སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁྱུང་རབས་ལོ་རྒྱུས་ལས་ཁྱུང་ནག་གི་གདུང་རབས་ལོ་རྒྱུས་སྤྱིར་བཤད་པ་ | 2012/7/2 16:27:00

ཁྱུང་རབས་ལོ་རྒྱུས་གོང་མཐུད་

 

གཉིས་པ་ཁྱུང་ནག་མི་ཁྱུང་རྒྱལ་གྱི་གདུང་རབས་རིམ་བྱོན་གྱི་ལོ་རྒྱུས་སྐོར། དེ་ཡང་ཁྱུང་ནག་རྒྱལ་གྱི་གདུང་རབས་རིམ་བྱོན་གྱི་ལོ་རྒྱུས་ལ་ཁྱུང་རབས་་་་་་༼་་་་མ་་་༽་་་ལས་་་་༼་་་མི་ཁྱུང་རྒྱལ་གྱི་སྲས་ཁྱུང་པོ་སྟག་སྒྲ་དུན་ཙུག་དང་དཔལ་གྱི་གེར་ཏི་གཉིས་ཁྱུང་བཟའ་ཡེ་ཤེས་མཚོ་རྒྱལ་དང་གསུམ་འཁྲུངས་སྟག་སྒྲ་དུན་ཙུག་ནི་སྙ་ཆེན་ལི་ཤུ་སྟག་རིང་སོགས་རིག་འཛིན་མང་པོའི་མདུན་ནས་ཕྱི་ནང་གསང་བའི་བོན་སྡེ་མཐའ་དག་ཞུས་ཏེ་ཉམས་སུ་བླང་པའི་རིག་འཛིན་དངོས་སུ་གྲུབ་རྫུ་འཕྲུལ་དུ་མ་དང་ལྡན་པའི་སྟག་གཟིགས་འོལ་མོ་ལུང་རིང་དུ་ཕེབས་ཏེ་བོན་སྡེ་ཟབ་མོ་མང་པོ་བླང་ནས་ཀུན་ལ་སྤེལ་བའི་མཁས་པ་ཉི་ཤུའི་གྲས་ཡིན་ཚེ་ཡི་རིག་འཛིན་གྲུབ་པའི་མི་ལོ་བརྒྱ་ཕྲག་མང་པོ་བཞུགས་པ་གསལ་དུས་དེར་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཞང་ཞུང་གི་རྒྱལ་པོ་ལིག་མི་སྐྱ་བསྒྲུང་ནས་ཞང་ཞུང་བོད་ཀྱི་བཅུན་རྒྱལ་ཁྲིམས་སེལ་བུར་འཐོར་གཡུང་དྲུང་གི་བོན་བསྣུབ་པའི་དུས་སུ་ལིག་མི་རྒྱལ་གྱི་ཤུལ་དུ་ཞང་ཞུང་གི་རྒྱལ་པོ་ཁྱུང་པོ་སྟག་སྒྲ་དུན་ཙུག་གི་བཟུང་ནས་རྒྱལ་ཁྲིམས་དང་བོན་ཁྲིམས་གཉིས་ཀའི་མངའ་བདག་མཛད་དོ་༽ཞེས་ཁྲི་སྲོང་སྐབས་བཞུགས་པ་བསྟན་ཀྱང་སྲོང་བཙན་ལ་གཞོན་ནུའི་སྐབས་ཁྲི་སྲོང་བཙན་ཞེས་འབོད་པ་གསལ་བའི་མིང་འབྲི་ནོར་སོང་ངམ་སྙམ་ཏེ་འབེལ་གཏམ་ལུང་སྙིང་ལས་་་་༼་་་་་སྲོང་བཙན་སྒོམ་པོའི་ཞུང་ཞང་བཏུལ་རྗེས་རིམ་བཞིན་ཞུང་ཞང་ངོ་ལོག་སྟེ་བོད་ལ་འཁྲུག་པ་བྱས་ནས་མཐར་ཁྲི་སྲོང་གི་དུས་སུ་ཞུང་ཞང་རྒྱལ་པོ་ལིག་མི་རྒྱལ་ཆུན་མའི་བསླུས་ནས་བཀྲོང་དེ་ནས་ཞུང་ཞང་བོད་ལ་ངོ་ལོག་མ་ནུས་པར་འོག་ཏུ་བཙུད་དོ་་་་༽

 

ཞེས་སྲོང་བཙན་སྐབས་ཞུང་ཞང་བོད་ལ་ངོ་ལོག་པར་གསུང་པ་དང་ཁྱུང་རབས་ལས་ཁྲི་སྲོང་གི་རྗེས་སུ་ཞུང་ཞང་རྒྱལ་རྒྱུད་ཀྱི་བོད་ལ་ངོ་ལོག་པར་བཤད་པ་དང་འགལ་ལོ་ཁྱུང་རབས་་་་༼་་་མ་་་་་༽ལས་༼་་་་ཁྱུང་པོ་སྟག་སྒྲ་དུན་ཙུག་གི་སྲས་ཙན་སྒྲ་དུན་ཙུག་དེའི་སྲས་གྱེར་ནམ་ཟུར་རྩེ་དེའི་སྲས་སྟོང་རྒྱུང་རིང་མོ་དང་ཁྱུང་རྒྱལ་སྟག་ལ་སྐྱེས་གཉིས་སོ། ༽གྱེར་ནམ་ཟུར་རྩེ་འདི་གནམ་རི་སྲོང་བཙན་དང་སྲོང་བཙན་སྒོམ་པོའི་དུས་སུ་ཡོད་པའི་ཁྱུང་པོ་སྤུངས་སད་ཟུ་རྩེ་ཞེས་པ་ཡིན་ནམ་སྙམ་པའི་འདིའི་སྐོར་ཏུན་ཧོང་ཡིག་སྙིང་ལས་༼བོད་རྒྱལ་གནམ་རི་སྲོང་བཙན་གྱི་དུས་སུ་ཁྱུང་པོ་སྤུངས་སད་ཟུ་རྩེའི་གཙང་བོད་ཀྱི་རྒྱལ་པོ་མགོ་བཅད་དེ་གཙང་བོད་དུད་ཁྱིམ་ཉི་ཁྲི་བཙན་པོའི་ཕྱག་ཏུ་ཕུལ་བས་བཙན་པོ་དགྱེས་ནས་གཙང་བོད་དུད་ཁྱིམ་ཉི་ཁྲི་དེ་ཟུ་རྩེ་ལ་བྱ་གར་བརྩལ་ཏོ་དེ་རྗེས་བློན་པོ་མོང་སྔོན་པོ་ཟེར་བའི་བཙན་པོ་བཀྲོང་བའི་གྲབ་གཤམ་པ་ལ་ཟུ་རྩེའི་ཚོར་ཏེ་མོང་སྔོན་པོ་བཀུམ་པས་བཙན་པོའི་བློ་དཀར་དུ་མཐོང་ཏེ་བློན་ཆེན་གྱི་འགན་དབང་སྤྲད་དེ་རྗེས་བཙན་པོ་ཁྲི་སྲོང་བཙན་གྱི་ཞུང་ཞང་ལ་དམག་དྲངས་ནས་ཞང་རྒྱལ་་ལིག་མི་རྒྱལ་བསད་ཞུང་ཞང་འབང་དུ་བཀུག་༽

 

གཙུག་ལག་ཕྲིང་བ་ལས་སྲོང་བཙན་སྒོམ་པོའི་་ཁོད་དྲུག་ཏུ་ཕྱེས་པའི་ཞུང་ཞང་གི་ཁོད་ཡུལ་ཁྱུང་ལུང་དངུལ་མཁར་དང་ཁོད་དཔོན་ཁྱུང་པོ་སྤུང་སད་ཟུ་རྩེ་ཡིན་པར་བསྟན་བོད་ཀྱི་བཙན་པོའི་དུར་ས་ཞེས་པ་ལས་ཀྱང་ཁྱུང་པོ་ཟུ་རྩེ་བློན་འགར་སྟོང་བཙན་སུམ་པའི་བྱ་ཞུ་རིང་མོ་བཅས་དུས་རབས་གཅིག་གི་མི་ཡིན་པར་བསྟན་༽དེ་རྗེས་ཟུ་རྩེའི་བཙན་པོ་དང་བློན་ཞང་སྣང་བར་དུ་ཕྲ་མ་བཅུག་ཏེ་བློན་ཞང་སྣང་བསད་བཅོལ་དེ་ནས་བཙན་པོ་ཟུ་རྩེའི་ནང་དུ་དགྱེས་སྟོན་དུ་གདན་དྲངས་ནས་བཀྲོངས་ཐབས་བྱས་པས་བློན་འགར་གྱི་ཤེས་ནས་སྲོང་བཙན་ལ་ཞུས་པ་ཟུ་རྩེའི་ཚོར་ནས་ལམ་སང་ཟུ་རྩེའི་རང་གི་བུ་རེ་ཁྱུང་ལ་ཁ་ཆེམ་དང་བཅས་རང་སྲོག་གཅད་པ་དང་བུ་རེ་ཁྱུང་གི་ཕ་ཡི་མགོ་བོ་བཅད་དེ་བཙན་པོའི་སར་ཕུལ་ནས་བཀའ་ཉེས་་མི་འབེབས་པར་ཞུས་པ་བཞིན་གནང་ཚུལ་གསལ་དེ་བཞིན་སྲོང་བཙན་བློན་ཁྱུང་པོ་གཞན་ཡང་ཡོད་དེ་རུ་ལག་སྨད་ཀྱི་རུ་དཔོན་ཁྱུང་པོ་གཡུ་ཡི་ཟུར་ཕུད་ལ་རུ་དར་ནག་པོ་དང་གཡས་རུ་སྟོད་ཀྱི་རུ་དཔོན་ཁྱུང་པོ་སྟག་བཟང་ཉག་སྟོང་ལ་རུ་དར་ནག་པོ་སྙིང་དཀར་བྱ་ཁྱུང་བྲིས་པ་ཡོད་པ་བཤད་ ཁྱུང་རབས་་་་༼་་་མ་་་༽་་་ལས་ དཔལ་གྱི་གེར་ཏིའི་སྲས་མཆོག་གི་སྒྲོན་མ་དང་སྤུང་སྒྲ་ཟུར་རྩེ་གཉིས་སོ། དེའི་སྲས་རྒྱུད་ཁྱུང་པོ་བཀྲ་ཤིས་རྒྱལ་མཚན་དེའི་སྲས་ཁྱུང་པོ་ལེགས་མགོན་དེའི་སྲས་ཁྱུང་པོ་གྱེར་ཆེན་ཟླ་མེད་དང་ར་སངས་ཁྲི་ནེ་ཁོད་དེའི་སྲས་རྒྱུད་ཁྱུང་པོ་ར་སངས་ཀླུ་རྒྱལ་ དེའི་སྲས་ཏ་པི་ཧྲི་ཙ་དེའི་སྲས་ར་སངས་ཀུ་མ་ར་ཙ་བཅས་ཡིན་སྐད་དོ་་་་༽་་་ཞེས་པའི་ཁྱུང་པོ་བཀྲ་ཤིས་རྒྱལ་མཚན་ནི་ཞུང་ཞང་སྙན་རྒྱུད་ཀྱི་བླ་མ་ཁྱུང་པོ་ཨ་བ་ལྡོང་གི་མདུན་ནས་བཀའ་རྒྱུད་སྐོར་བཞི་སོགས་རྫོགས་ཆེན་སྙན་རྒྱུད་ཀྱི་གདམ་ངག་ཞུས་ཏེ་ཞུང་ཞང་ཡུལ་ས་ཏི་ཕུག་ཏུ་མི་ལོ་ཉེར་གཅིག་ཏུ་ཉམས་སུ་བླང་པའི་ཐུན་མོངས་རི་དགས་ཀྱི་འོ་མ་བཞོ་བ་གཅན་གཟན་གྱི་བཟའ་བཏུང་ཕུལ་བ་སོགས་མཆོག་ཐུན་དངོས་གྲུབ་བསྙེམས་ཤིང་ཟག་མེད་འོད་སྐུར་གྲོལ་བའོ། དེའི་སྲས་ཁྱུང་པོ་ལེགས་མགོན་ནི་ཡབ་བཀྲ་རྒྱལ་མདུན་ནས་རྫོགས་ཆེན་ཞུས་ཏེ་མཚོ་རིའི་དོ་ལ་ལོ་བག་ཡོད་བརྒྱད་ཉམས་སུ་བླང་པས་ཐུན་མོངས་དང་མཆོག་གི་དངོས་གྲུབ་བསྙེམས་ནས་ཟག་མེད་འོད་སྐུར་གྲོལ་བའོ།

