སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁྱུང་སེར་གྱི་གདུང་རབས་རིམ་བྱོན་གྱི་སྐོར། | 2012/7/10 17:47:00

ཁྱུང་རབས་ལོ་རྒྱུས་གོང་མཐུད་

ཁྱུང་སེར་གྱི་གདན་ས་འཛིན་མཁན་གདུང་རབས་རིམ་བྱོན་གྱི་སྐོར།

 

ཁྱུང་སེར་གྱི་གདུང་རབས་རིམ་བྱོན་གྱི་སྐོར་ལ་བཤད་པ་ཨ་བླའི་སྲས་དབང་རྒྱས་གྲུབ་ཀྱི་ལྕམ་གསེར་རྩ་སྐྱེས་སྲས་ཀྱི་བུ་མོ་ལྷ་མོ་མཚོ་སྐྱིད་ཀྱི་སྲས་ཤེས་རབ་རྒྱལ་མཚན་ཁྱུང་སེར་གདན་ས་འཛིན་མཁན་དང་པོ་ཡིན། དེའི་ལྕམ་སྤྱང་བཟའ་ལ་སྲས་ཆེ་བ་བསོད་ནམས་སེང་གེ་དེའི་འོག་རྒྱལ་མཚན་རྩེ། ལྕམ་ཚབ་བཟའི་སྲས་བསོད་ནམས་དབང་ཕྱུག    དཔོན་རབས་གཉིས་པ་བསོད་ནམས་སེང་གེའི་ལྕམ་གོ་ན་བཟའ་ལ་སྲས་ཆེ་བ་རྒྱལ་མཚན་འབུམ།  ཆུང་བ་ཨ་འབིས་གཉིས་ལྕམ་རོང་མོ་བཟའི་སྲས་ཆེ་བ་གྲགས་པ་འབུམ་སྲས་ཆུང་བ་ནང་སོ་ཀུན་དགའ་རྒྱལ་མཚན་བཙུན་པ་ཡིན། ལྕམ་རོང་མོ་བཟའ་ཆུང་བ་ལ་འོད་ཟེར་སེང་གེ་དང་ཨ་རྩེ་རྣམ་འཇོམས་སྐྱོབ་གཉིས་འཁྲུངས། སྤུན་ཆེ་བ་ཨ་འབིས་དང་ཆུང་བ་གྲགས་པ་འབུམ་གཉིས་ཀྱི་བར་མི་ངན་གྱིས་དབྱེན་བཅུག་བྱས་པའི་ཁོང་སྐུ་མཆེད་གཉིས་བར་མཁོན་འགྲས་ཆགས། གྲགས་པ་འབུམ་གྱི་བློན་པོ་ཁྲོམ་ཚང་སོགས་ལ་གཏེ་བསྡུ་བར་སོང་ཤུལ་དུ་ཨ་འབིས་ཀྱིས་གྲགས་པ་འབུམ་བཟུང་ནས་གཡོག་པོ་ནག་རུ་རྩིས་ཁ་ལ་མིག་བྲུས་ཤོག་ཟེར་བའི་ཁོས་གྲགས་པ་འབུམ་གྱི་མིག་མ་བྲུས་པར་ཁྱི་ཡི་མིག་བྲུས་ནས་ཨ་འབིས་ལ་ཕུལ། གྲགས་པ་འབུམ་ལོང་རྫུ་བཏབ་ནས་བསྡད།

 

