སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དཀར་ནག་སེར་གསུམ་ཚབ་ཚ་སྤུ་ལ་ཁ་བཅས་ཀྱི་རུ་ཤོག་སོ་སོའི་ས་བགོས་སྡེ་བགོས་སྐོར་  | 2012/7/10 17:31:00

ཁྱུང་རབས་གོང་མཐུད་

གསུམ་པ། ཁྱུང་ནག་མི་ཁྱུང་རྒྱལ་གྱི་གདུང་རྒྱུད་བླ་དཔོན་རྣམས་ཀྱི་རུ་ཤོག་སོ་སོ་ལ་ མངའ་དབང་བསྒྱུར་ཚུལ་གྱི་ལོ་རྒྱུས་སྤྱིར་གླེང་བ།།

 

ཁྱུང་ནག་མི་ཁྱུང་རྒྱལ་གྱི་གདུང་རྒྱུད་བླ་དཔོན་རྣམས་ཀྱི་རུ་ཤོག་སོ་སོ་ལ་མངའ་དབང་བསྒྱུར་ཚུལ་ནི་ཁྱུང་རབས་༼ས་༽ལས་༼འདི་ནས་ཁྱུང་པོའི་བླ་དཔོན་རྣམས་ཀྱི་མངའ་འབངས་ས་ཆ་དང་མི་སྡེ་རྣམས་རིས་སུ་བཅད་དེ་ཤོག་ཁ་བྱེ་ནས་ཁྱུང་པོའི་སྟོབས་ཤུགས་ཉམས་རྒུད་དུ་སོང་ཚུལ་དང་།  ཁྱུང་དཀར་ནག་སེར་གསུམ་གྱི་གདུང་རབས་བླ་རྒྱུད་འཁྲུངས་ཚུལ་ལ་ཁྱུང་དཀར་ནག་སེར་གསུམ་ཚབ་ཚ་བཅས་ཤོག་ཁ་བཞི་དང་དེ་རྗེས་བྱང་རྩེ་སྒང་སྤུ་ལ་ཁའི་གདུང་རྒྱུད་བཅས་རུ་ཤོག་ལྔ་བྱུང་བའི་སྤྱིར་གདུང་རྒྱུད་གཅིག་ཀྱང་མངའ་འབངས་མི་སྡེ་དང་རུ་ཤོག་ས་ཡི་མིང་དེ་དཔོན་ལ་ཐོགས།

 

 དཔོན་མིང་རུས་ལ་ཐོགས་པ་ཡིན་ཏེ་ཨ་བླའི་སྲས་དབང་རྒྱས་གྲུབ་གྱི་ལྕམ་དཀར་རུ་རོང་མོ་བཟའི་སྲས་འབྲིང་བ་དཔོན་ཚང་རྒྱལ་བ་གྲུབ་གྱི་ཡུམ་སྟེང་ཆེན་ནས་ཡིན་པས་སྟེང་ཆེན་དུ་བཞུགས་ཏེ་དཀར་རུ་ལ་མངའ་དབང་བསྒྱུར་བས་ཁྱུང་དཀར་ཚང་ཞེས་འབོད།   ཡང་དབང་རྒྱས་གྲུབ་གྱི་ལྕམ་གསེར་རྩ་སྐྱེས་སྲས་ཀྱི་བུ་མོ་ལྷ་མོ་མཚོ་སྐྱིད་ཀྱི་སྲས་ཤེས་རབ་རྒྱལ་མཚན་གྱི་ཡུམ་བྱ་ཟེ་ནས་ཡིན་པའི་བྱ་ཟེ་ལ་བཞུགས་ནས་གསེར་རྩའི་ཤོག་ལ་མངའ་དབང་བསྒྱུར་བས་ཁྱུང་སེར་ཚང་ཞེས་འབོད།   ཡང་དབང་རྒྱས་གྲུབ་གྱི་ལྕམ་ཚབ་ཤི་བཟའ་ཨ་མཚོ་ལ་སྲས་དཔལ་ལྡན་དང་དབང་འབུམ་གཉིས་ཀྱི་ཡུམ་དེམ་ཆི་ཡིན་པའི་འདམ་རྒྱུད་ལ་དབང་བསྒྱུར་བའི་ཁྱུང་པོ་ཚབ་ཚ་ཚང་ཞེས་འབོད།  ཨ་བླའི་སྲས་ནང་པ་བྱང་ཤེས་ཀྱི་ལྕམ་ནག་རུ་མགོན་ནེ་བཟའ་སྒྲོན་སྐྱིད་ཀྱི་སྲས་ཨ་བསོད་ཀྱི་ཡུམ་ནག་རུ་ཡིན་པས་ཝེར་རྫོང་དུ་བཞུགས་ནས་ནག་རུ་ལ་མངའ་དབང་བསྒྱུར་བའི་ཁྱུང་ནག་ཚང་ཞེས་འབོད།  ཕྱིས་སུ་གདུང་རྒྱུད་ལ་དེ་ལྟར་འབོད་སྲོལ་ཆགས་སོ།  དེ་ལྟར་བུ་སྤུན་རྣམས་ཀྱིས་དབང་བསྒྱུར་བའི་ཡུལ་ལ་ས་མཚམས་དང་མངའ་འབངས་མི་སྡེ་རྣམས་ངེས་གཏན་ཆེར་མེད་ལ། མི་སྡེ་སོ་སོའི་དགའ་ཕྱོགས་དང་མོས་ཕྱོགས་སྒོ་ནས་ཁྲལ་འུ་ལག་རྒྱུག་པ་དང་གཏེ་འབུལ་བ་སོགས་བྱས༽ འདི་ནས་ཁྱུང་དཀར་ནག་སེར་གསུམ།  ཧོར།  དེམ་ཆུ།  རྡོ་ཤུལ་བཅས་ཚོ་པ་དང་རུ་ཤོག་གྱེས་ནས་ཁྱུང་པོའི་སྟོབས་ཤུགས་ཅུང་ཟད་ཆུང་དུ་སོང་བའི་སྐོར་གླེང་བ་ལ་དང་པོའི་ཡུལ་འདིར་ཁྱུང་པོ་ཁོག་ཅེས་དང་ཁྱུང་དཀར་ནག་སེར་གསུམ་བཅས་མིང་གང་འདྲ་ཐོགས་ཚུལ་སོགས་ལ་ཅུང་ཟད་དཔྱད་པར་བྱ་སྟེ་ལོ་རྒྱུས་འགའ་ཤས་ནས་ཁྱུང་དབུས་བྱོན་རྗེས་ཁྱུང་པོ་ཞེས་རུས་མིང་ཡུལ་ལ་ཐོགས་པར་བཞེད་ཀྱང་དེའི་གོང་ལ་ཁྱུང་པོའི་ཡུལ་ཞེས་པའི་མིང་ལོ་རྒྱུས་མང་པོ་ནས་གསལ་བ་མ་ཟད།  ཁྱུང་ནག་མུ་ཁྱུང་རྒྱལ་གྱི་གདུང་རྒྱུད་ཀྱི་བླ་མ་རྣམས་ལ་ཁྱུང་ནག་ཅེས་འབོད་འོས་པ་ལས་ཁྱུང་དཀར་དང་ཁྱུང་སེར་ཞེས་ཅིའི་ཕྱིར་འབོད།  ཁྱུང་པོའི་གདུང་རབས་དང་བསྟན་འབྱུང་ལོ་རྒྱུས་ཀུན་ལས་ཁྱུང་དཀར་ནག་སེར་གསུམ་ལས་ཁྱུང་ཨ་བླ་སོགས་ཀྱི་ཐོག་མའི་གདུང་རྒྱུད་ཀྱི་ཁུངས་ནི་ཁྱུང་ནག་མུ་ཁྱུང་རྒྱལ་ཡིན་ཚུལ་སྤྱི་མཐུན་ཡིན་ཀྱང་བར་དུ་ཁྱུང་ནག་ལ་ཁྱུང་དཀར་དང་ཁྱུང་སེར་ཞེས་མིང་བསྒྱུར་དགོས་དོན་གང་ཡིན་གསལ་བཤད་མི་འདུག་ཀྱང་འདི་ལྟར་ཡིན་པར་སྙམ་སྟེ།  དང་པོ་གོང་བཤད་ལྟར་ཐོག་མའི་ཁྱུང་དཀར་ནག་སེར་གསུམ་ཡུལ་འདིར་འཁྲུངས་ནས་སོ་སོའི་ཡུལ་ལ་དབང་བསྒྱུར་བའི་རུས་མིང་ཡུལ་ལ་ཐོགས། དེའི་རྗེས་ཁྱུང་ནག་མུ་ཁྱུང་རྒྱལ་གྱི་གདུང་རབས་ཀྱི་ཁྱུང་པོའི་ས་ཆ་ཡོངས་ལ་མངའ་དབང་བསྒྱུར་ཡང་ས་མིང་དང་སྡེ་ཡི་མིང་སྔར་ལྟར་ཁྱུང་དཀར་དང་། ཁྱུང་ནག  ཁྱུང་སེར་བཅས་འབོད་སྲོལ་རང་འཇགས་སུ་ལུས།