 

 ཁྱུང་པོ་ར་སངས་ཁྲི་ནེ་ཁོད་ཀྱི་བླ་མ་གུ་རིབ་དཔལ་བཟང་མདུན་ནས་རྫོགས་ཆེན་སྙན་རྒྱུད་ཞུས་ནས་ཉམས་སུ་བླང་པའི་ལྷོ་གཅན་འཕྲང་རོང་གི་རི་སྟག་མི་གཟན་བཅིབ་ནས་བྱོན་པ་དང་གཙང་ཆེན་ལ་གྲུ་མེད་པར་བྱོན་པ་སོགས་གྲུབ་རྟགས་དུ་མ་མངའ། དེའི་མཆེད་ཡ་ཁྱུང་པོ་གྱེར་ཆེན་ཟླ་མེད་ཁྲི་སྲོང་སྐབས་བཞུགས་པ་གསལ། དེའི་སྲས་རྒྱུད་བླ་མ་ར་སངས་ཀླུ་རྒྱལ་གྱི་ཚེ་སྤུངས་ཟླ་བ་རྒྱལ་མཚན་མདུན་ནས་རྫོགས་ཆེན་སྙན་རྒྱུད་ཞུས་ཏེ་སྦོ་དམར་དུ་ཉམས་སུ་བླངས་པའི་འཇའ་ལུས་འོད་སྐུར་གྲོལ་བའོ།  དེའི་ཏ་སྲས་པུ་ཧྲི་ཙའི་ཡབ་ར་སངས་ཀླུ་རྒྱལ་མདུན་ནས་རྫོགས་ཆེན་སྙན་རྒྱུད་ཞུས་ཏེ་སྟག་ཐབས་སེང་གེའི་བྲག་ལ་དཀའ་བ་སྤྱད་དེ་ལོ་དགུ་ལ་མི་ཚིག་གི་བར་མ་བཅོད་པར་ཉམས་སུ་བླངཔས་ཕུང་པོ་ལྷག་མེད་དུ་སངས་རྒྱས་སོ།  དེའི་སྲས་ར་སངས་ཀུ་མ་ར་་རྩའི་ཡབ་ཏ་པུ་ཧྲི་རྩའི་མདུན་ནས་སྙན་རྒྱུད་ཀྱི་བོན་ཞུས་ཏེ་གནས་མ་བཟུང་བར་རི་ཡི་བུ་ལོ་གསུམ་བྱས་ནས་ཉམས་སུ་བླང་པའི་འཇའ་ལུས་འོད་སྐུར་གྲོལ་བའོ། ཁྱུང་རྒྱལ་སྟག་སྐྱེས་ཀྱི་སྲས་རྒྱུད་ལས་ཁྱུང་པོ་རྣལ་འབྱོར་དང་མི་ལ་རས་པ་བྱོན་ཚུལ་བཤད་པའི་ཁྱུང་པོ་རྣལ་འབྱོར་ནི་་་་༼་་་ཤངས་པ་བཀའ་རྒྱུད་བླ་རབས་རྣམ་ཐར་ལས།  བན་ཆུང་བདག་གི་སྐྱེ་ས་གངས་དཀར་མདའ། སྙེ་མོ་ར་མང་རྗེ་རིགས་ཁྱུང་པོ་ཡིན། ཕ་རུ་སྨོས་པ་ཁྱུང་རྒྱལ་སྟག་སྐྱེས་དང་།  མ་མིང་བཀྲ་ཤིས་རུམ་དུ་སྟག་ལོར་སྐྱེས། ལོ་བཅུ་ལོན་ཚེ་ཡིག་རྩིས་མཁས་པར་གྱུར། བཅུ་གཉིས་ལོ་ལ་ཕ་མེས་བག་ཆགས་ཀྱིས། སེམས་ཕྱོགས་བོན་བསླབ་རྫོགས་ཆེན་ཉམས་ལེན་བྱས། དེ་ནས་གསེར་ཁྱེར་སྲོག་ལ་མ་ལྟོས་པར། རྒྱ་བལ་ཡུལ་ཕྱིན་མཁས་པ་བརྒྱ་རྩ་བསྟེན། ཟབ་མོའི་ཆོས་སློབས་སྒྲོ་དོགས་ཆོད་པ་བྱས། ཞེས་འཁོད་་་༽་་་

 

སྙེ་མོ་རྫོང་ར་མང་ཞེས་པར་ས་སྟག་༩༩༠ལོར་ཡབ་རིགས་རུས་ཁྱུང་པོ་སྟག་སྐྱེས་དང་ཡུམ་བཀྲ་ཤིས་གཉིས་ཀྱི་སྲས་སུ་འཁྲུངས་ལོ་བཅུ་ནས་བྲིས་དང་ཡིག་རྩིག་མཁས་པར་གྱུར་བཅུ་གཉིས་ནས་ཕ་ཆོས་གཡུང་དྲུང་བོན་སྒོར་ཞུགས་ཏེ་རྫོགས་ཆེན་སྦྱོང་བཙོན་དང་སྒོམ་སྒྲུབ་ཉམསལེན་བྱས་དེ་ནས་རྙིང་མའི་ཆོས་ལ་སྦྱོང་པ་བྱས་དེ་ནས་རྒྱ་བལ་ཡུལ་ལ་སོང་ནས་ཆོས་ཞུས་དེ་ནས་དགུང་ལོ་༡༣༡བཞེས་པའི་ལྕགས་གླང་༡༡༢༡ ལོར་གཙང་གཡས་རུ་ཤང་རྣམ་གླིང་རྫོང་དུ་གཞོང་གཞོང་དགོན་པ་ཕྱག་བཏབ་ནས་ཤང་པ་བཀའ་རྒྱུད་ཀྱི་གྲུབ་མཐའི་སྲོལ་གཙུག་སྟེ་སྔ་ཕྱིར་སློབས་མ་ཁྲི་ཕྲག་བརྒྱད་ཙམ་སྐྱོང་ནས་བསྟན་པ་སྤེལ་དེ་ནས་དགུང་ལོ་༡༦༠ བཞེས་པའི་ལྕགས་རྟ་ ༡༡༥༠ ལོར་ཞིང་ལ་ཕེབས།                               མི་ལ་རས་པ་ཡབ་ཁྱུང་པོ་མི་ལ་ཤེས་རབ་རྒྱལ་མཚན་གྱི་སྲས་སུ་འཁྲུངས་ཆུང་ནས་བོན་སྒོར་ཞུགས་ཏེ་ཡིག་རྩིས་སློབས་དེ་ནས་མཐུ་རྒྱབ་ཏེ་མི་མང་པོ་བསད་པས་འགྱོད་པ་སྐྱེས་མར་པ་ལོ་ཙ་ལ་ཆོས་ཞུས་དཀའ་སྤྱད་ཀྱི་ཉམས་ལེན་བྱས་བཀའ་རྒྱུད་ཀྱི་གྲུབ་མཐའི་སྲོལ་གཙུག་པའོ།  

 

ཁྱུང་པོ་སྟོང་རྒྱུང་རིང་མོའི་ཚེ་སྨད་ལ་ཞང་ཞུང་བོད་ལ་ངོ་ལོག་པ་གསལ་ཏེ་ ཁྱུང་རབས་་་་༼་་་་མ་་་་་༽་་་་ལས་་་་༼་་་་ཁྱུང་པོ་སྟག་སྒྲ་དུན་ཙུག་གི་ཞང་ཞུང་གི་རྒྱལ་ས་ཡུན་རིང་བཟུང་ནས་དེའི་གདན་ས་ཁྱུང་པོ་སྟོང་རྒྱུང་རིང་མོའི་བཟུང་བས་དེའི་ཚེ་སྨད་ལ་ ཞང་ཞུང་ཡུལ་སྟོད་ནས་ཞང་ཞུང་གི་རྒྱལ་རྒྱུད་མི་ལྡང་ལྟ་བྱ་བ་དང་ཞང་ཞུང་ཡུལ་སྨད་ནས་མི་ལྡང་མིག་ལྟ་བྱ་བ་གཉིས་ཀྱི་ངག་རྒྱུད་ནས་ཚ་བོའི་ཞང་གི་རྒྱལ་ས་བཟུང་བ་མི་རིག་ཟེར་ནས་དམག་བསྡུས་ཏེ་སྟོང་རྒྱུང་རིང་མོ་ལ་དམག་རྒྱོབ་པས་སྟོང་རྒྱུང་རིང་མོའི་ཞང་ཞུང་གི་རྒྱལ་ས་དོར་ནས་ཕྱིར་་བྲོས་པའི་ལམ་དུ་གྲུབ་རྟགས་སུ་ཞབས་གཉིས་སྦ་བེར་དང་གསུམ་ས་ལ་གར་སྤོས་མེ་ཏོག་ལམ་ལམ་བརྡོལ་བའི་ཞང་ཞུང་དམག་གི་རྗེས་བཙལ་ནས་དེད་པས་་་་་༼་་་་རྣལ་འབྱོར་ལ་རྟགས་མི་འདོད་ཀྱང་རྟགས་ཀྱི་རྣལ་འབྱོར་འདོད་ཟེར་བའི་གཏན་ཚིག་ཀྱང་བྱུང་་་་་༽ཁོང་བྱང་རྒྱུད་ནས་མདོ་ཁམས་སུ་བྱོན་རྨ་ཆུ་སྟོད་ནས་ཆུ་གཞུང་རྒྱུད་དེ་བྱོན་པས་བཀྲ་རི་ལྷ་མཚོ་ནས་རྗེས་བོར་དེར་ཕོ་བྲང་བཏབ་ནས་བཞུགས་སྟོང་རྒྱུང་རིང་མོའི་སྲས་གསུམ་ལས་ཆེ་བ་ཁྱུང་སྒོམ་མུ་ལང་། འབྲིང་བ་ཁྱུང་འཕག་ཁྲ་མོ།  ཆུང་བ་ཁྱུང་སྡེར་སྔོན་མོ་དང་གསུམ་འཁྲུངས་སོ་་་༼་་་སྟོང་རྒྱུང་རིང་མོ་དང་ཁྱུང་སྒོམ་མུ་ལང་བར་ལ་དུས་ཚོད་ཤིན་ཏུ་རིང་བའི་ཁྱུང་བླ་རྣམས་ཚེ་ཡི་རིག་འཛིན་གྲུབ་པས་དབང་གིས་སམ་ཡང་ན་དེའི་བར་ན་གདུང་རབས་སྲས་རྒྱུད་འགའ་ཤས་བྱོན་ཡོད་པ་འཕྱང་མོ་ཉུག་ 