དེ་རྗེས་གྲགས་པ་འབུམ་གྱི་བློན་ཁྲ་རྒན་ཨག་གཙོའི་ཞང་པོ་གོ་འཇོ་ཚང་ནས་དམག་སུམ་བཅུ་སྐོར་དྲངས་ནས་ཡོང་བའི་ཨ་འབིས་བྱ་ཟེ་ལ་བཞུགས་མ་ཕོད་པར་ག་རེ་དང་གདོང་རེ་རྒྱུད་ལ་བྲོས་པ་བཟུང་ནས་མིག་བྲུས།  ཨ་འབིས་ཀྱི་མངའ་འབངས་ཡོངས་རྫོགས་འོད་ཟེར་སེང་གེ་ལ་གནང་། བཞུགས་ས་སྒར་ཁང་ཤྭ་བ་ཡུ་མོ་རྫོང་ཞེས་པ་བཏབ་ཁོང་ལ་སྲས་རྒྱུད་མེད།  དཔོན་རབས་གསུམ་པ་གྲགས་པ་འབུམ་གྱི་སྲས་གཞེར་བཟའ་ཨ་སྐྱིད་ལ་སྲས་གྲགས་པ་འོད་ཟེར་དང་ཨ་གྲགས། ཁྱུང་རྒོད་ཡེ་ཤེས་རྒྱལ་མཚན་དང་གསུམ་འཁྲུངས།   དཔོན་རབས་བཞི་པ་ཨ་གྲགས་ཀྱི་ལྕམ་རོང་མོ་ཨ་མཚོ་ལ་སྲས་གེ་འབུམ་དང་ནང་སོ་གཡུང་དྲུང་རིན་ཆེན་བཙུན་པ་ཡིན།   དཔོན་རབས་ལྔ་པ་གེ་འབུམ་གྱི་ལྕམ་སྟག་ལུང་བོན་མོའི་སྲས་འབུམ་རྗེ་གྲགས་པ་དང་ནང་སོ་གཡུང་དྲུང་རྒྱལ་མཚནབཙུན་པ་ཡིན།   དཔོན་རབས་དྲུག་པ་འབུམ་རྗེ་གྲགས་པའི་སྐབས་སུ་དཔུང་ཆེན་དམག་གི་ལས་བྱས་ནས་ལྷོ་འབྲི་གུང་ཇོ་བདལ་ཕྱིན་ཆད། ནུབ་ནག་ཚང་འདམ་གཞུང་མན་ཆད།

 

