སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༈་གྲུབ་རྗེ་དཀའ་ཐུབ་པ་ཆེན་པོ་སྐུ་དྲིན་ལས། 4 | 2013/9/15 14:54:00

 ཚེས་༡༨་ཉིན། རྫོང་ཆོས་དོན་ཅུས་ནས། པེ་ཅིན་ནང་བསྟན་སློབ་གླིང་ལ། ཕྲན་སློབ་སྦྱོང་འགྲོ་དགོས་པས། བརྡ་ཐོ་འབྱོར་བས། དགོན་པའི་བླ་གྲྭ་རྣམས། ཚོགས་འདུ་སྐོང་འཚོགས་བྱས་ཏེ། གྲོས་བྱས་པས། བླ་གྲྭ་སུ་གཅིག་ཕྲན་སློབ་སྦྱོང་འགྲོ་རྒྱུ་བློ་མི་བབས་པས། མ་ཚད། སྒྲུབ་གྲྭ་བ་ཐམས་ཅད་ཀྱིས། ཕྲན་ལ་མཐེ་འོང་སློང་སྟེ། ཁྱེད་བྱོན་མི་འགྲོ་བར། ངེད་སྒྲུབ་གྲྭ་བ་ཚོར། དཔེ་ཁྲིད་བྱེད་དེ། ཡོན་ཏན་སློབ་རོགས་ཟེར་བ་དང་། གྲྭ་རྒན་ཚུལ་འོད་ཀྱིསབླ་མ་ཁྱེད་སློབ་སྦྱོང་བྱོན་སོང་ན། སྒྲུབ་གྲྭ་ལ་སུས་འགན་ཁུར་འོང་རེད། དགོན་པ་སྦོ་རྒྱུ་སུས་འགན་ཁུར་འོང་རེད། ཁྱེད་སློབ་སྦྱོང་ལ་བྱོན་སོང་ན། དགོན་པར་རྒྱུན་ལྡན་བཞུགས་མཁན་སུ་ཡོད་རེད། མཁན་པོ་ནི་ཉིན་རྟག་པར། མར་གྲོང་གསེང་དུ། བྱོན་འགྲོ་གདའ། སྒྲུབ་གྲྭ་ལ་སུས་དཔེ་ཁྲིད་ཆད་མེད་བྱེད་འོང་རེད། ཁྱེད་མ་བཞུགས་ན་སྒྲུབ་གྲྭ་འཐོར་འགྲོ་རྒྱུ་གཏན་འཁེར་རེད་ལ། དགོན་པ་འདི་དེ་སྔ། བླ་མ་ཁྱེད་ཀྱིས་འགན་ཁུར་་ནས། དགོན་པ་ཉམས་རྒུད་ལས་སྒྲོལ་ཏེ། གང་ལ་གང་འཚམས་ཀྱི། དགོན་པ་དར་རྒྱས་བྱུང་བ་རེད། ད་ཁྱེད་བྱོན་སོང་ན། སྒྲུབ་གྲྭ་མ་འཐོར་བ་དང་། དགོན་པ་སྤོ་རྒྱུ་སོགས། འགོ་ཚོས་མཁན་སུ་ཡོད་རེད། ང་ཚོ་གྲྭ་རྒན་གསུམ་ཀྱང་བླ་མ་ཁྱེད་ཀྱི་བཀའ་ལ་ཉན་ནས། དེ་སྔ་ལོ་བརྒྱད་དགུ་ལ་དགོན་པ། འདིར་བསྡད་པ་ཡིན་ལ། ད་རུང་ཁྱེད་ལ་ཡིད་ཆེས་དང་། ཁྱེད་ལ་རེ་བ་བཅོལ། ཁྱེད་ལ་བརྩི་སྲུང་ཞུས་ཏེ་བསྡད་ཡོད་ལ།  ཁྱེད་ཀྱི་བསམ་བློ་ཐོངས་དང་། བླ་མ་ཁྱེད་ཀྱིས་དགོན་པའི་འགན་ཁུར་ཏེ། དགོན་པར་མ་བཞུགས་པར་བྱོན་སོང་ན། ཁྱེད་ཀྱི་དེ་སྔ་ལོ་མང་པོ་ལ། དགོན་པའི་དོན་དུ་ཕྱག་དཀའ་ལས་རྒྱབ་པ་སྟོང་ཟད་དུ་འགྲོ་རྒྱུ་རེད་ལ། དེ་ནས་དགོན་པ་སྤོ་ཐུབ་རྒྱུ་ཕར་ཞོག་ སྔོན་མ་ནང་ལྟར་དགོན་པ་ཉམས་རྒུད་འགྲོ་རྒྱུ་རེད་ལ། སྒྲུབ་གྲྭའང་འཐོར་འགྲོ་རྒྱུ་རེད། ང་ཚོ་གྲྭ་རྒན་བཞི་ཡང་། དགོན་པར་སྡོད་རྒྱུ་མིན་ལ། སོ་སོའི་མཚམས་ཁང་ནང། དགེ་སྦྱོར་ཅི་འགྲུབ་བྱེད་ངེས་ཡིན་ཟེར་བ་དང་། གྲྭ་རྒན་བཞི་དང་གྲྭ་ཆུང་འགའ། མི་ཆུའང་ཤོར་བྱུང་བས། དེར་ཕྲན་དགོན་པ་དང་སྒྲུབ་གྲྭའི་འགན་ཁུར་ཏེ། དགོན་པར་བསྡད་པ་ལས་གར་ཡང་། མི་འགྲོ་རྒྱུའི་ཁས་བླང་པ་ཡིན་ལ། སེམས་ནང་གྲྭ་རྒན་ཚོས་རེ་བ་ཆེན་པོ་དང་། ཡིད་ཆེས་བྱས་པ་ངས་སྟོང་ཟད་དུ་མི་གཏོང་བར། སེམས་ཐག་གཙང་བཅད་ཀྱི། རང་ནུས་ཡོད་རྒུ་རྩལ་དཀྲུགས་ཀྱིས། མ་ཤི་བར་དུ་ཞབས་ཞུར་བརྩོན་སྙམ་པས། བློ་སྟོབས་སྐྱེས་བྱུང་། ཚེས་༢༨་་ཉིན། བྱང་སེམས་བརྒྱ་རྩ་པ་ཁྲིད་པ་དང་། གྲྭ་རྒན་རྣམས་ཀྱི་རེ་འདུན་བཞིན། སྒྲུབ་གྲྭ་ཚོར་བྱང་སྡོམ་ཕུལ། སྤྱི་ཟླ་༦་་པའི་ཚེས་་༥་་ཉིན། དཔལ་མཆོག་དང་ཀུན་འགའ་གཉིས་ཀྱི་སྤུ་ཐོག་འབུ་་༣༣༧་་བྱུང་བ་གྲྭ་རྒན་གསུམ་ལ་རྩིས་སྤྲད། དེ་རྗེས་ཚུལ་ཉི་དང་ལུང་རྟོགས་གཉིས་ཀྱི། ཁྲ་ལྕམ་ཝ་གསུམ་ སྒོར་༢༠་་བྱུང་བ་དང་འབུ་༧༡༩་་བྱུང་བ་གྲྭ་རྒན་གསུམ་ལ་རྩིས་སྤྲད། དེ་རྗེས་བསམ་དགེ་དང་སྨོན་ཕུད་གཉིས་ཀྱི། སྦ་ཆེན་ནས་སྒོར་་༦༠༤༡་་བྱུང་བ་དང་འབུ་་༧༩༧་་བྱུང་བ། གྲྭ་རྒན་གསུམ་ལ་རྩིས་སྤྲད། དེ་རྗེས་ཚུལ་བློ་དང་རྒྱལ་ཚུལ་གཉིས་ཀྱི། འབོ་དམུ་གཡམ་གསུམ་ནས། སྒོར་་༦༧༠༤་་བྱུང་བ་དང་འབུ་་༡༧༦༠་་བྱུང་བ་གྲྭ་རྒན་གསུམ་ལ་རྩིས་སྤྲད། དེ་ནས་ཚེས་་༡༡་ཉིན། འཆར་གཞི་ལྟར་ན། བསམ་དགེ་དང་ངེད་གཉིས་ཀ། རྫོང་དཔོན་གསར་པ་བྱམས་པ་བརྩོན་འགྲུས་དང་། ཧྲུའུ་ཅི་ལུའུ་ཏྲིམ་མིན་བཅས་ལ། རེ་འདུན་ཡི་གེ་ཕུལ་ཏེ། དགོན་པ་གནས་སྤོས་ཀྱི། ཆོག་མཆན་ཞུ་ལ། འགྲོ་རྒྱུ་བྱས་ཀྱང་། བསམ་དགེའི་དང་པོ་ཁྱིམ་ལ་བྱོན་དགོས་ཟེར་ནས། སྔོན་ལ་བྱོན་སོང་བ་དང་། ངས་རྫོང་དུ་ག་ཚད་སྒུགས་ཀྱང་མ་སླེབས་པས། ཁོང་ལ་ཁ་སྤར་རྒྱབ་ཀྱང་། ཁ་སྤར་སྒོ་རྒྱབ་འདུག་པ་དང་། ཁྱིམ་ལ་ཁ་སྤར་རྒྱབ་པས། ཁོང་བྱོན་མ་འགི་ཟེར། དེ་ནས་ཕྱི་དྲོ་ཆུ་ཚོད་བཞི་པ་བར། ངས་སྒུགས་བསྡད་པ་ཡིན། དེ་ནས་ཁ་སྤར་རྒྱབ་པས། བསམ་དགེའི་ང་ད་ལྟ་དམར་པོ་ཐང་ལ། ཆང་འཐུང་བཞིན་ཡོད། འགོ་ཁྲིད་ལ་ཆང་དྲི་བྲོ་ན་མི་ལེགས་པས། རྫོང་དཔོན་མཇལ་ལ། ཁྱེད་འགྲོ་རོགས་གྱིས་ཟེར་བྱུང་། དེ་ནས་ངས་ཚུལ་ཉི་ལ་ཁ་སྤར་རྒྱབ་སྟེ། ངས་རྫོང་དཔོན་དང་ཧྲུའུ་ཅི་མཇལ་ལ། ཁྱེད་རོགས་པ་འོང་རོགས་ལབ་པས། ཚུལ་ཉིས་ཁོང་བ་གླང་གི་རྫི་བོ་འགྲོ་བཞིན་ཡོད་པས། མི་ཁོམ་ཟེར། དེར་མཁན་པོ་བསམ་དགེའི་གཅུང་པོ། གྲྭ་ཉི་མ་ལ་ཁ་སྤར་རྒྱབ་སྟེ། རོགས་པ་འོང་རོགས་ལབ་པས། གྲྭ་ཉི་མས། ངས་ད་ལྟ་འབུ་ཉོ་ཚོང་བྱེད་སྒང་ཡིན་པས། མི་ཁོམ་ཟེར་བས། དེར་ངས་རྫོང་དཔོན་དང་། ཧྲུའུ་ཅི་མཇལ་བ་ཡིན་པས། དེར་ཆོས་དོན