 

གདུང་རབས་སྲས་རྒྱུད་འགའ་ཤས་བྱོན་ཡོད་ན་ནི་སྲས་ཆེ་བའི་རྒྱུད་ལས་ཁྱུང་སྒོམ་མུ་ལང་འཁྲུངས་སྲས་འབྲིང་བའི་རྒྱུད་ལས་ཁྱུང་འཕག་ཁྲ་མོ་སྲས་ཆུང་བའི་རྒྱུད་ལས་ཁྱུང་སྡེར་སྔོན་མོ་བྱོན་པ་ཡིན་ནམ་སྙམ་་་་༽་་་་ཁྱུང་སྒོམ་མུ་ལང་སྐུ་མཆེད་འཁོར་བཅས་ཁྱུང་པོ་མང་རབས་གཅིག་དང་པོ་མངའ་རིས་སུ་བྱོན་དེ་ནས་གཙང་དང་དབུས་སུ་བྱོན་དེ་ནས་ལྷོ་རྒྱུད་ནས་ཀོང་པོར་བྱོན་དེ་ནས་སྤོ་བོ་ལ་ནག་ཏུ་བྱོན་ལ་ཁའི་གངས་མ་ཤོགས་ནས་ཁྱུང་པོ་འགའ་རེ་ཕར་སོང་དབུས་གཙང་དུ་བཞུགས། མུ་ལང་ཡབ་སྲས་ཚུར་བྱོན་དེར་ཐམས་ཅད་འཐོར་བའི་ཁྱུང་འཐོར་ལ་རུ་གྲགས་སོ༎ ས་དེར་ཨུ་རི་ཨ་མཚོ་ཡ་གཞེར་རྒྱ་སྒ་སོགས་མུ་ལང་ཡབ་སྲས་ལ་མགོ་བཏག་ནས་མི་ཉན་ན་གཡོགས་བྱེད་ ཁྱི་ཉན་ན་སྒོ་ཁྱི་བྱེད་པར་ཁས་བླངས་སོ༎ཐུགས་དམུག་པོ་བྱུང་ནས་གླུ་བླང་པ། 

 

ཧེ་ཀྱེ།  ང་ལྷ་ཁྱུང་སྤྱི་རྗེ་མངའ་དབང་ཅན། དུས་ཡང་ཡང་འཁྱམས་ན་གང་འདྲ་བྱེད། སེམས་སྐྲུགས་སྐྲུགས་འཁྲུག་ན་གང་འདྲ་དྲན། གོམ་ཡང་ཡང་སྤོས་ན་གར་ན་རྩིབ། ཨ་ཅང་ཀུ་རེའི་དོན་གཅིག་སྨྲ། ནུབ་དུང་དཀར་དགྲ་རུ་ལང་པ་ལ།  ཤར་ཆུ་སྲིན་སྟེང་ན་བྲོ་གར་འགྱིང་།  བྱང་བཙན་དམར་ཁ་ཤོའི་འཇིགས་པ་ལ། ལྷོ་ཆུ་ཟོར་ཨ་ཡི་གཟེར་མནན་འདེབས།   ཉ་རོ་སྐམ་སར་ཐོན་པ་ལ།  འུག་པ་སེར་པོའི་རྐན་སྒྲ་རྡེབས། གྱིམ་ཤོད་ཨ་པར་གྱི་གྱི་ལ། བློ་འགྱོད་ཡང་ཡང་འཁྱོར་ལད་བྱེད།  རྒྱ་རྗེ་ཉི་མ་འབྲུག་གྲགས་དང་།  ང་གཉིས་གདན་ས་བརྗེ་བསོར་བྱེད།  ལས་དོན་ཆེན་འགྲུབ་པའི་སྨོན་ལམ་འདེབས།  སྤྱི་ར་རྩ་རྫོང་མགོ་བྱ་བ་ན།  ཐེབས་མ་ཐེབས་ཕུར་པ་བྲག་ལ་འདེབས༎ཞེས་སྨྲས་སོ་ཁྱུང་སྒོམ་མུ་ལང་འབྲི་ཆུ་རྒྱུད་བཞིན་རག་ཐག་བསྐོར་དུ་བྱོན་ནས་བཞུགས།  སྐབས་ཤིགས་བཀྲ་རི་ལྷ་མཚོ་རུ་ཡབ་མཇལ་དུ་འགྲོ་དགོངས་པ་ལ་ཡབ་ཀྱི་མཁྱེན་ནས་རག་ཐག་ཞེས་པའི་ས་གནས་བྱ་ཁྱུང་འདྲ་བ་ན་སྡོད་ཁྱོད་ཀྱི་མི་རྒྱུད་ཀྱི་བསྟན་པ་དེ་ན་ཡོད་གསུངས་སོ༎

 

ཐ་སྟག་ཁྱུང་འཕག་ཁྲ་མོ་མདོ་སྨད་གཉེན་གེ་ཏོའི་རྩ་བར་ཕེབས་གྲུབ་རྟགས་སུ་པོམ་རའི་རྩེ་ནས་གཡུ་འབྲུག་བཅིབ་སྟེ་རྒྱལ་རོང་དུ་བྱོན་ཏེ་ལྷ་མོ་མདང་ལྡན་མ་ཁབ་ཏུ་བཞེས་པས་དེ་ལ་བུ་འབོར་གཡུང་དྲུང་བུ་བཞི་སོགས་གྲོལ་ཏེ་རྒྱལ་ཁྱུང་རྩ་བའི་རྒྱུད་པ་རྣམས་བྱུང་ངོ་།       བསྟན་འབྱུང་ཁག་ལས་ཐ་སྟག་ཁྱུང་འཕག་ཁྲ་མོ་ནི་འདི་རང་དུ་ངེས་སོ།  ཁྱུང་པོ་ཁྱུང་སྡེར་སྔོན་མོ་བཀྲ་རི་ལྷ་མཚོ་རུ་ཡབ་ཀྱི་གདན་ས་བཟུང་དེའི་གདུང་རྒྱུད་མདོ་སྨད་དུ་ཆད་ནས་བསམ་གཏན་སྤེལ་མདོའི་ས་ཆ་བཟུང་ངོ་། མི་རྒྱུད་མྱེས་ནི་རྒྱལ་བ་དཔལ་དང་ཤེས་རབ་དཔལ་དུས་ནས་བན་ཤལ་ལས་སོགས་ཀྱི་ལས་དཀའ་དང་ལས་ཐམ་སྟག་མགོ་ནོར་བུ་གཅིག་པ་བཟུང་བ་ཡོད་པ་དང་བླ་མ་རྒྱལ་མཚན་རིན་པོ་ཆེ་བྱ་བ་བན་ཤལ་གྱི་ལས་དཀའ་བཟུང་ནས་རྒྱལ་པོའི་དབུ་ཐོག་ཏུ་གསེར་གྱི་བུམ་པ་བཞག་པའི་རྒྱུད་པ་ཡོད་དོ།  མ་ཁྱུང་ནག་རག་མོ་ཆེ་བྱ་བ་མདོ་སྨད་དུ་ཕྱིན་པའི་དེའི་བུ་རྒྱུད་ལ་ཨ་ཤོ་འབྲུ་ཤོ་ཁྱུང་ཁ་ལ་ར་ཤོ་བྱ་བ་ལས་སོགས་ལས་གྱེས་པའི་འགམ་བུ་ཨ་ཐོག་ལ་སོགས་བེ་རུ་ཁྱུང་ཚ་ཐམས་ཅད་ཡིན་ནོ།  མུ་ལང་གི་སྲས་ཁུ་བྱུག་པ་དེའི་སྲས་ཆེ་བ་སྟག་པ་ འབྲིང་བ་ཟུར་དཀར་བའི་རྒྱུད་ཀྱི་ཏྲེ་ཤོད་བཟུང་བའི་ཏྲེ་ཁྱུང་དུ་གྲགས་ ཆུང་བ་མདོ་བཀྲ་བའི་མི་རྒྱུད་སྨར་ཁམས་སུ་ཆད་པའི་སྨར་ཁྱུང་དུ་གྲགས་  ཆེ་བ་སྟག་པའི་སྲས་མྱེས་ཚབ་དེ་ལ་འདན་བཟའ་བླང་པའི་སྲས་ཆེ་བ་སྟོན་འབར་ དེ་འོག་དམ་པ་ཁྱུང་སྒོམ་  དེ་འོག་ཨ་ལུག་  ཆུང་བ་མཁས་པ་ཁྱུང་དབུས་དང་བཞི་ལ་འདན་ཚ་འམ་འདན་ཁྱུང་དུ་གྲགས་སོ། ཁྱུང་རབས་་་་༼་་ག་་་༽་་ལས་་་༼་་་འདན་ཁྱུང་གི་རྒྱུད་ལ་བསྟན་པའི་སྲོལ་ཁ་རྒྱ་ཆེན་པོ་གཏོད་པ་ནི་དམ་པ་ཁྱུང་སྒོམ་ཡིན་ཏེ་ དེ་ཉིད་དང་པོ་དབུས་ཀྱི་འདམ་སྙིང་དྲུང་བར་དུ་བྱོན་ཞུ་སྐྱེ་སེ་ཆེན་པོ་ལ་གཏུག་དགོང་པའི་་་༼་་་་དཔལ་ཚུལ་བསྟན་འབྱུང་ལས་ཡར་འབྲོག་མེ་སྟོན་ཤེལ་འོད་རབ་བྱུང་དང་པོའི་ས་ཁྱི་་་་༼་་་་༡༠༥༨་་་༽་་་ལ་འཁྲུང་དགུང་ལོ་ཉེར་གཅིག་ས་རྟ་་་་༼་་་༡༠༧༨་་་༽་་ ལོར་སྐྱེ་སེ་འདས་ནས་བདུན་ཚིག་བཞུགས་པར་གསལ་་་་༽་་་་སྐྱེ་སེ་འདས་པའི་དེའི་སློབ་མ་གཙང་པ་ར་སྟོན་ཕྱིར་བྱོན་པ་དང་མཇལ་བའི་དགའ་ཞིང་བོན་གྱི་དབང་ལུང་མང་དུ་ཞུས་འགར་སྒོམ་འབུམ་ཆུང་ལ་གཏུག་ནས་ཡང་ཞུན་སྐོར་གསུམ་ལས་སོགས་ལོང་ མི་ལ་རས་པ་་་་༼་་་་༡༠༤༠ལྕགས་འབྲུག་ལ་འཁྲུང་་་་༽་་་བོན་པོ་ཡིན་དུས་མཇལ་དེ་ལ་དབུས་གཏེར་གྱི་བོན་འགའ་ཞིག་ཞུས་མར་བྱོན་འདམ་རྒྱུད་དུ་ལོ་དགུ་སྐུ་མཚམས་བསྡམ་སྟེ་ཀུན་བཟང་ཡང་ཞུན་ལ་ཐུགས་དམ་མཛད་པའི་ཀུན་བཟང་གི་ཞལ་མཇལ་སྲིད་རྒྱལ་གྱི་ལུང་བསྟན་ནས་ཉི་མ་ཤར་དུ་སོང་དང་འགྲོ་དོན་འཕེལ་བར་འོང་ཅེས་པའི་མདོ་སྨད་དུ་བྱོན་རབ་བྱུང་དྲོངས་སྲོང་ཡིན་ཀྱང་འཚམས་སྐྲ་རལ་པ་ཐོར་ཅོག་ཡོད་པ་བཀའ་རྒྱུད་རྣམས་ཀྱང་ཐོར་ཅོག་ཅན་གྱི་སྲོལ་འཛིན་པ་ཡིན་སློབ་མ་སེ་འཕག་ཆེན་པོ་ལ་ཁྱོད་དར་གྱི་སྙན་མོ་རི་ལ་ཟླ་བ་བརྒྱད་སྒོམ་དང་གྲུབ་པ་ཐོབ་ནས་བསྟན་པ་རྒྱ་ཆེན་པོ་འོང་གསུང་དེ་ལྟར་བྱས་པའི་གསུང་པ་ལྟར་བྱུང་བོབ་ཤི་རྨང་པོ་བཟའ་མི་གཉིས་ཀྱི་རྨོང་མདུད་བཀྲོལ་བའི་སྨོན་ལམ་ཞུས་པའི་བཟའ་ཕ་ཁྱེད་རང་གཉིས་བསམ་པ་འགྲུབ་པར་འདུག་སང་ཕོད་བུ་གཅིག་སྐྱེ་བ་དེ་བླ་མ་འོངས་བར་འདུག་བོབ་ཤི་བླ་མ་བསམ་འགྲུབ་ཐོག་གསུང་ཕྱིས་དམ་པ་ཁྱུང་སྒོམ་མ་འདས་བར་དུ་སྐུ་ལ་གྲིབ་མ་བཞིན་དུ་འཁོར་བ་བོབ་ཤི་བླ་མ་བསམ་འགྲུབ་ཡིན་དོ་ཁོང་འབང་སྐྱོབ་ཚང་གི་ཉེ་སར་ཞག་མལ་མཛད་པའི་ཁ་བ་ཆེན་པོ་བབས་པས་དམ་པ་ཁྱུང་སྒོམ་བཞུགས་སར་ཁ་བ་ལུག་ལྷས་ཙམ་ཞུ་ནས་ནག་ལྡེམས་སེ་རླུང་པ་ཕ་ལ་ལ་སྣང་འབང་སྐྱོབ་ལ་བུ་མེད་པའི་ནོར་གྱི་སྨོན་ལམ་ཞུས་པའི་སང་ཕོད་ཁྱོད་ལ་བུ་གཅིག་སྐྱེ་བའི་སྤྲུལ་སྐུ་སྣང་ཞིག་བྱ་བར་ཐོག་གསུང་ཕྱིས་དར་གྱི་སྙན་མོ་རི་ལ་དམ་པ་ཁྱུང་སྒོམ་གྱིས་ངོ་སྤྲོད་ཚིག་བཞི་གནང་བའི་སྣང་ཞིག་གྲོལ་བ་ཐོབ་བོ།  ག་ཤུ་ཁོག་ནས་མགྱོགས་ཆུ་སྔོན་མོ་བྱ་བའི་ས་དེར་ཕུག་དགོན་མཛད་ནས་བཞུགས་པའི་ཡོན་བདག་དོ་ཁོང་མི་སྡེ་ནས་འབྲི་མ་བརྒྱ་བུ་བརྒྱ་ཕུལ་བ་དེ་ལྡོང་མཚམས་པའི་བན་དེ་བར་སྟོན་དེས་དེད་ནས་དམ་པ་ཁོང་བསྒྲུང་དུ་ཡོང་བས་ཁོང་གི་མཁྱེན་ཏེ་ཡང་དབེན་རྫུ་འཕྲུལ་ཕུག་པར་ཡིབ་པའི་བསྒྲུང་མ་ཐུབ་ དམ་པའི་མཐུ་མ་བྱེད་གསུང་ཀྱང་དོ་ཁོང་སྨོན་རྒྱལ་གྱི་སྔོན་མོ་འབྲུག་མགོ་མངོན་སུམ་རྦད་དེ་བན་དེ་བར་སྟོན་གྲུབ་ཐོབ་དེ་འཁོར་དང་བཅས་པ་ཁ་ཕུང་དུ་བཏང་ངོ་དེའི་དཔོན་རྒྱུདཨ་མཚོ་ལས་སོགས་མི་སྡེ་ཁག་གཅིག་ཞབས་མི་རུ་གྱུར་ཚབ་བེ་ཁྲོམ་ཚང་ལས་སོགས་མི་སྡེ་ལ་ལ་ནི་དང་པོ་ཡོན་བདག་ཡིན་པ་དེ་ཕྱིས་ཧོར་གྱི་མི་ཆེན་རྣམས་ཀྱི་དབང་ཡོན་དུ་ཕུལ་བར་སྣང་ཕྱིས་རྨ་ཆུ་རྒྱུད་མགྱོགས་ཆུ་སྔོན་མོའི་གཡས་ཟུར་དུ་འདས་གདུང་ལ་མེ་རང་འབར་བྱུང་ངོ་།་་་་༽་་་ཞེས་དང་དམ་པ་ཁྱུང་སྒོམདང་་ཞུ་སྒྲོལ་བ་ཡར་མེ་བ་བཅས་དུས་རག་པ་མཉམ་མོ་དམ་པའི་སྐུ་ཚེའི་སྨད་ཙམ་ལ་དོ་ཁོང་ཚོ་གསུམ་ཁྱུང་ཡུལ་འདིར་ཡོང་བ་མངོན་ཏེ་དོ་ཁོང་མི་རབས་རྩ་འཛིན་ལས་་་་༼་་་་ཡུལ་ལ་ཧོར་གྱི་དམག་རྒྱུབ་ནས་དོ་ཁོང་ཚོ་གསུམ་སུམ་པ་གླང་གི་གྱིམ་ཤོད་རྫོང་ལ་ཕེབས་༽ཞེས་གསལ་ལ་དོ་ཁོང་མི་རྒྱུད་ལས་སྟེང་ཆེན་དུ་དོ་ཁོང་བླ་རབས་བཅོ་བརྒྱད་དང་དོ་ཁོང་གཡུང་དྲུང་ཚེ་དབང་བློ་ལྡན་སོགས་སྐྱེས་བུ་མང་དུ་བྱོན་ནོ། ཡང་ཁྱུང་རབས་་་་༼་་་ག་་་་༽་་་ལས་་་༼་་་་དེའི་གཅུང་པོ་མཁས་པ་ཁྱུང་དབུས་དེ་ཡང་གཙང་དུ་བྱོན་ཞུ་སྒྲོལ་བ་་་༼་་་་༡༠༨༡ལྕགས་བྱ་ལོར་འཁྲུངས་་་་་༽་་་ཡང་རྟེན་འབྲེལ་གྱི་ཞལ་མཇལ་ཏེ་ཕྱིར་བྱོན་ལམ་དུ་ཞུ་ཆེན་ཡེ་ཤེས་རིན་ཆེན་༼༡༡༢༣རབ་བྱུང་གཉིས་པའི་ཆུ་ཡོས་ལ་འཁྲུངས་་་་༽་་་ཡང་མཇལ་ནབ་བཟའ་བཏེང་པའི་སྟེང་བཞུགས་སུ་བཅོལ་ཆབ་གཏོར་རྩིས་མགོ་བདུན་པའི་ལུང་མནོས་ང་ལ་དུས་ཚོད་ཀྱི་མཁོས་ཁ་བྱུང་ན་རྩ་བའི་བླ་མ་བུ་ཆུང་ཁྱེད་ལ་བྱེད་པ་ཡིན་གསུང་ཞུ་ཁྱུང་ཉི་ཟླ་ཟུང་འབྲེལ་ལ་སྔ་བ་ཡང་དེ་ཡིན། དེའི་གཅེན་པོ་སྟོན་ལུག་གི་སྲས་བཀྲ་ཤིས་འབར་ལ་རྒྱུད་མེད་ཆེ་བ་སྟོན་འབར་གྱི་སྲས་སྟོན་ཐར་ཡིན་མཁས་པ་ཁྱུང་དབུས་རྨ་པོམ་ར་ན་བཞུགས་པ་སྟོན་ཐར་མཇལ་དུ་ཕྱིན་པའི་ཁྱུང་དབུས་ཀྱི་དངུལ་བྲེ་གཉིས་གནང་ཏེ་གཅིག་ཁྱེད་རང་མ་བུའི་འཚོ་བརྟེན་གྱིས་གཅིག་དེ་རྒྱ་ཡི་བུ་མོ་རེ་བཟའ་མའི་ཕ་མར་བྱིན་ལ་བུད་མེད་དེ་ལོང་དང་བསོད་ནམ་གཅིག་འོང་བར་འདུག་གསུང་དེ་ལྟར་བྱས་པའི་རྒྱ་བཟའི་ཁྱིམ་དུ་སླེབས་པའི་ནུབ་མོ་རྒྱ་སྟག་དྲུག་གི་བསྐོར་བ་རྨིང་སྐད་ཕྱིས་དེ་ལ་སྲས་དྲུག་འཁྲུངས་པའི་ཆེ་བ་སྟོན་སྲས་དེའི་འོག་ཁྱུང་དབུས་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་བཙུན་པ་ཡིན་

 

དེ་འོག་དམ་པ་བང་ཁྲ་བཙུན་པ་ཡིན་ དེའི་འོག་དཔོན་དགེ་དེ་འོག་དཔོན་དབུས་ཆུང་བ་སྟོན་འབུམ་དང་དྲུག་ལ་རྒྱ་ཚ་སྤུན་དྲུག་ཟེར་ཆེ་བ་སྟོན་སྲས་ཀྱི་ལྕམ་སྟག་བཟའ་ལ་སྲས་ ཁྱུང་ཨ་བླ་འཁྲུང་ཆེ་འོག་ཁྱུང་དབུས་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་གྲྭ་བཙུན་འཁོར་དང་བཅས་པ་མདོ་སྨད་ནས་དབུས་གཙང་དུ་བྱོན་སྔར་མཁས་པ་ཁྱུང་དབུས་ཀྱི་མཚོ་སྐྱིལ་བའི་ཁྱུང་པོའི་རྫིང་མོ་ཆེ་་་་༼་་་་་སྟེང་ཆེན་ཁར་མཚོ་ཆུང་གཅིག་དུས་ཕྱིས་བར་དུ་ཡོད་ཟེར་་་་་༽་་་རུ་གྲགས་པའི་རྩར་ཞུ་སྒྲོལ་བ་གདན་དྲངས་ནས་རྫིང་ཆེ་མོ་འདིའི་ཁར་སྔར་མཁས་པ་ཁྱུང་དབུས་དང་ཞུ་སྒྲོལ་བ་གཉིས་ཀྱི་ཞལ་ལྟ་བྱོན་ཚུལ་དང་ཞུ་བ་འབུལ་ཚུལ་གསུང་གླེང་རྣམས་དྲངས་ནས་མཇལ་བ་དང་དེར་ཁྱུང་དབུས་རིན་པོ་ཆེའི་ལུག་ཤ་གཟུགས་བརྒྱད་ཀྱི་ཤ་སྐམ་དང་རྒྱུ་རྫས་ཚན་ཆེན་ཕུལ་བའི་མ་ཚད་འབུལ་བ་ཆེ་ཤོས་ཁམས་པའི་སྡེ་མང་པོ་དེའི་ལོ་གཅིག་གི་ཞིང་འབྲོག་གཉིས་ཀྱིས་གཏེ་ཁྲལ་ཚང་མ་ཞུ་སྒྲོལ་བ་ལ་ཕུལ་བར་གྲགས༎ དེ་ལྟར་མཁས་པ་ཁྱུང་དབུས་དང་ཁྱུང་དབུས་ཤེས་རྒྱལ་གཉིས་ཀྱི་རིང་ལ་གྲྭ་བུ་སློབ་ཀྱང་གྲི་དབུས་སྙི་དབུས་རྩེ་དབུས་ཁྲོམ་དབུས་ལས་སོགས་དབུས་མིང་ཐོག་པ་བཅོ་བརྒྱད་ཀྱི་ཐོག་དྲང་ཁམས་པའི་བོན་པོའི་དབུས་གཙང་བསྐོར་བའི་སྲོལ་གཙུག་ཁྱུང་དབུས་རིན་པོ་ཆེས་ཞུ་སྒྲོལ་བ་མཇལ་གཏུག་པ་ཞུ་ཆེན་ཡེ་ཤེས་རིན་ཆེན་་་་༼་་་་་