བྱང་ན་དམར་མཚོ་ཁ་ཕྱིན་ཆད།  ཤར་དངུལ་ཆུ་གསེར་ལྡན་ཡན་ཆད་ཁྱུང་པོའི་དབང་དུ་བསྒྱུར་ནས་ས་མི་འགྱུར་རྫོང་ཆེན་བཅོ་བརྒྱད་བཞེངས་པ་ལས་༽ཁྱུང་རབས་༼མ༽་ལས་༼སྤུ་ཡི་དཀར་མོ་འབུམ་རྫོང་།༡  གསེར་མདོ་སྔོན་མོ་གཡུ་རྫོང་།༢ སྟག་སྡེ་སྟག་རྫོང་ཁྲ་མོ།༣ རྨ་རོང་ནག་རྫོང་མདའ་མཁར།༤  མོང་རྩེ་གད་མཁར་སྐྱ་བོ།༥ ར་སྐྱེས་སྲིན་པོའི་ཁ་རྫོང།༦  གཟིག་ལུང་ཚེར་མཁར་ཟངས་རིང་།༧ གྲིབ་གདོང་མཁར་ནག་ཡོལ་བ།༨  སྒོ་རའི་དམར་འཁྱིལ་མ་རྫོང།༩  ཝེར་རྫོང་སྦི་ལི་ཞབས་མཁར།༡༠  ཆུ་འབུམ་རྟ་བྲང་ཆེ་རྫོང་།༡༡  དགུ་ཡ་འབྲས་ཀྱི་ཐུན་རྫོང་།༡༢ སྟོད་ན་དཔོན་པོ་སེང་གེ་རྫོང་དང་།༡༣ སྨད་ན་གཡོག་མོ་ཁྲུ་ད་རྫོང་།༡༤   བར་ན་བློན་པོ་སྐྱ་ག་རྫོང་།༡༥ ངེད་ཁྱིམ་ཤྭ་བ་ཡུ་མོ་རྫོང་།༡༦  ཐོད་ལ་སྟག་མོ་ངར་བ་རྫོང་།༡༧  རི་དམར་མེ་རི་འབར་བ་རྫོང་དང་།༡༨  ཁྱུང་པོ་འབུམ་རྗེས་བཞེངས།  ཧོར་གཡག་ལ་སེར་པོ་མན་ཆད་དང་།  གཟི་མ་ཡོ་ག་པ་ཚུར་བཅད།  ཁྱུང་པོ་འབུམ་རྗེའི་མུ་ཕུར་བཏབ།  འདམ་རྒྱལ་ཆེན་བཅོ་བརྒྱད་དང་ཁམས་ཟོར་བ་ནག་པོ་ཚུར་བཅད་ལ་གསས་མཁར་བརྩིག་མི་ཡིན་༽ཞེས་སྟོབས་འབྱོར་དང་མངའ་ཐང་རྒྱ་ཆེན་པོ་ཡོད་པར་མངོན།  དེ་རྗེས་མི་རབས་ཁ་ཤས་ནས་བྱང་ནུབ་ཀྱི་འབངས་སྡེ་རྣམས་སོག་ཨ་ཡན་ཇག་པ་མི་བདུན་གྱི་དབང་བསྒྱུར་ནས་ཕྱིས་ཧོར་པ་ཞེས་ཁྱུང་པོའི་བླ་མའི་འདུལ་ཞིང་ནི་ཡོད་ལ་དཔོན་གྱི་མངའ་འབངས་ནི་མིན་ནོ། འབུམ་རྗེ་གྲགས་པའི་ལྕམ་རོང་བཟའ་ལ་སྲས་དཔོན་རབས་བདུན་པ་གྲགས་པ་རྣམ་རྒྱལ་དེའི་ལྕམ་རོང་མོའི་སྲས་ཆེ་བ་ནང་སོ་དྲུང་ཆེ་བཙུན་པ་ཡིན།  དེའི་འོག་སྟག་ལ་གྲགས་མཆོག་དང་ལྷ་བཙན་རྣམ་རྒྱལ་ཆུང་བ་བསོད་ནམས་དབང་ལྡན་བཙུན་པ་ཡིན།  ལྷ་བཙན་རྣམ་རྒྱལ་ལྕམ་སྟག་ལུང་བོན་མོ་ལ་སྲས་བཙན་ལ་གྲགས་པ་མཆོག་ལེགས་གྲགས་པ་གསུམ་སྒར་ཁང་དུ་བཞུགས་སྲས་ཆུང་བ་གྲགས་པ་རྒྱལ་མཚན་ཡབ་ཁྱུང་དཀར་ཡིན་པའི་ཕྱིས་སྟེང་ཆེན་དུ་བསུས།  དཔོན་རབས་བརྒྱད་པ་སྟག་ལ་གྲགས་མཆོག་སྲས་གྲགས་དབང་།  དཔོན་རབས་དགུ་པ་གྲགས་དབང་གི་ལྕམ་ཧོར་བཟའི་སྲས་ཁྲོ་རྒྱལ་གྲགས་པ་དེ་འོག་རྒྱལ་བ་གཡུང་དྲུང་བཙུན་པ་ཡིན། ཆུང་བ་དཔོན་རབས་བཅུ་པ་ཚེ་མཆོག་གྲགས་པ་སྒར་ཁང་དུ་བཞུགས་པའི་ལྕམ་སོག་བཟའི་སྲས་ལྷུན་གྲུབ་གྲགས་པ་དང་།  