སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ནམ་མཁའ་རིན་པོ་ཆེས་དཀའ་དྲིན་ལས། 6 | 2013/9/15 14:59:00
༈༈༈ རང་ལོ་བཞི་ཅུ་པ། ༢༠༡༡་ལྕགས་ཡོས་ལོའི་བོད་ཟླ་ཅུ་གཉིས་པར། གནམ་ལོ་གསར་པ་རྩིས་པའི་ཚེས་གཅིག་དང་གཉིས། ཚེས་གཉིས་རྗེས་མ་བཅས་ལ། དགའ་སྤྲོ་ཉིན་གསུམ་བཏང་། ༢༠༡༡་ལོའི་ཟླ་༢་པའི་ཚེས་༦་་བོད་ལྕགས་ཡོས་ལོའི་ཟླ་བཅུ་གཉིས་པའི་ཚེས་༣་ཉིན། ཕྲན་དང་བསམ་དགེ་ཚུལ་བློ་གཉེར་པ་སྐལ་བཟང་དང་། ཤེས་རབ་གཉིས་བཅས་ཀྱིས། ཕྲན་གྱི་སར་ཡོད་པའི་དགོན་གཞུང་དངུལ་དང་། མང་ཚོགས་ཀྱིས་ཕུལ་བས་བརྟན་རྩ་བཅས། ཁར་སེང་ཐིང་གཅིག་རྩིས་ཟིན་ཡང་། ད་ལྟ་སླར་ཡང་ཞིབ་ཅིང་ཕྲ་བ་རྩིས་གཏུག་པས། ཁར་སེང་ལྟར་རྩིས་ཐུག་སོང་བའི། ཞིབ་ཕྲའི་ཐོ་གཤམ་དུ་གསལ་བ་ལྟར་ལ། སྤྱི་ཚེས་༧་ཉིན་ཚུལ་བློ་ཅན་རྩིས་གཏུག་སྐབས། ཚུལ་བློ་སར་ལག་འཕྲོད་སྒོར། རུ་ཁག་བཞི་པའི་བརྟན་རྩ་བསྡུས་པ་ཁྱོན་སྒོར་༤༠༥༠༠་་དང་། རུ་ཁག་གསུམ་པའི་འཆི་མེད་དབང་རྒྱལ་ནས། བརྟན་རྩ་ཁོང་ལ་འཕྲོད་པ་སྒོར་༥༠༠༠་་དང་། གཉེར་པ་ཤེས་རབ་ནས་དང་པོ་སྒོར་༣༥༠༠༠་དང་། དེ་རྗེས་སྒོར་༨༠༠༠་་བཅས། སྔ་ཕྱི་ཁོང་ལ་སྤྲད་པ་ཁྱོན་སྒོར་་༤༣༠༠༠་་དང་། གཉེར་པ་སྐལ་བཟང་ནས་དང་པོ་༡༣༠༠དང་། དེ་རྗེས་སྒོར་༧༠༠༠༠་་དེ་རྗེས་སྒོར་༢༠༠༠༠་་བཅས། སྔ་ཕྱི་ཁོང་ལ་སྤྲད་པ་ཁྱོན་སྒོར་་༩༡༣༠༠་་མཁན་པོ་བསམ་དགེ་ནས་སྔ་ཕྱི་ཁོང་ལ་སྤྲད་པ་སྒོར་་༤༠༠༠༠་་དང་། ཚུལ་བློ་དང་གྲྭ་ཉི་མ་གཉིས་ཁམ་ཉིན་ལ། བརྟན་རྩ་སློང་མོ་བྱས་པ་སྒོར་༡༤༦༥་བཅས་ཁྱོན་སྒོར་ཁྲི་༢༢༡༢༦༥་་ལས། ད་ཡོད་ལག་དངུལ་སྒོར་༦༠༠༠༠་དང་། ཤིང་གདུང་མ་དང་དྲལ་འུ་ཉོས་པ་དང་། བཤག་གླ་ཨ་གླ་བདལ་གླ་དེ་མིན་ལས་བཟོ་བོད་པ་དང་། ཤིང་བཟོ་ལ་ཟས་རིན་སྣམ་རིན་སོགས། དེ་རིང་ཡན་འགྲོ་སོང་གཏོང་རིགས་ཁྱོན་བསྡོམ་སྒོར། ཁྲི་༡༥༤༤༤༥་དང་། ད་ལོ་ལས་བཟོ་བོད་པ་མར་འོང་བྱེད་སྒོར། ཁྲི་༢༠༠༠༠་བསྐུར་བ་བཅས། ཁྱོན་འགྲོ་སོང་སྒོར་ཁྲི་༡༧༤༤༤༥་སོང་བ་རྩིས་པའི། ཡོང་འབེབས་ལས་སྒོར་༡༣༡༨༠་ཐོལ་པ་སོང་འདུག་པའི། གཏོང་ཡོང་ག་ཐུག་མ་སོང་བའི། ཕྲན་གྱིས་ཚུལ་བློ་ལ་ད་ལོ་དབྱར་ཁ་སྨོན་རྒྱལ་བླ་བྲང་གི་ སྒྲུབ་ཆེན་སྐབས་ནག་རུས་མང་ཇ་དང་། དངུལ་འགྱེད་ཕུལ་བའི་ལྷག་མ། ཚུན་ཀྲང་ཨ་ར་ཡིས་སྒོར་ཁྲི་གཅིག་ལྷག་ ཚུལ་བློ་ཁྱེད་ལ་སྤྲད་པ་ཡིན་ཟེར་ཡང་། ཁྱེད་ཀྱི་ཚུར་བྱུང་ཐོ་ལ་མི་འདུག་པའི་ཁྱེད་ལ་འཕྲོད་ཨེ་བྱུང་ལབ་པས། ཚུལ་བློ་ཁོང་གིས་ཨ་ར་ནས་དངུལ་སྤྲད་པ་མི་དྲན་ཟེར་བའི། དེ་སྐབས་ཨ་ར་ནས་མ་འཕྲོད་ས་བྱས། དེ་ནས་ཚུལ་བློའི་བཤད་རྒྱུར། ད་ལྟ་ལག་དངུལ་ཁྲི་དྲུག་ཡོད་པ་དེ་དང་། དེ་སྟེང་གཉེར་པ་གཉིས་ཀྱི་དགོན་པའི་དངུལ་གཏོང་ནས། ཚུལ་བློ་ཁོང་གིས་ཉོས་པའི། དངུལ་སྒོར་ཁྲི་གསུམ་ལྷག་གི་དྲལ་འུ་བཙོང་རྒྱུ། ཆུ་གློག་ལས་ཁུངས་ཀྱི་ཤིང་བཤག་རྭ་བར། ད་ལྟ་སྤུངས་ཡོད་པ་དེ་དང་། དེ་སྟེང་གཉེར་པ་གཉིས་ཀྱི་དངུལ་གཏོང་ནས་ཚུལ་བློ་ཁོང་གིས་ཉོས་པའི། ཤིང་གདུང་མ་ཁ་༤༤་ལྷག་ཙམ་ལས། ཁ་ཤས་ཧ་གཏད་ནས་ཕར་བཙོང་ཟིན་པས་དངུལ་ཚུར་ལེན་རྒྱུ་ཡོད་ལ། ཤིང་མང་ཆེ་བ་འཚོང་རྒྱུ། སྣམ་མཛོད་ལས་ཁུངས་ཀྱི། ཤིང་བཤག་རྭ་བར་ད་ལྟ་བརྩིག་ཡོད་པས་ཤིང་དེ་དག་ཕར་བཙོང་ནས། ཤིང་རིན་དངུལ་དེ་ཚོ་མ་རྩ་བྱེད། དེ་སྟེང་ད་ལྟ་བླ་མ་ཁྱེད་དང་། གཉེར་པ་གཉིས་སར་དགོན་པའི་དངུལ་གང་ཡོད་ཚང་མའི། དགོན་པའི་ཆེད་དུ་ཁོང་གིས་ཤིང་ཚོང་རྒྱབ་སྟེ། དགོན་པར་རྗེས་སུ་ཁེ་སོང་ཆེན་པོ། རྩིས་གཏུག་རྒྱུ་ཡོད་པ་བྱེད་འོང་ལ། ད་རུང་གདུང་མ་ཤིང་ཁ་བརྒྱ་ལྷག་དང་། དྲལ་འུ་རླངས་འཁོར་ཁ་ཤས། ཚུར་ཧ་ལེན་ཡོད་པའི་དེ་ཚོ་ཕར་བཙོང་ནས། དེ་ཚོའི་ཁེ་བབས་ཀྱང་དགོན་པར་བཞག་རྒྱུ་ཡིན་གསུང་། ཕྲན་གྱིས་བཤད་པར། ད་ལོ་བརྟན་རྩ་ཁྲི་བརྒྱ་ལྷག་ཚང་མ། ཁྱེད་ཀྱི་ཤིང་ཉོ་བྱེད་བཀོལ་ཏེ་ཟད་ཚར་འདུག་ ད་ལྟ་དངུལ་ཏོག་ཙམ་ཡོད་པ་འདིས་དགོན་པ་བཞེང་བྱེད་དང་། གྲྭ་ཤག་རྒྱབ་བྱེད་མཁོ་རྒྱུ་རེད། ལབ་པའི་ཁོང་གིས། དགོན་པ་བཞེང་བྱེད་བརྟན་རྩ་ད་ལོ་སྟོན་ཁ་བསྡུ་ཆོག་རེད། གྲྭ་ཤག་ད་ལོ་རྒྱབ་ཐུབ་མ་རེད་ཟེར། ངས་ད་ལོ་ངེས་པར་དུ་གྲྭ་ཤག་རྒྱབ་དགོས། གྲྭ་ཤག་མེད་ན་འདུ་ཁང་གཅིག་པོ་ཡོད་ཀྱང་། བླ་གྲྭ་ཚང་མ་འདུག་ཐབས་མི་འདུག་པའི། གྲྭ་ཤག་རྒྱབ་དགོས་ཤིང་ཚོང་རྒྱབ་རྒྱུ་ལ། ཕྲན་མོས་མཐུན་མེད་ལབ་པ་ཡིན། དེ་ནས་ཁོང་གིས་ད་ལག་དངུལ་གང་ཡོད་སྤྲོད་ཤོག་ཟེར་བས། ངས་ད་ལྟ་ཁྱེད་ལ་དངུལ་སྤྲད་རྒྱུ་མིན། ཤིང་ཚོང་རྒྱབ་རྒྱུ་འགོ་ཁྲིད་དང་། གྲྭ་དམངས་ལ་གྲོས་འདྲི་དགོས་ལབ་པས། ཁོང་ཐུགས་དགོང་འཁྲུག་སོང་ཡང་བྱེད་ཐབས་མ་བྱུང་། དེ་དུས་ལོ་གསར་སྐབས་ཡིན་པའི། ཚུལ་བློའི་མཐོ་བླ་མ་མཁན་པོ་ནས། གྲྭ་པ་སུ་ཡིན་ཀྱང་ཆང་འཐུང་ཉན་མ་རེད། ཆང་འཐུང་ན་རང་གི་དགེ་བ་ཆགས་ཀྱི་རེད་ལ། གཞན་ལ་མིག་ལྟོས་ངན་པ་ཡོད་རེད་ལ། གྲྭ་པའི་སྡོམ་པ་དམ་ཚིག་སྲུང་བྱ་ཐམས་ཅད་ཕར་བརྗེད། ཞེ་སྡང་འདོད་ཆགས་ཕྲག་དོག་སོགས་དུག་ལྔ་ཐམས་ཅད་ཚུར་དྲན། དེ་ལྟར་དགོན་པའི་བླ་གྲྭ་སུ་ཡིན་ཀྱང་ནམ་ཞིག་སྡོམ་པ་ཉམས་སྲིད། དེ་མིན་ཆང་འཐུང་མཁན། དགོན་པར་སྡོད་མི་ཐུབ་པ་དང་གྲོང་གསེབ་ཏུ། མི་སྐྱ་ཕོ་མོའི་མཉམ་དུ་ཆང་འཐུང་དུས། འཚམ་པོ་ཡོད་མ་རེད་ལ། གྲོང་བརྡལ་དུ་བླ་མ་མཁན་པོ་གྲྭ་པ་ཐམས་ཅད། ཇ་ཁང་དུ་ཆང་ཁང་དུ་ཆང་དང་སྦུ་རག་སོགས། འཐུང་བསྡད་ན་མི་ཁ་ཆེན་པོ་ཕོག་འོང་རེད། སོགས་གསུང་པའི་དངོས་སུ་གནས་སྐབས་ཕན་ཐོག་ཆེན་པོ་བྱུང་སོང་ལ། གྲྭ་པ་ཆང་རག་འཐུང་མཁན་ཉུང་རུ་སོང་བ་མ་ཟད། ཚུལ་བློའི་མཐོང་སར་གྲྭ་པའི་ཆང་རག་ག་ལ་འཐུང་ཕོད་དེ། མཁན་པོ་བསམ་དགེའི་ཀྱང་སྦུ་རག་ལྐོག་ཏུ་འཐུང་བ་ལས། ཚུལ་བློའི་མཐོང་སར་ཟླ་བ་ཁ་ཤས་ལ་སྦུ་རག་འཐུང་ཕོད་མ་སོང་། སྤྱི་ཚེས་༨་ཉིན་གཉེར་པ་གཉིས་ཀྱི་དངུལ། ཁར་སེང་རྩིས་ཀྱང་དེ་རིང་སླར་ཡང་རྩིས་པ་དང་། གཉེར་པ་གཉིས་ཀྱི་རེ་བ་ལྟར། ཐོ་ལེགས་པོར་བཤུ་འབྲི་བྱས་པ་ཡིན། དེ་ནས་ཚེས་༡༧་་བར་དགོན་པར་བསྡད་ནས། དཔེ་ཁྲིད་བྱས་སྤྱི་ཚེས་༡༧་་དང་བོད་ཟླ་ཅུ་གཉིས་པའི་ཚེས་༡༤་ཉིན། སྟོན་པ་འཁྲུང་མཆོད་ཞི་ཁྲོ་མར་མེ་སྔར་སྲོལ་ལྟར་འཚོགས་པ་དང་། བོད་ཚེས་༡༨་སྤྱི་ཚེས་༢༡་ཉིན་འཚོགས་གྲོལ་སྐབས། དེ་ཉིན་ཚུན་ཡོངས་ཀྱི་འགོ་ཁྲིད་དང་མི་དྲག་རྣམས། དགོན་པར་མགྲོན་བོས་ཏེ། དགོན་པའི་བརྟན་རྩ་སོགས། རྩིས་ཐོ་ཁྱབ་བསྒྲགས་བྱེད་རྩིས་བྱས་པས། དེ་ཉིན་འགོ་ཁྲིད་ཚང་མ་འབྱོང་ཡང་། ཚུལ་བློ་མ་འབྱོར། དེ་ནས་དང་པོ་ངེད་ཚོ་སོ་སོའི་དགོན་པའི་དངུལ། གཏོང་ཡོང་ལྷག་བསྡད་ཀྱི་རྩིས་ཐོ་ཁྱབ་བསྒྲགས་བྱས་པ་ཡིན་ལ། དེ་མཚམས་བླ་གྲྭ་དང་འགོ་ཁྲིད་ཚང་འཛོམས་ཐོག་ ཕྲན་གྱིས་དགོན་པ་འཛུགས་སྐྲུན་ཐད་དང་། ད་ལོ་གྲྭ་ཤག་རྒྱབ་རྒྱུ་ཐད། དགོན་པའི་ཤིང་ཚོང་རྒྱབ་རྒྱུ་ཐད་སོགས་ཚང་མར་གྲོས་དྲིས་པས། སྐབས་དེར་འགོ་ཁྲིད་དང་བླ་གྲྭ་ཚང་མས། གྲྭ་ཤག་རྒྱབ་རྒྱུ་ལ་མོས་མཐུན་བྱས་པ་དང་། དགོན་པའི་ཤིང་ཚོང་རྒྱབ་རྒྱུ་ལ། བསམ་འཆར་བཤད་དེ་མོས་མཐུན་མེད་ཟེར་བས། དེ་ནས་ཤིང་ཚོང་རྒྱབ་མཚམས་བཞག་རྒྱུ་གྲོས་མཐུན་བྱས། དེ་དུས་ཕྲན་གྱིས་མིང་སྟོན་ནས། གྲྭ་ཤག་རྒྱབ་དུས་ཨར་པོ་བལྟ་བསྐུལ་དོ་དམ་བྱེད་མི། མཁན་བསམ་དགེ་ལ་མཛད་རོགས་ལབ་པས། བསམ་དགེའི་རོགས་གྲྭ་པ་གཅིག་དགོས་ཟེར་བས། དེར་རོགས་གྲྭ་པ་སུ་ཡང་སྡོད་མཁན་མ་རྙེད་པས། དེར་ཚང་མའི་རྒྱན་འཕེན་དགོས་ཟེར་བ་ལྟར། རྒྱན་འཕང་པས་གྲྭ་སྨོན་ལམ་བསྟན་འཛིན་བབས། བོད་ཟླ་༡༢་པའི་ཚེས་༢༦་ཉིན། ནག་རུ་དགོན་པའི་དབུ་བླ། མཐའ་ཞུ་བླ་མ་གཡུང་དྲུང་གྲགས་པ་མཆོག་ སྐུ་མྱ་ངན་ལས་འདས་སོང་བས། དེར་ངོ་སྤྲོད་གསལ་གདབ། འཕོ་བ་སོགས་བྱས་ཏེ་དགོན་པར་འབྱོར། དེ་ཉིན་བསམ་དགེ་དང་ཚུལ་བློ་འཕྲད་པའི། བསམ་དགེའི་ཚུལ་བློ་ལ་ཤིང་ཚོང་རྒྱབ་པ་ལ། གྲྭ་མང་དང་འགོ་ཁྲིད་ཀྱི། བསམ་འཆར་ཡོད་ཚུལ་བཤད་ཙམ་བྱས་སོང་། དེ་ནས་སྡེ་སྣོད་མཛོད་དཔེ་ཁྲིད། ངལ་གསོ་སྐབས་མ་གཏོགས། ཉིན་ལྟར་ཆད་མེད་བྱས། ཟླ་༣་པའི་ཚེས་༢༤་ཉིན། རྔོ་པོ་ཕ་རྒན་གྲོང་པ་ལ་ངོ་སྤྲོད་བྱས། དེ་ཉིན་ཕྲན་དང་ཚུལ་ཉི། བསམ་དགེ་ ཚུལ་བློ། ཡས་རབ་བཅས་བཀྲ་ཤིས་མདོ་ལ་སོང་ནས། དགོན་པའི་དོན་དུ་གྲོས་བྱས་པ་དང་། ཕྱི་ཉིན་ཚང་མ་དགོན་པར་འདུས་ཏེ། ཚུལ་བློའི་དགོན་པའི་དངུལ། གཏོང་ཡོང་ལྷག་བསྡད་རྩིས་གཏུག་འཆར་བྱས། ཕྱི་ཉིན་ཚེས་༢༥་་ཉིན། ཡས་རབ་དང་ཚུལ་བློ་འབྱོར་བྱུང་བས། རྩིས་གཏུག་གྲབ་བྱེད་དུས་བསམ་དགེ་གར་སོང་མི་འདུག་པས། དེར་ཕྲན་དང་ཡས་རབ་ཚུལ་བློ་བཅས་ངེད་གསུམ་གྱིས། ཚུལ་བློའི་དགོན་པའི་དངུལ། གཏོང་ཡོང་ལྷག་བསྡད་རྩིས་གཏུག་པས། ཁར་སེང་རྩིས་པའི་ཡོང་འབེབས་སྒོར་ཁྲི་༢༢༡༢༦༥་་དང་། དེ་སྟེང་སྨོན་རྒྱལ་བླ་བྲང་ལ་གཏོང་ལྷག་ཨ་ར་ནས། སྒོར་༡༡༠༥༠་་འཕྲོད་ཡོད་ས་འདུག་ཟེར་བས། ཁྱོན་བསྡོམ་སྒོར་ཁྲི་༢༣༢༢༦༥་་དང་། དེ་སྟེང་ཤིང་གདུང་མ་དང་དྲལ་འུ་བཙོང་རིན་དང་། བློ་གྲོས་དང་སྨོན་ལམ་ཁྲི་རྡོར་འབྲུ་ལྡོམ་བྱོན་པས། འབྲུ་བྱུང་བ་བཙོང་རིན་བཅས། ཁྱོན་སྒོར་༡༠༢༧༣༥་་བཅས་རྩིས་པས། ཁྱོན་ཚུར་བྱུང་སྒོར་༣༣༥༠༠༠་དང་། ཕར་སོང་ལ་ཤིང་གདུང་མ་དང་དྲལ་འུ་སོགས་ཤིང་ཆ་ཉོས་པ་སོགས། ཁྱོན་འགྲོ་སོང་སྒོར་༤༥༢༠༩༠་སོང་འདུག་གསུང་པ་དང་། ཚུར་ཡོང་ལས་འགྲོ་སོང་སྒོར་ཁྲི་༡༡༧༠༩༠་་མང་འདུག་པས། དེ་སྐབས་ཚུལ་བློའི་བཤད་རྒྱུར། ངས་གཅེན་པོ་རྒྱ་མཚོའི་དངུལ་གཡར་ནས། དགོན་པར་ཤིང་ཆ་ཉོས་པ་ཡིན་པས། འགྲོ་སོང་ཐོལ་པ་སོང་བ་དེ་དགོན་པས་ཁོང་ལ་ཚུར་སྤྲོད་དགོས་ཟེར། དེ་སྐབས་ཕྲན་དང་ཚུལ་བློ་ཡས་རབ་གསུམ་དང་། སྒྲུབ་གྲྭ་བ་ཐམས་ཅད་དང་གྲྭ་རྒན་འགའ་བཅས་ཡོད་པས། ཕྲན་གྱིས་ཚུལ་བློར། ཁར་སེང་ཟླ་༢་པའི་ཚེས་༧་ཉིན་ཁྱེད་ཀྱིས། ལག་དངུལ་ཁྲི་དྲུག་ཡོད་ཟེར་བ་དང་། དེ་སྟེང་ཤིང་ཆ་དང་དྲལ་འུ་བཙོང་རིན་དངུལ་ལེན་རྒྱུ་ཡོད་ཟེར་བས། ངས་ཁྱེད་ཀྱི་སར་ད་ལྟ་ལག་དངུལ། སྒོར་ཁྲི་བཅོ་བརྒྱད་ལྷག་ཙམ་ཡོད་རྒྱུ་རེད་བསམ་བྱུང་། ད་ལྟ་ཁྱེད་ཀྱིས་ལག་དངུལ་མེད་ཟེར་བའི་མ་ཚད། ད་རུང་ཁྱེད་ཀྱི་དངུལ་གཡར་ཏེ། དགོན་པར་འགྲོ་སོང་གཏོང་ཡོད་པ། ངས་བསམ་ཡུལ་ལས་འདས་སོང་། དེའི་བར་དུ་དགོན་པའི་ཤིང་བཙོང་བའི། ཤིང་རིན་ཁྲི་༡༠་ལྷག་དེས་གང་བྱས་པ་ཡིན། ཁར་སེང་ཁྲི་དྲུག་ལག་དངུལ་ཡོད་ཟེར་བ་དེ། ཟླ་ཤས་ལ་གར་གཏོང་པ་ཡིན། ཟླ་༢་པའི་ཚེས་༧་ནས་དེ་རིང་ཟླ་༣་པའི་ཚེས་༢༤་བར་དུ། ཟླ་བ་གཅིག་དང་ཞག་མ་ཁ་ཤས་ལས་མ་སོང་ཡང་། དེའི་བར་སྒོར་ཁྲི་༢༡༧༦༥༤་་ལྷག་སོང་འདུག་ལ། དེ་སྐབས་ལག་དངུལ་ཁྲི་༦༠༠༠༠་་ཡོད་གསུང་པ། དེ་རྩིས་ན་་ཁྲི་༢༧༧༦༤༥་སོང་ཚར་བ་དཔེ་མི་སྲིད་ལ། ཁྱེད་ཀྱིས་དེ་ནས་ད་བར་དུ། དགོན་པར་སྒོ་ལབ་རླངས་འཁོར་གཅིག་ལས། གཞན་ཤིང་ཆ་དང་དྲལ་འུ་གསར་དུ་ཉོས་ཡོད་མ་རེད། ཚང་མའི་ཧ་གོ་དོན་གསལ་རེད། འདི་འདྲ་འགྲོ་སོང་ཆེན་པོ་ཅི་ཡིན་ན་ངས་ཧ་གོ་མ་སོང་།  ཁྱེད་ཀྱི་ད་རུང་བསམ་མནོ་གཏོང་རོགས་མ་གཏོགས། དགོན་པའི་དངུལ་བུན་གཡར་ནའང། ཚང་མ་གྲོས་བྱེད་དགོས་པ་ལས། གཉེར་པའི་དངུལ་གཏོང་སྟེ། ཤིང་དང་དྲལ་འུ་ཉོས་ཚར་བ་ཕར་བཙོང་། བཙོང་བའི་དངུལ་ཡང་མེད་པ་དང་། ཤིང་ཆ་ཡང་མེད་པ་བྱེད། ཡང་མི་གཞན་གྱིས་དངུལ་གཡར་ཏེ། ཤིང་ཆ་ཉོས་པ་ཡིན་གསུང་འོང་ན། ཕྲན་ཡིད་མི་ཆེས་པས། དགོན་པའི་དངུལ་བུན་འཇལ་རྒྱུ་མེད་ལབ་པས། ཚུལ་བློའི་དགོན་པའི་དངུལ་གཏོང་ནས་ཤིང་ཆ་ཉོས་པའི་ཐོ་དང་། ཤིང་གི་ཁ་གྲངས་འགྲོ་སོང་དངུལ་གྲངས་བཅས། ཁྱོད་ཀྱི་ད་ལྟ་མཐོང་སོང་བར་ཟེར་བས། ངས་ཁྱེད་ཀྱི་ཁར་སེང་ཟླ་བ་གཅིག་གིས་སྔོན་དུ། ཤིང་ཉོས་པའི་ཐོ་བོར་སོང་ཟེར་ནས་རྩིས་མ་གཏུག་པས། མ་ཚད་ཐོ་རྙེད་མཁན་བྱུང་ཡོད་མེད་སྐད་ཆ་འདྲི་རོགས་ཞེས། ཁྱེད་ཀྱི་རེ་བ་ལྟར་སྟེང་ཆེན་དགོན་ནས་ཁྱབ་བསྒྲགས་ཀྱང་བྱས་པ་ཐོས། དེ་རྗེས་ཁྱེད་ཀྱི་ཡང་རྩིས་གཏུག་རྒྱུ་ཟེར་ནས། ང་ཚོས་རྩིས་གཏུག་པ་ཡིན་དེ་ནས་ད་བར། ཟླ་བ་གཅིག་ལྷག་ལ་དངུལ་ཁྲི་མང་པོ་གར་རྒྱུག་འགྲོ་ལེ་རེད། དངུལ་གཏོང་ནས་དགོན་པ་ལ་ནི་ཤིང་དང་དྲའུ་ཉོས་པ་མ་རེད། ད་ལྟ་ཤིང་དང་དྲའུ་ཉོས་པའི་གྲངས་ཁ་དེ་ཚོ། དགོན་པ་ལ་ཉོས་པ་ཡིན་ནམ། ཡང་ན་ཁྱེད་ཀྱི་ད་ལྟ་ཤིང་དང་དྲའུ་བཙོང་རྒྱུ་ཡོད་ཟེར་བ། དེ་ཚོའི་ཁ་གྲངས་ཡིན་པ་ཅི་ཆ་ཡོད་ལབ་ནས། ངེད་གཉིས་ཁ་རྩོད་ཆེན་པོ་ཐུག་སོང་བ། དེར་ཡོད་ཚང་མའི་ཐོས་ནས། སྐད་ཆ་དེ་སྦེར་གྲགས་ཆེན་པོ་བྱུང་འདུག་པས། དེ་རྗེས་ཕྲན་ལ་མི་མང་པོས་། དགོན་པའི་དཔལ་འབྱོར་གཏོང་ཡོང་རྩིས་ཐུག་ཡོད་མེད་དྲིས་བྱུང་བས། སྔ་ཕྱི་རྩིས་གཏུག་ལུགས་གཏུག་གཏོང་། ཡོང་འབེབས་ཉུང་ཞིང་འགྲོ་སོང་ཆེ་ཚུལ་སོགས། སྐད་ཆ་བདེན་པ་བཤད་པ་ཡིན་ལ། དགོན་པའི་དངུལ་ལྐོག་ཟོས་བྱས་ཡོད་མེད་ནི་ཤེས་མ་སོང་ལབ་པ་ཡིན། ཚེས་༢༦་ནས་ཡས་རས་ཀྱིས། སྒྲུབ་གྲྭར་དཔེ་ཁྲིད་འགོ་གཙུག་ཚེས་༢༨་ཉིན། ཕྲན་དང་ཚུལ་བློ། ཚུལ་ཉི། བསམ་དགེ་ཡས་རབ་བཅས། ངེད་ལྔ་བཀྲ་ཤིས་མདོར་འདུས་ཏེ་གྲོས་བྱས། དེ་སྐབས་ཕྲན་ནས་འགོ་ཁྲིད་དང་གྲྭ་དམངས་ཚོས། ཤིང་ཚོང་རྒྱབ་རྒྱུ་ལ་བློ་མི་བབས་པས་ཚུལ་དང་། གྲྭ་ཤག་རྒྱབ་དགོས་པའི་རེ་བ་ཡོད་ཚུལ་བཤད་པས། ཚུལ་བློའི་མི་མང་གིས་གང་ཟེར་ཅི་ཉན་རྒྱུ་ཡོད་མ་རེད། ངས་ད་ལྟ་ཤིང་ཁ་བརྒྱ་ལྷག་དང་། དྲལ་འུ་མང་པོ་ཧ་བླང་ཚར་བས། དེ་ཚོ་གནས་སྐབས་ཕར་མི་ཚོང་ཚེ། དགོན་པའི་དངུལ་གང་ཡོད། བུན་གཡར་འཇལ་བྱེད་དང་། ད་ལོ་ཤིང་ཚོང་རྒྱབ་བྱེད་དུ་བཀོལ་ཏེ། ད་ལོ་གྲྭ་ཤག་རྒྱབ་རྒྱུ་བསྐྱུར་དགོས། གྲྭ་ཤག་སང་ལོ་རྒྱབ་ཆོག་གི་རེད་གསུང་པས། ཁོང་གསུམ་ཀས་རེད་རེད། ད་ལོ་གྲྭ་ཤག་མི་རྒྱབ་ལབ་སོང་། ཕྲན་གྱིས་གྲྭ་ཤག་ངེས་པར་དུ་རྒྱབ་དགོས། ཤིང་ཧ་བླང་པ་རྣམས་ཕར་གཏད་ས་ཨེ་རྙེད་བལྟ་དགོས་ཞེས། ཨུ་ཚུགས་ཀྱི་ལབ་པས་མ་ཚད། ཤིང་ཚོང་རྒྱབ་རྒྱུ་ལ་ང་མོས་མཐུན་རྩ་བ་ནས་མེད། ལབ་པས། ཚུལ་བློ་ཁོང་ཤིན་ཏུ་ཐུགས་ཁྲོས་སོང་། དེ་ནས་ཕར་བཤད་ཚུར་བཤད་མང་པོ་བྱས་མཐར། ད་ལོ་གྲྭ་ཤག་རྒྱབ་རྒྱུ་དང་དགོན་པའི་ཤིང་ཚོང་མི་རྒྱབ་རྒྱུ། ཤིང་ཧ་བླང་པ་རྣམས། ཚུལ་བློ་ཁོང་སྒེར་གྱི་ཚོང་རྒྱུ་བཅས་གཏན་འཁེལ་བྱས།  ཟླ་༤་པའི་ཚེས་༡༢་ནས། སྒྲུབ་གྲྭར་བཟོད་པའི་དཔེ་ཁྲིད་བྱས། དེ་སྐབས་ངས་ཡས་རབ་དང་བཟོད་པར་ད་ཁྱེད་གཉིས་ཡོད་དུས། ངས་སྒྲུབ་གྲྭར་དཔེ་ཁྲིད་དགོས་དོན་མི་འདུག་ ད་ངས་མཚམས་བཞག་རྒྱུ་ཡིན་ལབ་པས། ཡས་རབ་ཀྱི་དེ་འདྲ་གལ་གལ་བླ་མ་དང་མཁན་པོ་ཁྱེད་གཉིས་གཙོ་བོ། སྡེ་ནང་བྱོན་ཞོར་སྒྲུབ་གྲར་དཔེ་ཁྲིད་ཆད་མ་བཅུག་ལ། ང་ཚོ་ཚང་མའི་ཕྱར་བ་གྲུ་འདེག་བྱེད་དགོས་པ་ལས། ངེད་གཉིས་གཅིག་པུ་ལ་འགན་འགེལ་མ་ཡོངས་ཟེར་ནས། མོས་མཐུན་བྱས་མ་བྱུང་།  ཚེས་་་་་་་་ཉིན་ཚུལ་བློ་དགོན་པར་ཡོང་སྟེ། བླ་མ་ཁྱེད་ཀྱི་དགོན་པ་གཞུང་གི་དངུལ་སྒོར་ཁྲི་བཅུ་ཙམ་གཡར་རོགས་ཟེར་བས། ངས་གཡར་མི་ཤེས་ཚང་མ་གྲོས་བྱེད་དགོས་ལབ་པ་ཡིན། ཕྱི་ཉིན་བཀྲ་ཤིས་མདོར། ཚུལ་ཉི་བསམ་དགེ་ཡས་རབ་ཚུལ་བློ་གཉེར་པ་གཉིས་བཅས་འདུས་སར། ཁོང་གི་ཤིང་ཧ་བླང་པའི་དངུལ་བུན་འཇལ་བྱེད་དགོན་པ་གཞུང་ནས། དངུལ་ཁྲི་བཅུ་གཡར་རོགས་ཟེར་བ་ལ། ཚང་མ་གྲོས་བྱས་པས་ཡས་རབ་དང་བསམ་དགེའི། ད་ལོ་གྲྭ་ཤག་ལས་བྱེད་དངུལ་མ་རྙེད་ནའང་ཚུལ་བློ་ལ། དགོན་པའི་དངུལ་གཡར་དྲག་རེད་་ཟེརབས། དེར་ངས་ཁྱེད་རྣམ་པ་ཚང་མས། ཚུལ་བློ་ལ་དངུལ་གཡར་དགོས་གསུང་གི་འདུག་ཀྱང་། དགོན་པ་ལ་ད་ལྟ་དངུལ་ཉི་ཤུ་ཁ་ལྷག་ལས་མི་འདུག་པས། ཚུལ་བློ་ལ་ཁྲི་དྲུག་མན་ཆོད་ལས་གཡར་རྒྱུ་མི་འདུག་ལབ་པས། ཡས་རབ་ནས་དགོན་པ་གཞུང་གི་ཚུལ་བློ་ལ། སྒོར་ཁྲི་བཅུ་ཙམ་གཡར་དགོས་ངེས་རེད། ད་བླ་མ་ཁྱོད་ཀྱི་ཁྲི་དྲུག་ལས་མི་གཡར་འདུག་པས། ད་སྒོར་ཁྲི་དྲུག་གཡར་དགོས་ཟེར་བ་དང་། བསམ་དགེ་དང་ཚུལ་ཉི་གཉིས་ནས་རེད་རེད་ཟེར་བས། དེར་ངས་དགོན་པའི་དངུལ་ཁྲི་དྲུག་ཚུལ་བློ་ལ་སྤྲད་པ་ཡིན། སྒོར་ཁྲི་དྲུག་དེ་༢༠༡༢་ལོའི་ཟླ་༨་པར། ཚུར་དགོན་པར་སྤྲད་འཆར་བྱས་ཀྱང་མ་འཕྲོད་པར། དེ་རྗེས་སུ་༢༠༡༢་ལོའི་ཟླ་༡༡་པའི་ཚེས་༥་་ཉིན། ཡས་རབ་དང་ཚུལ་བློའི་དགོན་པར་དྲལ་འུ་སྤྲད་པའི་ཐོ་ཚུར་བཏོན་བྱུང་ལ། སྒོར་ཁྲི་དྲུག་དགོན་པར་ཚུར་སྤྲད་མི་དགོས་པའི་མ་ཚད། ཚུལ་བློ་ལ་དགོན་པ་ནས་དངུལ་ཕར། ཁྲི་གཅིག་ལྷག་དགོས་ཚུལ་གསུང་ནས་ཐོ་བཀོད་དེ་དངུལ་འཐེན་སོང་།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.