་ཅུས་ནས་སྐད་བསྒྱུར་འགྲོ་མཁན་རྙེད་པས། དེས་ཧྲུའུ་ཅུ་ལ་ཞུས་པས་གྲོས་བྱེད་ཆོག་ཟེར། རྫོང་དཔོན་གྱིས། ཁྱེད་ཚོའི་དགོན་པ་སྤོ་རྒྱུ་ཐད། ང་ཚོ་རྫོང་ཨུད་ཀྱི་སང་ཉིན་གནང་ཉིན་ལས། མ་འཕྱི་བར་གྲོས་བྱེད་འོང་། སྤྱིའི་ཆ་ནས་གྲོས་འགྲིགས་རྒྱུ་རེད། དེ་ནས་ཆབ་མདོར་ཡར་ཞུ། གང་སྔ་གང་མགྱོགས་བྱེད་འོང་གསུང་། དགོན་པ་འགྱེལ་གྲབ་བྱེད་བཞིན་འདུག་པས། ང་ཚོ་བླ་གྲྭ་རྣམས། གནས་སྐབས་སྡོད་ས། ཁང་པ་ཁ་ཤས་ལས་ཆོག་པ། ཞིག་ཅི་དྲག་ཞུས་པས། ཆོག་མཆན་མ་ཐོབ་པར། ཁང་པ་རྩ་བ་ནས་མ་ལས། ལས་ཆོག་མ་རེད། དགོན་པའི་བླ་གྲྭ་རྣམས་གནས་སྐབས་སྡོད་ས། ངེད་ཀྱི་རྫོང་དམངས་སྲིད་ཅུས་ལ། གུར་ཆེན་ཁ་ཤས་གཡར་རོགས་གྱིས། ལབ་འོང་གསུང་བྱུང་བས། དེར་ཕྲན་ནས་ལགས་སོ་ཞུས་པ་དང་། ཕྱི་ཉིན་ ངེད་ཚོ་བླ་གྲྭ་འགའ་དམངས་སྲིད་ཅུས་ལ་སོང་བས། གུར་ཆེན་སྤུས་ལེགས་ལྔ་གཡར་བྱུང་། ཚེས་་༡༨་་ཉིན། དཔེ་ཁྲིད་ཚར་ནས། བཀྲིས་མདོར་སོང་བས། ཕྲན་དང་བསམ་དགེ ་ཡས་རབ། ཚུལ་བློ་བཅས་ངེད་བཞིའི། དགོན་པའི་བཟོ་དབྱིབས་དང་། གྲྭ་ཤག ་གཉེར་ཚང་། ཐབ་ཚང་བཅས་བཟོ་ལུགས་ཀྱི། ས་བཀྲ་ལ་གྲོས་བསྡུར་བྱས། སྨར་ཁམ་ལ་ཁར་སེང། དགོན་པ་རྙིང་བཅོས་བྱེད་འཆར་བྱས་ཏེ། གཏའ་མ་སྒོར་༥༠༠༠་་ སྤྲད་པ་དེ་ཚུར་བླང། ཆོག་མཆན་ཐོབ་ནས། གྲོས་འགྲིག་ན། དགོན་པ་གསར་པ་བཟོ་རྒྱུ་སྤྲད་འཆར་བྱས། དེ་ནས་ཁྱུང་རྫོང་གྲོང་དུ་གཤེད་འདུར་འདོན་ལ་སོང་། དེ་སྐབས་གྲྭ་དཔལ་ལྷའི་ཆབ་མདོ་ནས་ཁ་སྤར་རྒྱབ་སྟེ། ང་གར་ཡོད་ཟེར་བས་དགོན་པར་ཡོད་ལབ་པ་ཡིན། མཁན་པོ་གར་འདུག་ཟེར་བས་ཤེས་མ་སོང་ལབ་པ་ཡིན། དེ་མཚམས་གྲྭ་དཔལ་ལྷའི་ཁ་སྤར་གློག་མེ་ཟད་དེ། ཁ་རྒྱབ་སོང་བས་ངས་སྐད་ཆ་ཞིམ་ཕྲ་བཤད་ས་མ་རྙེད། དེ་རྗེས་ངས་ཁ་སྤར་རྒྱབ་རྒྱུ་མ་བྱུང་། ཚེས་་་༡༩་ཉིན་ང་དགོན་པར་ཉིན་གུང་འབྱོར་བས། གྲྭ་རྒན་སྐལ་ཐར་ན་འདུག་པས། དེ་སྨན་ཁང་དུ་བསྐྱལ་ནས་ཕྱི་དྲོ་དགོན་པར་འབྱོར་བ་དང་ལྷན་དུ། མཁན་པོ་བསམ་དགེའང་དུས་རྒྱུན་ནང་ལྟར། ཆང་སྦྱིག་དུམ་གང་ཁུར་ཏེ་དགོན་པར་བྱོན་འདུག་ དེ་སྐབས་ཁོང་ཆང་གི་ར་གཟི་འདུག་པས། ང་ལ་བླ་མ་ཁྱོད་ཀྱི་དཔལ་ལྷ་ལ་གང་བཤད་པ་ཡིན་ཟེར་བས། ངས་གང་བཤད་མེད་ལབ་པས། བསམ་དགེས་ཁྱོས་བདེན་པ་ཁྱད་བསད་བྱེད། དགོན་པར་མེད་ཀྱང་དགོན་པར་ཡོད་བཤད། ང་དགོན་པར་ཡོད་ཀྱང་མ་མཐོང་བཤད། ཅི་བཤད་ལེ་ཟེར་ངོ་ནག་པོར་གྱུར་ཏེ་ཁྲོས་འདུག་ལ། ངས་ཁོག་སྟོད་ལ་ཐུག་ཐུག་ཐིང་འགའ་བྱས་བྱུང་ལ། བསམ་དགེས་ཁ་ནས་ཆང་གི་དྲི་མ་ཁ་རླངས་དང་མཉམ་དུ། ཕྱུར་བཞིན་འདུག་པས། ངས་མཁན་པོ་ལགས་དགོང་པ་མ་འཚང་། དེ་སྐབས་ངས་ང་དགོན་པར་ཡོད་ལབ་པ་ཡིན་ལ། ངས་མཁན་པོ་མཐོང་མ་བྱུང་ལབ་པ་ལས། དེ་མིན་གང་ལབ་མེད། དེ་ནས་ཁ་སྤར་གློག་མེ་ཟད་དེ། སྐད་ཆ་བཤད་མ་ཐུབ་མ་སོང་ལབ་པ་ཡིན། དེར་ད་རུང་བསམ་དགེའི་ཁྱོད་ཀྱིས། དེ་ལྟར་རྫུན་བཤད་ཅི་དགོས་སོགས་ཟེར་བས། དེ་ནས་ངས་མ་གཞི་མཁན་པོ་ཁྱེད་ཀྱིས། སྒྲུབ་གྲྭར་དཔེ་ཁྲིད་བྱེད་པ་དང་སྒྲུབ་གྲྭར་འགན་ཁུར་ནས། དགོན་པར་བསྡད་དགོས་ཀྱང་ཁྱེད་ཧ་ལམ་ཉིན་ལྟར། གྲོང་གསེང་དུ་ཆང་གི་རྗེས་སུ་འཕྲུལ་རྟ་ཞོན་ནས་བྱོན་འགྲོ་གདའ་ལབ་པས། བསམ་དགེའི་ངས་སྐབས་རེད། མ་གཏོགས་དཔེ་ཁྲིད་ཐིང་རེ། མ་ཆད་པར་བྱས་ཡོད་ཟེར་བས། ངས་བསམ་དགེ་ཁྱེད་ཀྱི་ཞོག་པའམ་ཕྱི་དྲོ་ནམ་ཁོམ་ལ། ཁྲལ་ལྟ་བུ་དཔེ་ཁྲིད་ཐིང་རེ་བྱེད། དེ་ནས་ཉིན་ལྟར་འདི་ནས་བྱོན་འགྲོ་བ་རེད། དེ་ནས་སྒྲུབ་གྲྭ་བ་ཚོར་ཉིན་གང་བོར་ཕྲན་མེད་ན། སུའང་བལྟ་སྐྱོང་བྱེད་མཁན་ཡོད་མ་རེད། འདི་ལྟར་མཁན་པོ་ཁྱེད་གྲོང་གསེབ་ལ་བྱོན་དགོས་དོན། མང་ཆེ་བ་ནི་ཆང་རག་རེད། སྐབས་རེ་ལ་སྡེ་ནང་ལ་བྱོན་དགོས་དོན་ལོས་ཡོད་དེ། འདི་ལྟར་བྱས་བསྡད་ན་མཁན་པོའི་མིང་། མ་ཁུར་ན་འགའ་ས་གདའ་ལབ་དགོས་བྱུང་། ཚེས་༢༠་ཉིན། གྲྭ་སྨོན་ལམ་ཚུལ་ཁྲིམས། རྩེ་དྲུག་ཏུ་མ་བསྡད་པར། ནག་རུ་དགོན་དུ་སྒྲུབ་གྲྭར་བསྡད་བཅུག་ཅེས། རེ་འདུན་བྱས་བྱུང་བས། དེ་ཡང་སྒྲུབ་གྲྭར་བཞག་དེ་མཚམས་ཚེས་༢༤་ཉིན། ཚུལ་ཁྲིམས་བློ་གྲོས་ཀྱིས། གྲྭ་གཤེན་བསྟན་འོད་ཟེར། ནག་རུ་དགོན་གྱི་སྒྲུབ་གྲྭར། བཞག་དགོས་གསུང་པ་ལྟར་བཞག་པ་དང་ ཚེས་༢༦་ཉིན་གྲྭ་གཙུག་ཕུད་རྒྱལ་མཚན། ནག་རུ་དགོན་པའི་སྒྲུབ་གྲྭར་ཞུགས་རྒྱུ་རེ་འདུན་ལྟར། དེ་ཡང་སྒྲུབ་གྲྭར་བཞག་པས། སྤྱི་ཟླ་་༧་་པའི་ཚེས་་༦་ཉིན། འགའ་རེའི་སྔར་སྲོལ་ལྟར། རྣམ་རྒྱལ་དང་སྨོན་ལམ་མཐའ་ཡས། བརྔན་བཅས་སྟོན། མང་ཆེ་བས་སྲིད་རྒྱལ་དྲིལ་ནག་ལ། ཁྲི་ཚོགས་ཕུལ། དེ་ཡང་སྲིད་རྒྱལ་ཐུགས་སྒྲུབ་དང་། སྲིད་རྒྱལ་བསྐང་ཆེན། ཁྲི་གཅིག་དང་། ཕྲན་གྱིས་བྲིས་པས། ཚོགས་བསྡུས་དང་། བསྐང་བ་འདི་གཉིས་༼་་ ༄༅ །། སྲིད་རྒྱལ་ཚོཌ་བསྡུས་བཞུཌ། རྃ་ཡཾ་མཾ་ཨ་ཨྰོྃ་ཧུྃ། བསྭོ་སྲིད་གསུྃ་དབང་དུ་བསྡུས་པའི་གསས་མཁར་གྱི། སྣང་བ་ཁྲག་མཚོ་འཁྱིལ་པའི་རྦ་ཀློང་ནས། མ་ཅིག་སྲིད་རྒྱལ་དབུ་བརྒྱ་ཕྱག་སྟོང་མ། རྒྱལ་མོ་རྣམ་གསུྃ་དུས་ དྲུག་མ་མོ་འབུྃ། གཟེ་གྱད་བྱིན་ཏེ་གྱད་དམག་རྒྱལ་ཆེན་སོཌ། ཡེ་ཤེས་རྫུ་འཕྲུལ་ལས་ཀྱི་དབལ་མོ་རྣྃས། བོན་བསྟན་སྲུང་ཞིང་སྒྲུབ་གཤེན་སྐྱོབ་པ་དང་། སྡང་དགྲ་གནོད་བགེཌ་རྡུལ་དུ་བརླག་པས་ཕྱིར། ཞལ་ཟས་ཚོཌ་ ལ་སྤྱན་འདྲེན་གཤེགསོུལ། དངོས་འབྱོར་ཡིད་སྤྲུལ་འདོད་ཡོན་ཚོཌ་མཆོད་འབུལ། ཐྱེས་དགོངས་ལ་དབྱིངས་ནས་ བཞེསོུལ། མི་དགེ་སྡིག་དང་སྡོམ་གསུྃ་ཉེས་ལྟུང་རྣྃས། ལོངསྱོད་ཚོཌ་ཀྱི་མཆོད་པའི་བསྐང་ཞིང་བཤཌ། བོན་ལ་ གནོད་ཅིང་བདག་ལ་སྡང་བ་ཡི། ཡིད་ལ་རྣག་པའི་དགྲ་འདྲེ་གདོན་བགེཌ་རྣྃས། དབལ་མོ་སྤྲུལ་པ་བཅས་པའི་ མྱུར་དུ་ཁུག། སྲོག་ཆོད་སྙིང་ཕྱུང་ཤ་ཁྲག་ཞལ་དུ་སྟོབས། མ་གཡེལ་སྲིད་རྒྱལ་གཙོ་འཁོར་སྤྲུལ་པ་བཅས། སྨན་རག་གཏོར་མ་ཚོཌ་ཀྱི་ཐྱདྃང་། གཡུང་དྲུང་བོན་གྱི་བསྟན་པ་གཉེན་པོ་སྲུང་། སྒྲུབ་གཤེན་ཡོན་བདག་ཚེ་ སྲིང་མི་ནོར་སྤེལ། བསྃ་དོན་སྒྲུབ་ལ་རྐྱེན་ངན་བར་ཆོད་ཟློག། ཚེ་དབང་མཐུ་ཡི་དངོས་གྲུབ་བདག་ལ་རྩོལ། བཅོལ་པའི་ཕྲིན་ལས་མྱུར་དུ་གྲུབ་པར་མཛོད།བསྭོ་མ་མ་ཛ་མུ་ཡེ་ཐུན་བྷྱོ།རྃ་ཐུན་བྷྱོ།ཨ་དཀར་མུ་ཡེ་ཤག་ཐུན་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ།  ཅེས་བསམ་གཏན་གླིང་དུ་ཚོཌ་ཁྲི་འབུྃ་འབུལ་སྐབསུ་ཁྱུང་ནག་འོད་རྒྱས་པས་བྲིས་པ་དགེའོ།

༄༅།། སྲིད་རྒྱལ་ཐུཌ་སྒྲུབ་ཀྱི་བསྐང་བ་བཞུཌ། དབལ་གསས་རྔམ་པའི་སྐུ་ལ་ཕྱག་འཚལོ། སྲིད་རྒྱལ་དྲིའུ་ནག་མོའི་བསྐང་བ་ལ། བསྭོ་སྲིད་གསུྃ་དབང་དུ་བསྡུས་པའི་གསས་མཁར་གྱི། ཁྲག་མཚོ་དམར་ནག་འཁྱིལ་པའི་རྦ་ཀློང་ནས། མ་ཅིག་སྲིད་པའི་རྒྱལ་མོ་མཐུ་མོ་ཆེ། སྐྱེ་མེད་བོན་གྱི་དབྱིངསུ་བཞུཌ་ཙམ་ན། ཀུན་ཏུ་བཟང་མོ་ཐུཌ་ཉིད་སྤྲོས་དང་བྲལ། གདུང་བའི་གཤེན་ལ་ཡུད་ཙམ་དགོངསོུལ། མ་ཅིག་ཀློང་ནས་རྫོཌ་སྐུར་བཞེང་ཙམ་ན། ཀུན་སྐྱོབ་ཐུཌ་རྗེ་བྱྃས་མ་ཁྲོས་པའི་ཚུལ། སྲིད་པའི་རྒྱལ་མོ་དབུ་བརྒྱ་ཕྱག་སྟོང་མ། བོན་བསྟན་སྲུང་ཕྱིར་ཀློང་ནས་བཞེངསོུལ། མ་ཅིག་མཁའ་ལ་སྤྲུལ་པ་འགྱེད་པས་ཚེ། བརྩེ་གདུང་གྲོཌ་མཛད་བདེ་འགྲོ་གསང་བའི་ཡུྃ། མཐིང་ནག་ཞལ་གསུྃ་ཕྱག་དྲུག་ དྲིལ་ནག་བཅིབ། སྐུ་སྤྲུལ་མ་གསུྃ་དུས་དྲུག་དུས་བཞི་ཡུྃ། ཐུཌ་སྤྲུལ་མ་བདུད་སྲིད་རྒྱལ་ཕོ་ཉ་འགྱེད། གཟེ་གྱད་བྱིན་ཏེ་གྱད་དམག་ རྒྱལ་ཆེན་སོཌ། དབལ་མོ་བྱེ་བ་ས་ཡ་ལས་ལ་རྦད། ཡང་སྤྲུལ་བརྟན་མ་བཅུ་གཉིས་བྲན་དུ་འཁོལ། ཡེ་ཤེས་རྫུ་འཕྲུལ་ལས་ཀྱི་ དབལ་མོ་རྣམས། སྔོན་ཚེ་སྐུ་གསུྃ་ཁྲོ་རྒྱལ་སྤྱན་སྔ་རུ། སྲོག་སྙིང་ཕུལ་ནས་བསྟན་སྲུང་ཁས་བླང་བཞིན། སྙིང་ནས་སྒྲུབ་ཅིང་ གདུང་བའི་བོས་པས་ཚེ། མ་འཁུ་མ་ལྡོག་བསྐང་བའི་གནས་འདིར་སྤྱོན། དྃ་ཅན་ཐ་ཚིག་མ་བརྗེད་བོན་བསྟན་སྲུང་། མ་ཅིག་སྐུ་ གསུྃ་དོན་ལྡན་སྲིད་གསུྃ་རྒྱལ། བཀའ་བློན་ཕོ་ཉ་ཡང་སྤྲུལ་བཅས་པ་རྣམས། སྔོན་གྱི་ཚུལ་བཞིན་གནས་འདིར་ཐུཌ་དྃ་བསྐང་། རྒྱུན་མང་རྔ་སྒྲ་དྲི་ཞིམ་བསང་མཆོད་དང་། རྣམ་ལྔ་རྣམ་བརྒྱད་དཀར་མངར་འབྲུ་སྣ་འདིས། སྲིད་རྒྱལ་སྤྲུལ་པ་བཅས་པའི་ཐྱདྃང་། སྨན་ཕུད་རག་ཏ་དབལ་གྱི་གཏོར་མ་དང་། དྃ་རྫས་ཤ་ཁྲག་ཚོཌ་ཀྱི་ལོངསྱོད་འདིས། སྲིད་རྒྱལ་སྤྲུལ་པ་བཅས་པའི་ཐྱདྃང་། བསྐང་མདོས་རི་རབ་འདོད་ཡོན་ཕུན་ཚོཌ་དང་། མི་ནོར་ཡུལ་མཁར་གཟུཌ་འགྲོས་སྣ་ཚོཌ་འདིས། སྲིད་རྒྱལ་སྤྲུལ་པ་བཅས་པའི་ ཐྱདྃང་། སྲུང་མའི་ཐྱདྃ་དབྱིངསུ་བསྐང་ནས་ཀྱང་། བདག་ཅག་མ་རིག་དུག་ལྔའི་ལས་དབང་གིས། སྡོམ་གསུྃ་རྩ་བ་ཡན་ལག་ དྃ་ཚིག་རྣྃས། ཉྃས་ལྟུང་ཉེས་ཕྃ་ཅི་མཆིས་མཆོད་པའི་སྐོང་། དབལ་མོ་མ་སྲིང་ཚོཌ་ལ་མཐོལ་ལོ་བཤཌ། བཀའ་ཆད་ཁྲོ་གཏུྃ་ཐུཌ་ འཁྱུཌ་མ་མཛད་ཅིག། བརྩེ་གཅིག་སྙིང་ནས་སྒྲུབ་པའི་བདག་ཅག་ལ། ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་གྱིས། ཚེ་སྲིང་སྲོག་སྐྱོབ་དུས་མིན་འཆི་བ་ཟློག། འགྲོ་བས་ལྃ་ལ་སྔོན་བསུ་རྒྱབ་སྐྱོར་གྱིས། ལྃ་དགྲ་ཆུ་འཕྲང་འཇིག་སྐྱོབ་ལྃ་ལྷ་མཛོད། སྐྱེ་འགྲོའི་སྣང་ ཡིད་སེསྃ་གསུྃ་བདག་དབང་བསྡུས། བསྃ་དོན་སྒྲུབ་ལ་རེ་བ་ཐྃད་སྐོང་། ཚེ་དབང་མཐུ་ཡི་དངོས་གྲུབ་བདག་ལ་རྩོལ། ཐར་ལྃ་སྒྲུབ་པས་འགལ་རྐྱེན་བར་ཆོད་ཟློག། གཡུང་དྲུང་བོན་གྱི་བསྟན་པ་གཉེན་པོ་སྲུང་། བསྟན་འཛིན་སྐྱེས་བུས་འཕྲིན་ལས་ ཐོག་མེད་སྒྲུབ། བཤད་སྒྲུབ་འདུས་སྡེའི་བསྟན་པ་དར་རྒྱས་སྤེལ། བོན་གྱི་སྤྱི་དགྲ་གཤེན་གྱི་དགོས་དགྲ་སོཌ། སྡང་དགྲ་གནོད་བགེཌ་ བཟློཌ་བསྒྱུར་བསྒྲལ་ཏུ་གསོལ། བཅོལ་པའི་ཕྲིན་ལས་སྒྲུབས་ཤིཌ་ས་མ་ཡ། བསྭོ་མ་མ་ཛ་མུ་ཡེ་ཐུན་བྷྱོ། རྃ་ཐུན་བྷྱོ། ཨ་དཀར་མུ་ཡེ་ཤག་ཐུན་བྷྱོ་ བྷྱོ་བྷྱོ་བྷྱོ་ བྷྱོ་བྷྱོ་བྷྱོ། ཅེས་ཁྱུང་ནག་འོད་རྒྱས་པསོ།བཀྲིས་ཞལ་དྲོ་བྱིན་ཆེ།་་༽གཅིག་ཁྲི་བརྒྱད་སྟོང་གཅིག་བརྒྱ་དྲུག་ཅུ་རེ་བརྒྱད་བཅས། ཁྱོན་ཚོགས་༢༨༡༦༨་་བཅའ་འདོན་བྱས། དེ་སྐབས་ཕྲན་དང་བསམ་དགེ ་ཚུལ་ཉི། སྨོན་བསྟན། ཚུལ་དཔལ་བཅས་ཀྱི། བླ་གྲྭ་དང་ཡོན་བདག་ཚང་མར་འདུས་སར། དཔལ་འབྱོར་གཏོང་ཡོང་རྩིས་གཏུག་པས། ཕྲན་གྱི་ལག་ཏུ་སྔ་ལོའི་ལྷག་སྒོར་་༡༢༧༥་དང་། འདི་ལོའི་ཡོང་འབེབས་སྒོར་༨༡༦༦༡་་འདུག ་ཁྱོན་༨༢༩༣༦་་འདི་ལོར་གཉེར་པ་ལ། སྤྲད་པ་སོགས་ཁྱོན་འགྲོ་སོང་སྒོར་༦༠༢༨༠་་དང་། ལྷག་སྒོར་་༢༢༦༥༦་ཡོད་པ་རྩིས།  དེ་ནས་གཉེར་པ་གཉིས་ཀྱི། གཏོང་ཡོང་རྩིས་གཏུག་ གཉེར་པ་བརྗེ་ལེན་བྱས། རྒྱན་བབས་པ་ལྟར་ན། འདི་ལོ་གཉེར་པ་རྒྱལ་ཚུལ་དང་ཉི་མ་གཉིས་ཡིན་ཀྱང་། ཉི་མ་ཡི་ད་ལོ་མིན་ཟེར་ཏེ། ཁས་མ་བླང་། རྒྱལ་ཚུལ་གྱི་ད་ལོ་གཉེར་པ་ཡིན་ས་ཡོད་ཟེར། ཐོ་ལ་ནི་འདི་ལོ་ཁོང་གཉིས། གཉེར་པ་རེས་འདུག་ཀྱང་། ཉི་མ་ཡི་སྔོན་མ་ལོ་མང་པོའི། གོང་ནས་འབུ་ཚོང་རྒྱབ་པས། ད་ལྟ་གཙོ་བོ་འབུ་ཉོ་ཚོང་བྱེད་བཞིན་འདུག་དུས། གཉེར་པ་སྡོད་མི་ཁོམ་པ་འདུག་ལ། གཅེན་པོ་མཁན་པོ་བསམ་དགེ་རྒྱབ་རྩ་ངོམ་སྟེ། གང་ལྟར་གཉེར་པ་སྡོད་རོགས་མ་བྱས། དེ་ནས་གཉེར་པ་དེ་མཚམས། གྲྭ་ཤེས་བློ་དང་སྐལ་བཟང་གཉིས་བསྡད་དེ། གཉེར་འགན་བླང་སོང་། ཚེས་་༨་་ཉིན། ཚུན་ཙུའུ་ཡི་འགོ་ཁྲིད། རུ་ཁག་གཉིས་པ་ནས། རྣམ་རྒྱལ། རུ་ཁག་བཞི་པ་ནས་ཨ་ར། རུ་ཁག་གསུམ་པ་ནས་ བཀྲ་འགྲུབ་དང་། འཆི་མེད་རྣམ་རྒྱལ། རུ་ཁག་ལྔ་པ་ནས་བུ་གཡང་། རུ་ཁག་དང་པོ་ནས་བཀྲ་ཤིས་དོན་འགྲུབ་བཅས་ལ། ཕྲན་གྱི་ཆ་བཏང་བ་བཞིན་འབྱོར་བ་དང་། སྟེང་ཆེན་དགོན་དུ་ཡོད་པ་ལས། ཚུལ་བློ། ཡས་རབ། བློ་གྲོས། བསྟན་ཚུལ་བཅས་དང་། དེ་བཞིན་དགོན་པའི་བླ་གྲྭ་ཡོངས་དང་། སྦྱིན་བདག་རུ་ཁག་ལྔ་པ། དང་པོ་བཅས་ཀྱི། དེར་ཡོད་མང་ཚོགས་ཚང་མ། ཚོགས་འདུ་འདུས་ཏེ། གྲོས་བྱས་དོན། ཕྲན་གྱི་ཝེར་ལ་ནས་རྡོ་འོར་ཏེ། དགོན་པ་རྡོ་བརྩིགས་རྒྱབ་པའམ། ཡང་ན་གྱང་བརྡུང་ན་སྙམ་བཤད་པ་དང། བསམ་དགེའི་སྦུ་ཁང་རྒྱབ་ན་སྙམ་ཟེར། བློ་གྲོས་གྱིས་གསེར་རྩ་ནས་རྡོ་ཉོ་སྟེ། རྡོ་བརྩིག་རྒྱབ་ན་སྙམ་ཟེར། དེར་མང་ཆེ་བ་ཝེར་ལ་ནས་རྡོ་འོར་བའམ། གྱང་བརྡུང་རྒྱུ་གཉིས་ལ་བློ་བབས་པས། འགོ་ཁྲིད་ཚོས་ང་ལ། ཝེར་ལའི་རྡོ་འོར་ནས་རྡོ་བརྩིག་རྒྱབ་པ་དང་། གྱང་བརྡུང་རྒྱུ་གང་ལེགས། ཁྱོད་ཀྱི་ཐག་ཆོད་ཟེར། དེར་ངས་ཕྲིང་མོ་བཏབ་པས། མོ་གཅིག་པ་བབས། དེར་ཨ་ར་ནས་མོ་གཅིག་པ་ཡིན་ན། ཝེར་ལའི་རྡོ་འོར་ནས། རྡོ་བརྩིགས་རྒྱབ་དགོས། ང་ཚོའི་རྡོ་ཡག་མོ་འདི། བེད་སྤྱོད་ཐུབ་ན་ཡག་རེད་ཟེར་བས། དེ་ནས་ཚང་མས་རེད་རེད་ཟེར་ཏེ། དགོན་པ་རྡོ་བརྩིགས་རྒྱབ་རྒྱུ། གཏན་འཁེལ་བྱས་ནས་ཐག་གཅོད། ཡས་རབ་གྱི། དགོན་པའི་བཟོ་དབྱིབས། དཔེ་རིས་གཉིས་བྲིས་ཡོད་པ། ཚར་མར་བསྟན་ནས། གང་ལེགས་པ་འདུག་ཟེར་བས། ཚང་མས་བླ་མ་འོད་རྒྱས་ཀྱི། གདམ་དགོས་ཟེར་བས། ངས་ལྷོ་བྱང་ཤར་གསུམ་ལ། གློ་འབུར་ཡོད་པ་དང་ཤར་གྱི་སྒོ་འབྱོར་ནས། ཐོག་ཁར་འགྲོ་ས་ཡོད་པ། ཀ་བ་སུམ་ཅུ་ཡོད་པ། ཞིག་བྲིས་འདུག་པ་དེ་འདམ་པ་དང་། ཤར་གྱི་སྒོ་འབྱོར་ནས་ཐོག་ཁར་འགྲོ་ས་ཡོད་པ་དེ། མེད་པ་བཟོས་པ་དང་། ཐོག་ཁར་འགྲོ་ས་ལྷོ་བྱང་གཉིས་གང་རུང་ནས་བཞག་ན། འདུ་ཁང་ཀ་བ་དྲུག་གི་ཆེ་རུ། འགྲོ་བས་མ་ཚད། སྐར་ཁང་དྲུག་གི་མང་བ་འདུག་པས། འདུ་ཁང་ལ་གསལ་ཚད་ཆེ་རུ། འགྲོ་ས་འདུག་ལབ་པས། ཚང་མས་དེ་རེད་ཟེར་དེ་ལྟར་བཟོ་རྒྱུ་བྱས་པས། ད་སྐབས་འདུ་ཁང་དེ་འདྲ་ཡོད་རེད། སྐབས་དེར་ཕྲན་གྱིས་ད་ལོ་དགོན་པ་གསར་པ་སྤོ་རྒྱུ་དང་། སྒྲུབ་གྲྭ་ལ་དཔེ་ཁྲིད་བྱེད་རྒྱུ་སོགས། ཕྲན་དང་བསམ་དགེ་གཉིས་ཀྱི་ལྕོགས་ས་མ་རེད། གྲྭ་ཡས་རབ་ སྟེང་ཆེན་དགོན་ནས་མར་གདན་ཏེ། སྒྲུབ་གྲྭའི་སློབ་དཔོན་བསྐོས་ན་བསམ་པས། ཁྱེད་ཚོའི་བསམ་ཚུལ་གང་ཡོད་དྲིས་པས། བླ་གྲྭ་དང་འགོ་ཁྲིད་མང་ཚོགས་བཅས་ཀྱིས། དགོན་པ་བཞེངས་རྒྱུ་ཐད། བླ་མ་འོད་རྒྱས་ཁྱེད་སྤྱི་ཁྱབ། བཀོད་བདོམས་པ་མཛད་དེ། འགན་གཙོ་བོ་ཁུར་རོགས། ཞོར་དུ་སྒྲུབ་གྲྭ་ལ་དཔེ་ཁྲིད་ཡང་བྱེད་ནས། སྒྲུབ་གྲྭའི་འགན་ཡང་གཙོ་བོ་ཁྱེད་ཀྱི་ཁུར་རོགས་ཟེར་ནས། ཡས་རབ་བསྐོར། སུ་གཅིག་གི་ལན་འདེབས་རོགས་མ་བྱས་པར། སོ་སོར་བྱེར་སོང། དེ་རྗེས་བསམ་དགེ་ཡིས། སྒྲུབ་གྲྭའི་དགེ་རྒན་བཟོད་པ་དང་། ཡས་རབ་གཉིས་ལ་རྟགས་རིལ་སྒྲིལ། ཡང་ན་མོ་བཏབ་ན་སྙམ་ཟེར་བས། ཕྲན་གྱི་བཟོད་པ་ད་སྐབས། མཚན་ཉིད་སྦྱོང་ནས་བཤད་གྲྭར་བཞུགས་འདུག་པས། དེ་མཐའ་ཞོག་ན་རྗེས་སུ། ང་ཚོའི་དགོན་པར་བཤད་གྲྭའི་སློབ་དཔོན། བསྐོས་ན་ལེགས། ཡས་རབ་སྟེང་ཆེན་དགོན་དུ། སྒྲུབ་གྲྭ་ཟུར་བཞུགས་བྱས་ཏེ། སང་ལོ་ཐོན་རྒྱུ་ཡིན་འདུག་བཤད་པ་ཡིན། དེར་བསམ་དགེ་ཡང་བྱོན་སོང་། ཁོང་ཚོའི་དེ་ལྟར་བྱེད་དོན་ནི། དངོས་གནས་ཡས་རབ་ཁོང་ལ་རྒྱུས་ཡོད་པའི། དོན་ཡིན་འདུག་གོ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.