 

༡༡༢༣ཆུ་ཡོས་་་་༽་་་་་ལ་བྱས་གསུང་རབ་མདོ་གམ་ན་བཞེང་པར་དགོང་ནས་རྒྱུ་ཡི་ཁམས་ཆེན་ནག་ཕྲན་མ་བཞེང་ཏེ་གཤེན་སྟོན་ནམ་མཁའ་་་་༼་་་་་་༡༠༩༤རབ་བྱུང་གཉིས་པའི་ཤིང་ཁྱི་ལོར་འཁྲུང་་་་་༽་་་དང་ཞིག་ཁྱུང་ནག་་་་་༼་་་༡༡༠༣རབ་བྱུང་གཉིས་པའི་ཆུ་ལུག་ལོར་འཁྲུང་་་་༽་་་སོགས་བྲུ་ཞུ་བླ་མ་མང་པོའི་ཕྱག་ནས་འཐོར་ལམ་བར་དུ་རྐོང་དགོན་པར་བཤམས་པའི་བན་དེ་རྣམས་ཀྱིས་ལྷ་ཁང་གི་ཆོས་བརྩིག་ཞབས་སུ་མནན་པ་ལ་བཀའ་སྲུང་བོན་སྐྱོང་གིས་འཕྲག་དོག་གི་ལྷ་ཁང་དང་ཆོས་བརྩིག་བཅས་པ་ཐོག་གི་གཏོར་ནས་ཁམས་ཆེན་སྟེང་དུ་ཐོག་ཆུ་འཁྱིལ་ནས་སྣང་བའི་བན་དེ་རྣམས་ཀྱི་དགོན་པའི་མར་ཕྱོགས་ས་སྟོང་དུ་ཁམས་ཆེན་དེ་བརྩིག་ནས་བཞག་པའི་དབྱར་ངོ་གཅིག་གི་རིང་ལ་ཀུན་ཀྱི་མཐོང་སར་བོན་སྐྱོང་རྣམས་ཀྱི་བླ་བྲེ་ཕུབ་ནས་ཆར་འབྲུ་གཅིག་ཀྱང་མ་ཕོག་པའི་ཁམས་ཆེན་དེ་ལ་མེ་རྡུག་ཆུ་རྡུག་ཐོག་རྡུག་དུ་གྲགས་ཤིང་མདོ་གམ་བས་ཁམས་ཆེན་བཞེང་པ་ལ་དེ་བས་སྔ་བ་མེད་ཟེ

 

ར་ཁྱུང་དབུས་རིན་པོ་ཆེས་ཁམས་ཆེན་ནག་ཕྲན་མ་བཞེང་ནས་འབྲི་བཞེང་གི་སྲོལ་གཙུག་ཁོང་ནི་མདོ་གམ་སྟོད་སྨད་གར་ཡང་བྱོན་ཡི་དམ་ཞི་ཁྲོའི་ལྷ་ཞལ་དུ་མ་གཟིག་དབུ་མཛད་ག་མིག་གི་བུ་མགོན་ཐར་བྱ་བ་གཅིག་གི་རྟ་གཅིག་ཕུལ་བ་དེ་འགྲོས་ཀྱུག་ཀྱུག་རྒྱུག་སྟེ་མི་ཡི་གཉའ་བ་ནས་འགམ་ནུས་པའི་རྟ་འདི་གང་ལས་རྩལ་ཆེ་བ་ཁྱུང་འདྲ་བ་གཅིག་འདུག་པའི་མིང་རྟ་རྗེ་ལྡིང་ཁྱུང་ཐོག་གཅིག་གསུངས་བ་ལའི་དུས་སུ་རྟ་མ་བུ་གཉིས་ལྕགས་སྦྲེལ་བྱས་པའི་གཉིས་ཀ་དགུན་སྟོད་བོར་ཕྱིས་དཔྱིད་ཀ་ཆུ་དར་ཞིག་གི་ཞབས་ནས་སྙེད་ མ་མཁོ་དུས་ནག་ནང་རི་གསེབ་དུ་འགྲོ། དགྲ་དང་གཅན་གཟན་གྱི་མི་མཐོང་། ལྡིང་ཁྱུང་ལ་རྩལ་དང་མངོན་ཤེས་ཡོད་གསུང་སོ༎ དེ་ལྟར་ལྷ་ཆོས་པ་གསུམ་ནག་གུར་ཞིག་ལ་བརྟེན་ནས་སྒར་པ་ཕར་ཆེར་དབུས་ཀྱི་བྱེའུ་ལུང་མདའ་ལ་བཞུགས་པའི་ཇ་ལོ་འཕོས་པ་དེའུ་བུར་ཙམ་ཡོད་་་་༼་་་་་ད་ལྟའི་སྦྲ་ཆེན་རྫོང་སོག་གྲུ་ཁུག་ལ་ཟེར་་་་༽་་་དུས་དེ་ཙམ་ན་མོང་གོར་རྒྱལ་པོའི་་་་༼་་་སོག་པོ་ལ་ཟེར་་་་༽་་་རྒྱལ་ཁྲིམས་རྒྱུག་པའི་དུས་ཡིན་པའི་ཁྱུང་པོ་དཔོན་དགེ་དང་དཔོན་དབུས་གཉིས་ལ་འཇའ་ས་གསེར་གྱི་ཨེན་ཆེན་དང་གནམ་དོན་ཡོད་ཀྱི་ལས་དཀའ་ རྣམས་བསྐོས། སྟོད་ཡེ་རྩེ་རྒྱལ་ས་ཕྱིན་ཆད་སྨད་རྒྱ་ཇིང་གེར་གྱི་རྒྱལ་ས་ཡན་ཆད་ལ་དོན་ཡོད་

 

་་་༼་་་་་་དཔོན་གནས་ཀྱི་མིང་ཡིན་་་་་་༽་་་་་རྣམས་ཀྱི་ཆེ་བ་དེ་ཁྱུང་པོ་དོན་ཡོད་ཆེ་རུ་ཆུག་གནམ་དང་དོན་ཡོད་མཉམས་པར་མཆོད་ཟེར་བའི་ལུང་ཕོག་ཡོད་ཁྱུང་རབས་ས་ལས་་་་་༼་་་་་་སྐབས་དེར་ཧོར་ཇི་གེར་རྒྱལ་པོའི་འཇང་མེ་ཉག་བོད་ལས་སོགས་ཡུལ་ཁམས་མང་པོར་དམག་དྲོངས་ནས་རྒྱལ་ཁྲིམས་གཙུག་པའི་དུས་ཡིན་པའི་བོད་ཀྱི་བོན་པོ་ལ་ཡང་དོན་ཡོད་ལས་འཛིན་ཉི་ཤུ་རྩ་གཅིག་ཙམ་བྱུང་བས་གཙོ་བོ་ཁྱུང་དཔོན་དགེ་དང་དཔོན་དབུས་བྲུ་ཞུ་སྤ་རྨེའུ་གཤེན་ལས་སོགས་ཀྱི་མདོ་དབུས་ཁམས་གསུམ་དུ་བོན་གྱི་བསྟན་པ་སྤེལ་ཆོག་པའི་གནང་བ་ཐོབ་པའི་མ་ཚད་ཁྱུང་པོའི་དཔོན་དགེ་དང་དཔོན་དབུས་ལ་མངའ་འབང་དང་ས་ཆ་ཡང་རྒྱ་ཆེན་པོ་ཕུལ་ལོ།་་་་༽་་་་ཞེས་དང་ཡང་དེ་ལས་་་་་༼་་་་་་དམ་པ་བང་ཁྲ་ཆེར་སྐྱེས་ནས་གྲོངས་པའི་སྐུ་འབུམ་བཞེང་པ་ལ་ཕྱིས་སུ་བརྟེན་བང་བཀྲ་མ་ཞེས་སུ་གྲགས་་་་༽་་་་ཞེས་དང་ཁྱུང་རབ་མ་ལས་་་༼་་་་་རྒྱ་ལ་དེའི་དུས་ལ་རག་ཐག་བསྐོར་ཡང་བཏང་ཞིང་རྒོད་ཚང་ནས་་་་་༼་་་་་་རྒོད་ཚང་ནི་སྔར་ཚོ་པ་སོ་དགུའི་ས་སྐོར་ལ་འབོད་སྲོལ་གཞན་ཞིག་སྣང་་་་་༽་་་་བསུས་ཡང་ཟེར་སྤྱི་ཡི་ར་ཙ་རྫོང་འགོ་བྱ་བ་ན་བཞུགས་་་་་་༽་་་་་ཞེས་དང་སྐབས་དེར་ཁྱུང་པོའི་མངའ་ཁོང་ས་ཆ་ད་ལྟའི་སྟོད་ནས་ལྷ་རི་འབྲི་རུ་སྙན་རོང་སོག་རྫོང་སྦྲ་ཆེན་སྟེང་ཆེན་རི་བོ་ཆེ་ནང་ཆེན་ལྷོ་རོང་དཔལ་འབར་བྲག་གཡབ་གོ་འཇོ་སྨར་ཁམས་འཇོ་མདའ་རྫ་སྟོད་རྡོར་ཤུལ་སྟོད་སྨད་བཅས་ཀྱི་ས་ཆ་ཕལ་ཆེར་ལ་མངའ་དབང་བསྒྱུར་བར་བཤད་ཁྱུང་རབས་་་་་༼་་་་་ས་་་་་༽་་་ལས་་་༼་་་་

 