ཀུན་དགའ་གྲགས་པ། བསོད་ནམས་གྲགས་པ།  ཕུན་ཚོགས་གྲགས་པ་བཅས་བཞི་འཁྲུངས།   དེ་ཚོའི་ཡབ་ཚེ་མཆོག་གྲགས་པ་སྒར་ཁང་དུ་བཞུགས་སྤུན་ཁྲོ་རྒྱལ་གྲགས་པ་བྱ་ཟེ་ལ་བཞུགས་པས་ཁོང་སྤུན་གཉིས་ཞིང་འབྲོག་གཏེ་བསྡུ་རྒྱུའི་ཐད་ཕན་ཚུན་མཁོན་འགྲས་བྱུང་ཞིང་མཐར་ཚེ་མཆོག་གྲགས་པས་བཤན་པ་བརྩལ་ནས་ཁྲོ་རྒྱལ་གྲགས་པ་ལ་མདའ་བརྒྱབ་ནས་བསད།  དེ་རྗེས་ཚེ་མཆོག་གྲགས་པའང་འདས།  ཁྲོ་རྒྱལ་གྲགས་པའི་རྗེ་མོ་ཧོར་ལྷ་རྗེ་དར་གྱི་སྲིང་མོ་ཡུགས་ས་ལུས་པའི་ཧོར་སྡེའི་དམག་ཁྲིད་ནས་ཁྱུང་པོ་ལ་དམག་བརྒྱབ་ནས་སྡེ་འགོ་བླངས་མཐར་ཧོར་ཁྱུང་འདུམ་བསྒྲིགས་ནས་ཧོར་ལ་ཁྱུང་པོའི་ཁྲལ་འབུལ་རྒྱུ་བྱས།  དཔོན་རབས་བཅུ་གཅིག་པ་ལྷུན་གྲུབ་གྲགས་པའི་རྗེ་མོར་ཧོར་བཟའ་ཕུལ་བའི་དེའི་སྲས་གཙོ་མཆོག་གྲགས་པ་དང་།  རྣམ་དག་རྒྱལ་མཚན་བཙུན་པ་ཡིན། ལྕམ་འབྲོང་བཟའི་སྲས་གྲགས་པ་རྣམ་རྒྱལ་དང་གྲགས་པ་རྣམ་སྲས་གཉིས་བྱ་ཟེ་ལ་བཞུགས།    དཔོན་རབས་བཅུ་གཉིས་པ་གྲགས་པ་རྣམ་སྲས་ལྕམ་སོག་བཟའ་ལ།   དཔོན་རབས་བཅུ་གསུམ་པ་བསྟན་སྐྱོང་གྲགས་པ་དེའི་སྲས་དཔོན་རབས་བཅུ་བཞི་པ་དབང་རྒྱལ་གྲགས་པ་དེའི་སྲས་གཉིས་ལས་ཆེ་བ་རྣམ་སྲས་གྲགས་པ་ནག་རུ་ལ་ཕེབས།  ཆུང་བ་དཔོན་རབ་བཅོ་ལྔ་པ་ཚེ་དབང་གྲགས་པའི་སྲས་བདུད་འདུལ་གྲགས་པའོ༎ ཡང་སྒར་ཁང་དུ་གཙོ་མཆོག་གྲགས་པའི་སྲས་གྲགས་པ་བསོད་ནམས་གྲགས་པ་དེའི་སྲས་མོ་ཚུལ་ཁྲིམས་དཔལ་བཟང་སྲས་པོ་སངས་གླིང་སྤྲུལ་སྐུ་གྲགས་དབང་དང་།  ཁྲོ་རྒྱལ་གྲགས་པ་དེའི་སྲས་གཡུ་དབང་པ་དེའི་སྲས་བཙན་རྒྱལ་གྲགས་པ་དེའི་སྲས་གསུམ་ལས།  དབང་ཆེན་གྲགས་པ། ལྷུན་གྲུབ་གྲགས་པ།  ཚེ་དབང་གྲགས་པ་དེའི་སྲས་གར་དབང་གྲགས་པ། ཚེ་དབང་གཡུང་དྲུང་རྩེ་དྲུག་སངས་གླིང་སྤྲུལ་སྐུའི་སྲས་དབལ་འབར་སྟག་སླག་ཅན་སོགས་གདུང་རྒྱུད་ད་ལྟའི་བར་བྱོན། དེ་ལྟར་གསེར་བཟའ་ལྷ་མོ་མཚོ་སྐྱིད་ཀྱི་སྲས་ཤེས་རབ་རྒྱལ་མཚན་གྱི་གདུང་རྒྱུད་ལ་ཁྱུང་པོ་ལྷོ་པ་ཚང་དུ་གྲགས་ལ་རུ་ཤོག་ས་ཡི་མིང་དུ་ཁྱུང་སེར་དུ་འབོད་དོ༎ 

 

 

 

མུ་འགོད་

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.