སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁྱུང་ནག་གི་གདུང་རབས་རིམ་བྱོན་གྱི་སྐོར། | 2012/7/10 17:50:00

ཁྱུང་རབས་ལོ་རྒྱུས་གོང་མཐུད་    ཁྱུང་ནག་གི་གདན་ས་འཛིན་མཁན་གདུང་རབས་རིམ་བྱོན་གྱི་སྐོར།

ཁྱུང་ནག་གི་གདུང་རབས་རིམ་བྱོན་གྱི་སྐོར་བཤད་པ་ལ་ཁྱུང་པོ་ཨ་བླའི་སྲས་ནང་པ་བྱང་ཤེས་ལ་སྲས་བདུན་མངའ་བའི་ནག་རུ་མགོན་ནེ་བཟའ་སྒྲོན་སྐྱིད་ཀྱི་སྲས་ཨ་ལུག་གམ་ཨ་རྒྱལ་བསོད་ནམས་གྱི་སྲས་རྒྱུད་ལ་ཁྱུང་ནག་ཅེས་འབོད་ཅིང་། དཔོན་རབས་དང་པོ་ཨ་རྒྱལ་བསོད་ནམས་དེའི་ལྕམ་ཞུ་བཟའི་སྲས་ནང་པ་བློ་གྲོས་བཟང་པོ་དང་སྨོན་ལམ་བཟང་པོ་གཉིས།  དཔོན་རབས་གཉིས་པ་སྨོན་ལམ་བཟང་པོའི་སྲས་གསུམ་ལས་ཁྲི་བཙན་གྲགས་པ་ཁྲི་སྡེ་རྒྱལ་མཚན་བསྟན་པའི་རྒྱལ་མཚན་བཙུན་པ་ཡིན།  དཔོན་རབས་ལྔ་པ་ཁྲི་བཙན་གྲགས་པའི་སྲས།  དཔོན་རབས་དྲུག་པ་ཁྲི་རྗེ་གྲགས་པ་དེའི་སྲས་དཔོན་རབས་བདུན་པ་ཁྲི་བཙུན་རྒྱལ་མཚན་དེའི་སྲས། 

 

དཔོན་རབས་བརྒྱད་པ་བསོད་ནམས་ལྷུན་གྲུབ། དེའི་སྲས་དཔོན་རབ་དགུ་པ་ཚེ་དབང་གྲགས་པ་དེའི་སྲས་དཔོན་རབ་བཅུ་པ་དཀོན་མཆོག་ལྷ་རྒྱལ།  དེའི་སྲས་དཔོན་རབས་བཅུ་གཅིག་པ་ཁྲོ་བོ་རྒྱལ་དེའི་སྲས་དཔོན་རབ་བཅུ་གཉིས་པ་བསྟན་རྒྱལ་གྲགས་པ།  དེའི་སྲས་དཔོན་རབས་བཅུ་གསུམ་པ་གཡུ་དབང་པ་དེའི་སྲས་དཔོན་རབ་བཅུ་བཞི་པ་ཚེ་དབང་བསྟན་འཛིན་དབང་རྒྱལ་དེའི་སྲས།   དཔོན་རབ་བཅོ་ལྔ་པ་རྣམ་རྒྱལ་གྲགས་པ་དེའི་སྲས་དཔོན་རབ་བཅུ་དྲུག་ལྷུན་གྲུབ་རྒྱལ་མཚན་ལ་ལྕམ་སྐྱང་བཟའ་ཨ་ཞེ་བསུས་ཀྱང་སྲས་མ་བྱུང་བར་འདས་ནས་ཁྱུང་ནག་གདུང་རྒྱུད་ཆད།  སྐྱང་བཟའ་ཨ་ཞེ་ཡུགས་ས་ལུས་པ་ལ་བྱ་ཟེ་དཔོན་ཚང་གི་སྲས་པོ་རྣམ་སྲས་གྲགས་པ་གོ་མག་བསུས་པའི་དེ་ལ་སྲས་པོ་གཉིས་དང་སྲས་མོ་གཅིག་འཁྲུངས་ཀྱང་ཡབ་སྲས་གསུམ་སྔ་རྗེས་སུ་འདས་ནས་སྐྱང་བཟའ་མ་མེད་གཉིས་ལུས་པས།  ནག་རུའི་གདུང་རྒྱུད་ཁྱུང་ཡིན་པའི་གོ་མག་བསུ་རྒྱུ་གྲོས་བྱ་སྐབས་བྲག་གཡབ་ལ་ཁྱུང་ཚང་བླ་བྲང་ཟེར་བ་ཞིག་ཡོད་གོ་ཐོས་བྱུང་༼ཁྱུང་དང་ཆུང་ནོར་བ་རེད་ཟེར་༽ནས་བྲག་གཡབ་ཆུང་ཚང་བླ་བྲང་ལ་སྲས་པོ་ཞིག་གོ་མག་གནང་རོགས་ཞུ་མི་སོང་བར་བྲག་གཡབ་ནས་སྲས་པོ་མ་གནང་བས།