སྨད་རྒྱ་སྟོན་ལ་སྨད་ཤོག་དྲུག་ཏུ་ཕྱེས་སྡེ་དགེ་རུ་ལ་གཡས་རུ་དང་གཡོན་རུ་ཕྱེས་༽ཞེས་དང་ཁྱུང་རབས་་་་་༼་་་་་མ་་་་༽་་་་་ལས་༼ལྡོང་ཡར་དེད་དེ་ནི་ཡར་ལ་དེད་རྒྱ་གར་ཆོས་ཀྱི་ས་ཆ་བཟུང་མར་དེད་དེ་ནི་མར་ལ་དེད་རྒྱ་བོད་གཉིས་ཀྱི་ས་འཚམས་བཟུང་ཕར་དེད་དེ་ནི་ཕར་ལ་དེད་དབུས་སུམ་རོང་གསེར་ཁང་གོང་མ་བཟུང་ཤར་གྱི་རྨ་གཉེན་པོམ་ར་བཟུང་བར་ན་ཡུལ་གྲུ་བཅོ་བརྒྱད་བཟུང་ས་ཆེན་པོ་གསུམ་དེ་ལྡོང་གི་བཟུང་རི་གཉེན་པོ་གསུམ་དེ་དབྲ་ཡི་བཟུང་དུད་འབུམ་ཚོ་གསུམ་གྱི་ཆོན་ཐག་སྦྲེལ་་་་༽་་་་ཞེས་དང་ཡང་་་་༼་་་་སྟོད་ན་དབྲ་དཀར་ཚོ་དགུ་ཡོད་ ཚོ་དགུ་མི་ཚད་བཅུ་གཉིས་ཡོད་བར་ན་ཁྱུང་ཁྲ་བུ་དགུ་ཡོད་བུ་དགུ་བས་ཀྱང་བཅུ་གཉིས་ཡོད་སྨད་ན་དབྲ་ནག་ཚོ་དགུ་ཡོད་ ཚོ་དགུ་མི་ཚད་བཅུ་གཉིས་ཡོད་་་་༽་་ཅེས་དང་ཡང་་་་༼་་་དགུ་འབུམ་དབྲ་ལ་ཕྱུག་དྲུག་ཡོད་ བྱས་པ་དཀར་པོ་བོན་གྱི་ཕྱུག་ སྐྱིད་དཀར་ཡོན་ཆེན་ཁྲབ་ཀྱི་ཕྱུག་ སྤྱི་རྗེ་བྱ་རོག་འབྲུ་ཡི་ཕྱུག་ དོལ་པོ་དབང་ཕྱུག་ནོར་གྱི་ཕྱུག་ སྐྱ་གར་ཨ་ཡག་རྟ་ཡི་ཕྱུག་ དབལ་སོ་ཨ་མགོན་གཡུ་ཡི་ཕྱུག་ དེ་དགུ་འབུམ་དབྲ་ཡི་ཕྱུག་དྲུག་ཡིན་ དབྲ་ཆབ་སྲིད་བརྟེན་པའི་རྫོང་བརྒྱད་ཡོད་

 

རྫོང་བརྒྱད་རྫོང་གི་ཡ་ཏ་དེ་ཤེལ་ལེ་སྟག་རྫོང་ཁྲ་མོ་ཡིན་  སོག་གི་སྔོན་མོ་གཡུ་ཡི་རྫོང་ ཤག་གི་སྦང་ངུ་ཆུ་མ་རྫོང ལྷོ་རྟ་ཤོད་ཟ་མ་རི་རྒྱུད་རྫོང་  ཤམ་ཤམ་ར་རྩེ་མདོ་མཁརརྫོང་  བྱ་རྒན་འཁྲུལ་གྱི་གཡག་ལ་རྫོང་  སྤྱི་ཡི་བྲག་ལ་ར་རྩ་རྫོང་  ཝེར་ལ་སྡོང་མཁར་བྲག་འགོ་རྫོང་   དབྲ་ཆབ་སྲིད་བརྟེན་པའི་རྫོང་བརྒྱད་ཡིན་་་་་༽་་་ཞེས་དང་ཡང་་་་༼་་་་ཁྱུང་པོ་ལྷ་ཡི་སྟོན་འདི་ས་གར་སོང་སྟོན་པའི་འདུལ་ཞིང་ཡིན་མི་སུ་གདའ་ཁྱུང་པོའི་སྦྱིན་བདག་རེད་་་༽་་་ཅེས་དང་་་༼་་་་ལྷ་ཁྱུང་མགོ་ཅན་གྱི་བདག་པོ་ཡིན་ འབུམ་ཁ་ཡིག་ཅན་གྱི་བདག་པོ་ཡིན་ སྨད་ཟལ་མོ་སྒང་གི་ཤར་ངོས་ན་ གྱིམ་ཤོད་གནས་་་་༼་་་རི་རྩེ་དྲུག་་་༽་་་ཀྱི་གཡོན་ཕྱོགས་ན་ ལྷ་ཁྱུང་མགོ་འབུམ་གྱི་ཁ་ཡིག་ལྟ་༽ཅེས་མངའ་འབང་མི་སྡེའི་རྒྱ་ཁྱོན་རག་ཙམ་གསལ་ལ་སྟོབས་ཤུགས་གང་ཙམ་ཡོད་པ་ནི་ཁྱུང་རབས་མ་ལས་་་་༼་་་་་མ་སྤུན་ནག་པོ་རྒྱ་ ཁྱིམ་ཚེསཁ་ལེ་མོན་ གཉེན་ཡ་ཇུ་ཁྲི་འཇང་ འཐབ་ཡ་སོག་པོ་ཧོར་་་་༽་་་་བཅས་པའི་གསལ་ཧོར་ཞེས་པ་ནི་ཇག་པ་ལ་འབོད་སྲོལ་ཡོད་དེ་གླིང་སྒྲུང་ལས་དམག་ཇག་ལ་འགྲོ་མཁན་ལ་ཧོར་འདྲ་ཞེས་འཁོད་པས་སོ་   མོང་གོར་ཧན་གྱི་རྩ་ཐང་ཐོག་གནས་པའི་མི་རིགས་སོག་པོའི་དམག་དཔུང་གི་བོད་རིགས་ལས་སོགས་མི་རིགས་གཞན་པ་རྣམས་བསད་འཕྲོགས་བཅོམ་གསུམ་བྱས་ནས་དབང་དུ་བསྡུས་པའི་ཇག་པ་འམ་ཧོར་པ་ཞེས་འབོད་སྲོལ་ཆགས་ཟེར། དེ་ཡང་སོག་པོའམ་ཧོར་གྱི་རྒྱལ་པོ་ཇིང་གེར་ནི་རབ་བྱུང་གསུམ་པའི་ཆུ་རྟ་

 

་་་་༼་་་་༡༡༦༢་་་་༽་་་་ལོར་སྐྱེས་ཆུང་དུས་ནས་ཕ་མ་ཚོ་པ་གཞན་གྱིས་བསད་ནས་དྭ་ཕྲུག་དུ་གྱུར། ཆེར་སྐྱེས་ནས་སོག་པོའི་ཚོ་པ་གཞན་ལ་དམག་དྲངས་ནས་གཅིག་གྱུར་བྱས་ཏེ་མེ་སྟག་་་་་༼་་་་་༡༢༠༦༽ལོར་སོག་པོ་ཡོངས་ཀྱི་རྒྱལ་པོ་བྱས་་་་་༼་་་་༡༢༡༨་་་་༽་་་་ལོར་ཤིན་ཅང་དང་མཚོ་སྔོན་བཅས་དབང་དུ་བསྡུས་དེ་ནས་བོད་ལ་དམག་དྲངས་ནས་བྱང་བརྒྱུད་ཀྱི་ས་ཆ་མང་པོ་བཟུང། དེ་རྗེས་མངའ་རིས་ས་ཁུལ་ཡོངས་སུ་དབང་དུ་བསྡུས་ནས་དམག་གི་འགོ་པ་གཉིས་བསྐོས། ་་་་༼་་་༡༢༢༡་་་་༽་་་ལོར་སོག་པོའི་ད་ལྟའི་དཀར་མཛེས་ཀྱི་ཨ་མདོ་དང་ཁྱུང་པོ་སོགས་མདོ་ཁམས་ཀྱི་བོད་རིགས་ཚང་མ་དབང་དུ་བསྡུས། མེ་ཕག་་་་་༼་་་༡༢༢༧་་་་༽་་་་ལོར་ཧོར་ཇིང་གེར་རྒྱལ་པོ་འདས། དེའི་བུ་གསུམ་པ་ཨོ་གོ་ཏའི་ས་གླང་་་་༼་་་༡༢༢༩་་་་༽་་་་ལོར་སོག་པོའི་རྒྱལ་པོ་བྱས་དེའི་བུ་གོ་དན་གྱི་ས་ཕག་་་་་༼་་་་༡༢༣༩་་་༽་་་ལོར་བོད་ལ་དམག་དཔུང་བཏང་བ་ལོ་རྒྱུས་ཀུན་ལས་གསལ། དེ་ཡང་དེབ་ཐེར་ཀུན་གསལ་མེ་ལོང་ལས་་་་༼་་་་རབ་བྱུང་བཞི་པའི་ལྕགས་བྱི་་་་༼་་་༡༢༤༠་་་༽་་་ལོར་བོད་ཀྱི་ས་གཞི་ཆེན་མོར་སོག་པོའི་དམག་དཔོན་དོར་རྟ་ནག་པོས་གཙོས་ཧོར་དམག་འབུམ་ཕྲག་མང་པོ་བྱང་ལམ་བརྒྱུད་ནས་འཕན་ཡུལ་དུ་འབྱོར་སྐབས་ཡུལ་མི་མང་ཆེ་བ་ཕྱོགས་གཞན་དུ་བྲོས། བྲོས་མ་ཐར་བ་རྣམས་དམར་བསད་བཏང་དེ་ནས་ཧོར་དམག་རྭ་སྒྲེང་དུ་ཡོང་སྟེ་དགེ་འདུན་པ་མང་པོ་བསད་པས་གླིང་ལོག་བྱུང་ཏེ་ཕན་ཚུན་དམག་འཐབ་དྲག་པོ་བྱས་མཐར་བོད་དམག་ཕམ་པའི་ཧོར་དམག་གི་རྒྱལ་ལྷ་ཁང་དང་པོ་ཏ་ལ་སོགས་ལྷ་ཁང་དང་དགོན་པ་མང་པོ་མེ་ལ་བསྲེགས། བླ་སྤྲུལ་དང་གྲྭ་བཙུན་མང་པོ་དམར་བསད་བཏང་ཧོར་དམག་རྣམས་དྲག་རྩལ་དང་གདུག་རྩུབ་ཧ་ཅང་ཆེ་བའི་བོད་ཁམས་ཡོངས་རྫོགས་དབང་དུ་བསྒྱུར། དམག་གི་འགོ་པ་བསྐོ་འཛུགས་བྱས།  ས་པཎ་ལིང་བཀྲ་རུ་གདན་དྲངས་བོད་ཁྲི་བསྐོར་བཅུ་གསུམ་གྱི་མངའ་འབངས་ཕུལ། ལྕགས་སྤྲེལ་་་་༼་་་༡༢༦༠་་་༽་་་་ལོར་སེ་ཆེན་རྒྱལ་པོ་གོང་མ་བྱས་ཅིན་རྒྱལ་ཁབ་སོགས་དབང་དུ་བསྡུས་་་་༼་་་༡༢༧༦་་་་་༽་་་ལོར་རྒྱ་ནག་གོང་མ་གསོན་བཟུང་བྱས་ནས་སུང་རྒྱལ་རབས་རྩ་མེད་བཏང་ཏེ་ཀྲུང་གོ་གཅིག་གྱུར་བྱས་ནས་ཡོན་རྒྱལ་རབ་བཙུགས་ཞེས་རྒྱ་བོད་དེབ་ཐེར་རྣམས་ལས་བཤད་། ་ཁྱུང་རབས་་་་༼་་་་ས་་་༽་་་་ལས་༼དེ་རྗེས་སྔོན་ཚེ་སྟོང་རྒྱུང་གི་ཀླུ་སྲིན་བསྒྲལ་བའི་རྣམ་ཤེས་སོག་པོའི་མི་ཆེན་དོར་རྟ་དང་ཡེ་དོར་གཉིས་སུ་སྐྱེས་སྟོང་རྒྱུང་གི་སྐུ་གཉིས་སྣང་དུ་ཁྱུང་དཔོན་དགེ་དང་དཔོན་དབུས་གཉིས་སུ་སྐྱེས་པ་ལ་སྲོག་གི་ལན་ཆགས་ཡོད་པ་དང་འཕྲལ་རྐྱེན་མདོ་སྨད་ནས་ཡར་ཁྲིད་པའི་མི་སྡེ་ཁྲོམ་ཚང་ཤོག་ཁའི་སྤྲང་འཁྱམས་ཨ་རྡི་བྱ་བའི་ཁྱུང་པོའི་ཁྱི་བརྡུང་། ཁྱུང་པོའི་གྲྭ་པའི་སྤྲང་པོ་བརྡུང་བས་ཕྱིས་སྤྲང་པོ་ཁོས་སོག་པོའི་གསེར་ཡིག་དང་དངུལ་བྲེ་ཁྱི་བཅས་བརྐུས་ནས་ཁྱུང་པོའི་རྟ་རའི་ནང་སྦས། ཁོ་ལོགས་སུ་བྲོས་ནས་སོག་པོ་ལ་གསེར་ཡིག་སོགས་ཁྱུང་པོའི་བརྐུས་འདུག་ཅེས་བཤད་པས་སོག་པོའི་སྔོན་ནས་ཁྱུང་པོའི་མངའ་ཐང་ཆེན་པོ་ཡོད་པ་དེ་རྩ་མེད་བཟོ་འདོད་ཡོད་པ་དང་ཁྱུང་པོའི་མངའ་ཁུལ་གྱི་ཞིང་འབྲོག་ཐོན་རྫས་རྟ་ནོར་མི་རྒྱུ་སོགས་གཏེ་དང་ཁྲལ་འུ་ལག་ཤུགས་ཆེན་བསྐུལ་བ་ཁ་ཤས་མ་འབྱོར་བའི་ཁོང་ཁྲོ་ལང་ཡོད་པས་ད་ལྟ་དེ་ལ་བསྙད་ནས་སོག་པོའི་དམག་དཔོན་དོར་རྡོ་དང་ཡེ་ཏོར་གྱི་དམག་ཕོན་ཆེན་བཏང་ནས་ཁྱུང་དཔོན་དབུས་དང་དཔོན་དགེ་མཐའ་བསྐོར་བས་ཞི་ཐབས་ཀྱི་གྲོས་དང་ཞུ་བ་བཤགས་པ་ལ་སོགས་གང་ལའང་ངོ་མ་བལྟས་པར་དཀྲོངས། ཁོང་གཉིས་དཀྲོངས་བའི་ནང་མོ་རྒྱ་ཚ་སྤུན་དྲུག་གི་ཆུང་ཤོས་སྟོན་འབར་གྱི་སྲས་གཡོག་མོ་ནང་ཆེན་ཨ་མཚོ་བཟའ་ལ་་་་་༼་་་་་༡༢༢༢ཆུ་རྟ་་་་་༽་་་་ནང་ཆེན་གྲགས་པ་རྒྱལ་མཚན་འཁྲུངས་པ་ཁྱུང་པོ་ཚོ་གཅིག་གིས་ཁྱེར་ནས་ནང་ཆེན་ལ་བྲོས། སྟོན་འབར་སྲས་ཁྱུང་པོ་བསོད་ནམས་རྒྱལ་མཚན་དང་བསོད་འབར་སོགས་ཁྱུང་པོ་མང་རབ་གཅིག་འབྲི་གུང་གཅུང་རིན་པོ་ཆེ་ལ་སྐྱབས་བཅོལ་བར་བྲོས་༽ཁྱུང་རབས་་་་་༼་་་ས་་་་༽་་་དང་་་༼་་་་ག་་་་༽་་་་གཉིས་མཐུན་པར་ཁྱུང་དབུས་རིན་པོ་ཆེའི་ལོ་རྒྱུས་ནི་་་་༼་་་་ཧོར་གྱི་མི་ཆེན་དོར་རྟ་དང་ཡེ་དོར་གཉིས་ཀྱིས་ཁྱུང་པོ་དཔོན་དབུས་དང་དཔོན་དགེ་བྱང་རིའི་རྩ་བར་དེད་ནས་བསྒྲུང་སྐབས་འོ་བརྒྱད་ལུག་རྫི་ལ་སྲིད་རྒྱལ་གྱིས་ལུང་བསྟན་ནས་བཅོལ་སྐུལ་གྱིས་གསུངས་པར་ལུག་རྫིས་ཁྱུང་དཔོན་དབུས་དཔོན་དགེ་སོག་པོས་དཀྲོངས། མ་སྲིད་པ་རྒྱལ་མོས་ར་མདའ་བཟློག་ཅེས་བོས་པས་རྡོ་ཡི་སེར་བ་དང་། གནམ་ལྕགས་ཀྱི་ཐོག་རྒོད་ཆར་ལྟར་ཕབ་ནས་ཧོར་དམག་ཐམས་ཅད་བསད། འོ་བརྒྱད་མི་སྡེའི་ལུག་གི་རིལ་མར་སྐུ་གདུང་བཞུས་པས་རྟེན་ཞི་ཁྲོ་རྒྱབ་སྤྲོད་འཁྲུངས། ཧོར་དམག་ཚན་ཆེན་བ་གཞན་ཞིག་གིས་ཁྱུང་དབུས་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་དེད་པས་ཁོང་རྟ་རྗེ་ལྡིང་ཁྱུང་བཅིབས་ནས་ལྷོ་རྔུལ་ཆུ་རྒྱུད་ལ་བྲོས་ནས་ཤིང་རོང་གི་ནགས་ཚལ་སྟོད་ན་བྲག་དཀར་ཡོད་པ་དེར་གནམ་སྐས་གཙུག་ནས་བྲག་ལྡེབས་སུ་བཞུགས་པའི་ཧོར་དམག་གི་མ་ཟིན་ནོ།

ཆུ་བཀག་པའི་བྲག་ལྡེབས་སུ་ཆུ་གཏེར་སྟོན་ནས་བཞུགས་པའི་ས་དེར་ཁྱུང་དབུས་རྫོང་ཞེས་གྲགས་སོ། དེ་ནས་བོན་རྗེ་ཐོད་དཀར་གྱི་ཞོལ་བན་དགོན་གཅིག་གི་ཉེ་སར་ཁང་པ་གཅིག་ཕུབ། ད་གར་ཡང་མི་འགྲོ་འདི་གར་སྡོད་དགོངས་པ་ལ་བན་དེ་རྣམས་ཀྱིས་ཁོང་དེ་ནས་ཕུད། གཟིམ་ཁང་ལ་མེ་བརྒྱབ་སོང་བའི་ཁོང་བན་དགོན་དེའི་ཕར་ངོས་ཉེ་སར་བྲག་ཕུག་ཆུང་ངུ་གཅིག་ཡོད་པ་དེར་བཞུགས། བན་དེ་རྣམས་རྟོག་པ་སྐྱེས་ཏེ་ཁོང་ལ་བཤགས་པ་འབུལ་དབང་ཞུ་ཟེར་ཁོང་གི་ཞལ་ནས་འབྲུ་ཁལ་བརྒྱའི་ཆང་ངས་འཐུང་ཐུབ་གསུངས་པས། འབྲུ་ཁལ་བཅུ་ཡི་ཆང་དྲངས་པས་སང་ཞོགས་འདྲེན་རྒྱུ་ཡོད་པ་གྱིས་གསུངས། ཐོ་རེངས་འདྲེན་རྒྱུ་མ་རྙེད་པས་ཁོང་གི་ཁྱེད་ཚོའི་དགོན་པ་ཡང་འདི་ན་མི་ཆགས་པར་སྣང་གསུངས་ཐོ་རེངས་ཁྱུང་དབུས་ཀྱང་ཕུགས་པ་དེར་སྐུ་གཤེགས། ཁོང་གི་ཞལ་ཆེམས་བཞིན་ཕུགས་པའི་སྟོད་ཕྱོགས་ཉེ་སར་སྐུ་གདུང་བཞུས་ནས་གདུང་འབུམ་བཞེངས་ཡོད་པ་དེང་སང་ཁྱུང་སྐུ་འབུམ་དུ་གྲགས་སོ་རྟ་རྗེ་འབྲི་གུང་གཅུང་རིན་པོ་ཆེ་ལ་ཕུལ་སྡེ་པའི་ཆུ་འགེལ་ས་མཛོད་ཞུས་གསུངས་པ་བཞིན་ཕུལ་ནས་དེར་འདས་པས་རིང་བསྲེལ་མང་དུ་བྱོན་ནོ།༽

ཞེས་མ་ཡིག་གཡུ་མགོ་མ་དང་གོང་སྔོན་མ།  གསེར་སྒོམ་མ། བླ་ཆུང་ཁྱུང་རབས་སོགས་ཁྱུང་རབས་མང་པོ་ནས་ཁྱུང་དབུས་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་སོག་པོའི་དམག་གིས་དེད་ནས་ལྷོ་རུ་འདས་པ་གཅིག་མཐུན་ཡིན་ཀྱང་་་་་༼་་་་དབྲ་དཀར་ཁྱུང་པོའི་གདུང་རབས་རྣམ་དག་ཤེལ་ཕྲེང་་་་་༽་་་་ལས་རྒྱ་རྗེ་དང་གདན་ས་བརྗེ་ལེན་བྱས་ཟེར་བས་དཔྱད་པ་འཚལ། སྐབས་དེ་དུས་ལུང་པ་ཡོངས་སུ་སོག་པོའི་བཟུང་ནས་ཁྱུང་པོའི་བླ་དཔོན་ཚང་མ་བསད་པའམ་བྲོས་བྱོལ་དུ་སོང་ཚར་དུས་ཁྱུང་དབུས་རིན་པོ་ཆེའི་གདན་ས་བརྗེ་ལེན་བྱས་ཚུལ་དང་ཁྱུང་ཨ་བླ་ལོ་དྲུག་དང་ནང་ཆེན་གྲགས་པ་ལོ་གཅིག་ཀྱང་མ་ལོན་པ་དེ་སྟོད་ཁྱུང་ལུང་དངུལ་མཁར་དུ་བཞུགས་ཟེར་བ་སོགས་ལོ་རྒྱུས་གཞན་དང་མི་མཐུན་པར་འདུག  ཁྱུང་རབས་གོང་སྔོན་མ་ལས་ཀྱང་་་་་༼་་་་་སྐབས་འདིར་སོག་པོའི་དམག་གི་ཡུལ་ཐམས་ཅད་བརླགས་སྐབས་བྱུ་ལོག་གི་རྒན་མོ་ཨ་ཡག་གི་སོག་པོ་མགོ་གཡོགས་ཐུབ་པས་དེའི་དོན་གྱི་བྱུ་ལོག་རུ་བ་ཁང་སྲུང་དང་གཉེར་པ་བཞག་་་་་༽་་་་ཞེས་དང་ཁྱུང་རབས་་་་་་༼་་་་མ་་་་་༽་་་་ལས་་་་་༼་་་་་་ཨ་བླ་ལོ་དྲུག་སྐབས་ཧོར་དམག་གི་ཁྱེར་བ་ལ་ཧོར་ཤི་ཟིན་གྱི་བུ་ཚ་རྣམས་འདུས་ནས་ཁོང་གསོད་པར་འོང་བས་ཧོར་ཨ་རམ་གུ་ཏེའི་བུ་མོ་ཨུ་ཟི་མ་བྱ་བ་དེས་བོད་ཕྲུག་སྐྱེ་མཆེད་བཟང་བ་དེ་བསད་འཕང་ནས་སྲོག་སྐྱོབ།