དེ་རྗེས་ཁྱུང་ནག་ཨ་བླའི་སྲས་རྒྱུད་རྣམས་ཀྱིས་ས་ཆ་རེ་རེ་བཟུང་ནས་སླར་ཚོ་པ་དང་རུ་ཤོག་གྱེས་པའི་རུ་ཤོག་ས་ཡི་མིང་དེ་དཔོན་ལ་ཐོགས་ཏེ་དཀར་རུ་དཔོན།  ནག་རུ་དཔོན།  གསེར་རུ་དཔོན་སོགས་འབོད་སྲོལ་ཆགས། དེ་ནས་དཔོན་མིང་རུས་ལ་ཐོགས་ཞེས་ཁྱུང་རབས་གསེར་སྒོམ་མ་ལས་བཤད་དོ།། ཁྱུང་རབས་༼ས་༽ལས་  དེ་རྗེས་བུ་སྤུན་རྣམས་ལོ་རེ་བཞིན་ས་མཚམས་དང་སྡེ་འབངས་དོ་མི་སྙོམས་པའི་དབང་གི་འཁྲུག་རྩོད་ཡང་ཡང་ཤོར་བའི་མཐར་ཁྱུང་པོ་དཔོན་བློན་ཚང་མ་འདུ་འཛོམས་བྱས་ཏེ་གྲོས་མོལ་བྱས་ནས་རྫོང་དང་མི་སྡེའི་ཆགས་ལུགས་ལྟར་སྡེ་མང་མ་དེ་བཞིན་བཀོད་གནས་བྱས་ཏེ། སྨད་རྒྱ་སྟོན་ལ་སྨད་ཤོག་དྲུག་ཏུ་ཕྱེས།  སྡེ་དགེ་རུ་ལ་གཡས་རུ་དང་གཡོན་རུ་ཕྱེས།  ཁྱུང་པོ་ལ་དཀར་ནག་སེར་གསུམ་རྒོད་ཚང་དང་དེམ་ཆུ་བཅས་ལྔ་རུ་ཕྱེས།

 

བགོས་འགོ་དེ་དཔོན་ཚང་རྒྱལ་བ་གྲུབ་ལ་གཏད་དཀར་རུའི་སྡེ་ཚང་དགེ་རྒྱ་དོ་གསུམ་རྨ་རྗེས་ཕུགས་གསུམ། དབེན་སྲང་རྐྱང་གསུམ་བཅས་ལྔ་ཟུར་ཚད་གསུམ་ཐམ།  ཤེས་རབ་རྒྱལ་མཚན་ལ་གསེར་རྩའི་སྡེ་གསེར་གཞོང་ཡུལ་ཤོག་བཅོ་བརྒྱད་སྒང་རུ་ཉིན་ཐ་སོགས་ལྔ་ཟུར་གཉིས་བཞག   ཨ་བསོད་ལ་ཞང་མགོན་གཉིས་ལྷོ་བྱང་གཉིས་བཅས་ལྔ་ཟུར་ཚད་གཉིས་བཞག   དཀར་རུ་ལ་ས་ཆ་བྱང་རི་ལུང་བརྒྱད་ཞེ་ཟོམ་ཆུ་རྟ་ཟེར་རྨེ་ལུང་ཡར་ཐོང་མར་ཐོང་། གྲེས་མདའ་ཕ་བོང་ཕན་ཆད། གམ་གྱི་སྡོང་རྫོང་མན་ཆད། ཟེ་མོ་སྒང་གི་ཕར་བཅད་བཞག  གསེར་རྩ་ལ་ས་ཆ་རྔུལ་ཆུ་འདུས་སོའི་ཚུར་བཅད། ར་སྐྱེས་རྡོ་རྫོང་མན་ཆད། ས་ཤོད་དེལ་དམར་ཡན་ཆད།  གོམ་གྱི་མཚོ་གཉིས་ཚུར་བཅད།  བྱང་འདམ་གྱི་རྒྱལ་ཆེན་བཅོ་བརྒྱད་ཡན་ཆོད།  སྤྱི་ཡི་བྲག་ལ་ཚུར་བཅད་བཞག  ནག་རུ་ལ་ས་ཆ་གྲེས་ཀྱི་ཕ་བོང་ཚུར་བཅད། ཀོ་མདའ་བྲེས་འཕང་ཡན་ཆད། འགིས་བྲག་གཡུ་མཚོ་ཕར་ཆོད། རྟ་ཆུ་སྔོན་མོའི་ཚུར་བཅད། གསང་ཕུ་ལ་དམར་མན་ཆད།  རྐོ་མདའ་ཨ་རིང་ཡན་ཆད་ཀྱི་ས་ཆ་དེ་བཞག   གཞན་རྣམས་ལ་ཡང་དེ་ལྟར་ས་བགོས་སྡེ་བགོས་འཚམས་པར་བྱས། དཀར་ནག་སེར་གསུམ་སྡེ་བགོས་བྱས་ཀྱང་རྟེན་བང་ཁྲ་མ་སྤྱི་ལ་བཞག་གོ།  དེ་ནི་ས་བགོས་སྡེ་བགོས་ཀྱི་རིམ་པའོ།

མུ་འགོད་

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.