་རུང་ཁོང་གིས་ཐོ་བརླགས་སོང་གསུང་པ་ལ། གཞན་གྱི་བསམ་འཆར་མང་པོ་ཞིག ་ལྐོག་ཏུ་བཤད་ཡོད་པར་འདུག་  ཕྲན་ཚེས་༡༧་ནས། ཚེས་༣༡་་བར། དབལ་གསས་སྒྲུབ་པར་བསྡད། ཐུན་བར་དུ། སྡེ་སྣོད་མཛོད་དཔེ་ཁྲིད་བྱས། སྤྱི་ཟླ་༢་པའི་ཚེས་༢་ཉིན། འཛོམ་ཆུང་ལས་བཞི་སྨོན་ལམ་བཏབ་པར་སོང་། དེ་སྐབས་རྣམ་ལྷ་རིན་པོ་ཆེའི། བསམ་དགེའི་མགོར་རྟེན་གསུམ་བཞག་སྟེ། བཙན་པོ་བྱས་ཏེ་ ཆང་དང་སྦུ་རག་གཅོད་བཅོལ་འདུག་པས། ལོ་གསར་དགའ་སྤྲོའི་རིང་མཁན་པོ་བསམ་དགེའི། ངས་མགོ་ལ་བླ་མ་ནམ་ལྷའི་རྟེན་གསུམ་བཞག་ནས་གཅོད་བཅུག་བྱུང་ལབ་ནས། སྦུ་རག་ཆང་གཉིས་ཀ་འཐུང་མ་སོང་། དེ་རྗེས་དཔྱིད་ཀ་ནས་སྦུ་རག་ནི་འཐུང་བཞིན་འདུག་གོ།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.