 

རུས་ཆུང་ཚང་ཡིན་པའི་ཟུར་སྡོད་བྲག་གཡབ་མཁས་གྲུབ་ཅེས་པ་བསུས་ནས་སྐྱང་བཟའ་ཨ་ཞེའི་གོ་མག་དང་ནག་རུའི་དཔོན་གསར་དུ་བསྐོས་ཀྱང་དེ་ལ་བུ་རྒྱུད་མ་བྱུང་བས།  བྲག་གཡབ་མཁས་གྲུབ་ནས་ནག་རུ་དཔོན་ཚང་གི་ཐོབ་ཐང་བཀའ་གཏན་ཡིག་རིགས་སོགས་འཛིན་ཆས་གང་ཡོད་ཆུང་ཚང་བླ་བྲང་ལ་ཕུལ་བས་ཆུང་ཚང་བླ་མའི་ཕྱག་མཛོད་རྩི་ཐུར་ཟེར་བའི་ནག་རུའི་དཔོན་གནས་བཟུང་། དེའི་སྐབས་སྐྱང་བཟའ་མ་སྨད་གཉིས་དང་གཡོག་པོ་གུ་ལུས་གྲྭ་པ་གསུམ་བཅས་ལྷ་སར་སོང་བའི་སྐྱང་བཟའ་ལྷ་སར་ཤི།  སྐྱང་བཟའི་བུ་མོ་གུ་ལུས་གྲྭ་པ་གཉིས་འཕན་པོར་བཞག་པ་གུ་ལུས་གྲྭ་པ་བྲག་གཡབ་ཆུང་ཚང་གིས་ལྐོག་བསད་བཏང་བས་སྐྱང་བཟའི་བུ་མོ་སྨྱོ་ནས་ཤི།  སྐབས་དེར་ནག་རུ་ཕྱོགས་བཅུ་ལྡིང་དཔོན་ནས་ཆུང་ཚང་གི་ཉེས་དོན་སྡེ་པ་གཞུང་ལ་གྱོད་གཏུག་པའི་བདེན་པ་མཐར་གསལ་ཏེ་ཆུང་ཚང་གི་ནག་རུ་དཔོན་གནས་ཤོར།

 

དེ་རྗེས་ནག་རུ་དཔོན་ཕྱོགས་བཅུ་ལྡིང་དཔོན་ནས་བྱས།  དེ་ལ་བུ་མོ་གཅིག་དང་བུ་གཅིག་ཡོད་པ་ལས་བུ་མོ་འཆི་མེད་ཚེ་དཔག་ལོ་བཅུ་དྲུག་སྐབས་སུ་སྤུ་ལ་ཁྱུང་ནག་གི་གདུང་རྒྱུད་བུ་ལོ་དྲུག་པ་གཅིག་གོ་མག་བསུས་རྗེས་དམངས་གཙོ་བཅོས་བསྒྱུར་བྱས་སོ༎         མུ་འགོད་

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.