ཕྱིས་ཁོང་དེ་དང་འགྲོགས་པའི་དེ་ལ་སྲས་གཅིག་འཁྲུངས་པ་དེ་ཆུང་དུས་ནས་མེ་ཆུ་བྱ་གཅན་གྱི་མི་གནོད་པར་འོད་དང་གློག་གི་འཚོ་བ་གཅིག་བྱུང་༽ཞེས་དང་ཁྱུང་རབས་་་་་༼་་་་ས་་་་་༽་་་ལས་་་་༼་་་་་སོག་པོའི་དམག་དཔུང་གི་ཁྱུང་པོའི་བླ་དཔོན་རྣམས་བསད་བཅོམ་འཕྲོག་གསུམ་བྱས་ཏེ་མངའ་འབང་མི་སེར་གྱི་འགོ་པ་རྒྱ་གཙུག་ཏོར་ཉི་མ་གྲགས་པ་ཞེས་པ་བསྐོས་ནས་གཏེ་དང་ཕྲལ་བསྡུ་མཁན་དང་འུ་ལག་བསྐུལ་མི་བཞག་གོ། ནང་ཆེན་གྲགས་པ་ཡུམ་དང་བཅས་ཁྱུང་པོ་མང་རབས་གཅིག་ནང་ཆེན་སོགས་ས་ཆ་ངེས་མེད་དུ་ཡུལ་བྱོལ་མཛད་མཐར་རག་ཐག་བསྐོར་དུ་བྱོན།  དེ་ནས་ཞུ་རི་ཞིང་དུ་ཕེབས་ནས་བཙུན་པ་མཛད་དེ་བཞུགས་སྐབས་སྲིད་རྒྱལ་དྲེའུ་དམར་མོའི་ལུང་བསྟན་འདི་ལྟར་གནང་བ་སྟེ། དབྲ་རྒྱལ་ཁྱུང་པོའི་རྒྱུད་འཛིན་པ་མདོ་གམ་སྨད་དུ་ཕེབས་པར་གྱིས། བསྟན་པ་ཉི་ཟླ་འཆར་ནུབ་དེ། དོ་དགོང་འགྲིབ་ཀྱང་སང་ཉིན་འཆར། སུམ་གླང་གྱིམ་ཤོད་རྔུལ་རྫའི་གནས།  ཁྱད་འཕགས་ཤེལ་ལེ་རྫོང་དྲུག་མདུན།  གསེར་ཉ་མཚོ་འཁྱིལ་སྟེང་ཆེན་ལ།  ཁྱུང་པོ་ཆགས་པའི་གདན་ས་ཡོད། ས་ཕྱོགས་དེ་རུ་ཕེབས་པར་གྱིས། ཞེས་ལུང་བསྟན་པ་ལྟར་གྱིམ་ཤོད་དུ་ཕེབས་དུས་རྒྱ་རྗེ་ཉི་མ་འབྲུག་གྲགས་ཀྱིས་ཆིབས་བསུ་དང་དགའ་སྟོན་བྱས་་་་༽་་་ཞེས་གདན་ས་བརྗེ་ལེན་མཛད་མཁན་ནང་ཆེན་གྲགས་པ་ཡིན་ཚུལ་བཤད་ལ་ཁྱུང་རབས་གོང་སྔོན་མ་དང་།

 

གཡུ་མགོ་མ་ལས་གདན་ས་བརྗེ་ལེན་བྱས་ཚུལ་ནི་་་་་༼་་་་ཁྱུང་པོ་དཔོན་གཡོག་འགའ་ཞིག་གྱ་ཏི་ལ་སྔོན་ནས་ཚུར་ཡོངས་སྐབས་རྒྱ་གཙུག་གཏོར་ཉི་མ་འབྲུག་གྲགས་ཀྱི་ཆིབས་བསུ་དང་དགའ་སྟོན་བྱས་ནས་གསུངས་པ། ང་ཡི་ཡུལ་འདིར་ཕེབས་ཟིན།  ངའི་རྒྱ་མཁར་ཁམས་སུམ་དབང་འདུས་དེ་་་་་༼་་་་ད་ལྟའི་རྒྱ་མཁར་སྣ་ལ་ཡོད་ཟེར་་་་༽་་་་རྒྱལ་པོ་ཁྱེད་ཀྱི་བབས་གདན་མཛོད། གསེར་ཞོ་གང་བྱིན་པའི་གསེར་གཞོང་ཤོག རྒྱལ་པོ་ཁྱེད་ཀྱི་འབབ་གདན་མཛོད། གོང་སྔོན་ཉག་གི་ཡར་ཐང་ན།  ང་རྒྱ་རྗེའི་གསེར་ཤོ་འཕེན་ས་ཡིན། རྒྱལ་པོ་ཁྱེད་ཀྱི་འབབ་གདན་མཛོད། བློན་ལ་ས་གཡར་ཉན་ལེ་མིན། གསེར་རི་སུམ་མདོ་ཡན་ཆད་དང་།  ཆུ་གཉིས་འདུས་སོ་ཕྱིན་ཆད་དེ།  རོང་པོ་དང་ཁོད་ཀོ་གཉིས་ལས་ཉོས་ལེ་ཡིན།  ཁྲབ་ཆེན་བརྒྱ་ཙམ་གནང་ལེ་ཡིན།   ས་འདི་ཚོ་བློན་པོའི་བྱེད་ས་མིན།  གོང་གསུམ་དགྲ་ཡི་འགྲིམ་ལམ་ཡིན།  རྒྱ་ནོར་བུ་དགྲ་འདུལ་བཞུགས་ནས་ཡོད།  དེའི་མཆེན་འགར་རུ་དཔོན་གཡོག་ཡོད།  རྒྱ་ཆོས་ཁྲི་འཆིལ་ཆེན་འདེད་ས་ན།  ཁོད་ཀོ་དང་ཁྲ་རྒན་དཔོན་གཡོག་ས་ཆ་བྱས།  ད་ལྟ་ཡང་དེ་ལ་ཅུང་ཤེས་དགོས།  རྒྱ་ཉི་མ་འགྲང་ཆེན་བཞུགས་ས་ན།

 

ཁམས་གསུམ་དབང་གི་འདུས་ལེ་ཡིན།  འགྲོ་དྲུག་ཐར་པར་དྲོངས་ལེ་ཡིན། ས་བཅུ་ཟིལ་གྱི་ནོན་ལེ་ཡིན།  དེ་ན་བླ་མཆོད་ཀྱི་དགོན་པ་ཐོབས།  བྲག་དམར་མེ་རི་གནམ་རྫོང་ལ།་་་༼་་་་བྱ་ཟེ་ཡང་རྫོང་ལ་འབོད་་་་་༽་་་བྱ་ཁྱུང་ཆེན་ཚང་ན་བཞུགས་པ་འདྲ།  རྒྱལ་པོ་ཁྱེད་ཀྱི་བཞུགས་གདན་མཛོད།  རྒྱ་གྱང་ཁམས་སུམ་དབང་འདུས་འདི།  ལ་ཁའི་སྒོ་སྲུང་རྒྱ་གྱང་ཡིན།  བློན་ལ་ས་གཡར་ཉན་པ་མིན། རྒྱ་གནམ་རྫོང་བཀྲ་ཤིས་བསྡད་ས་ན།  དེ་ན་བློན་ལ་ས་གཡར་གྱིས།  ཐོག་ས་དེ་ནི་ཞན་པ་ཡིན།  དགྲ་ས་དེ་ནི་བཟང་ས་ཡིན།  རྒྱ་སོག་ཆུང་བཀྲ་ཤིས་བསྡད་ས་ན།་དེ་ན་བློན་ལ་ས་གཡར་གྱིས།་་་་༽་་་་་ཞེས་དང་ཡང་དེ་ལས་ ་་་་༼་་་་་་ཧོར་གྱི་བསྟན་པ་ཅུང་ཕྲ་བའི།  རྒྱང་དམར་འབྲས་ཀྱི་དེང་ཁང་ན།  ལྷོ་ས་འགོ་ར་ཡིས་བཟུང་ནས་གདའ། ངེད་ཀྱི་ལུག་ར་གོང་མ་དེ།  གུག་ཟི་དང་གྲུ་ཡི་བཟུང་ནས་གདའ། མཁར་སྤམ་ཁ་ཡི་ས་ཆ་དེ། ཧོར་ཨ་བར་གྱུ་གྱུ་བསྡད་ས་བྱས། ར་གཡོག་རྒས་ཀྱི་ས་ཆ་དེ།  ཧོར་གྱུ་བུ་རི་ལུ་བསྡད་ས་བྱས། ཚ་གྱང་ཁ་ཡི་ས་ཆ་དེ།  ཨར་ཏི་མུ་ཡུག་བསྡད་ས་བྱས།  མི་དེ་ཚོ་ཁྱུང་པོའི་ཡུལ་ལས་ཕུད། ད་རུང་མགོ་བཏགས་གཉིས་ཙམ་བཞག  ཡུལ་ཆུང་དང་མི་ཆུང་འགའ་འགའ་དེ།  སྔོན་གྱི་ལས་ཀྱི་དབང་དུ་བསྡུས། དེ་ནི་ཧོར་འདུལ་གྱི་ལེའུ་སྟེ།༽ཞེས་ཁྱུང་པོ་ལ་རྒྱ་ཡི་གདན་ས་ཕུལ་བ་དང་ཧོར་འགའ་ཤས་ཡུལ་ཕུད་ཚུལ་ལས་གདན་ས་བརྗེ་མཁན་གྱི་མིང་མ་གསལ།  བླ་ཆུང་ཁྱུང་རབས་དང་། གཡུ་མགོ་མ། གོང་སྔོན་མ་སོགས་ཁྱུང་རབས་མང་པོ་ནས་ཨ་བླ་གདན་འདྲེན་མི་བང་ཆེན་གཏོང་མཁན་ནང་ཆེན་གྲགས་པ་ཡིན་ལུགས་འཁོད་ཡོད་དེ། ཁྱུང་རབས་་་་༼་་་ག་་་་༽་་་་ལས་་་་་༼་་་་སྟོན་འབར་གྱི་སྲས་ནང་ཆེན་གྲགས་པ་དགུང་ལོ་བཅུ་གསུམ་ལོན་པའི་དུས་ཇོ་མོ་བཞེས་པར་ཞུས་པས་ངས་ཁྱིམ་ཐབ་མི་བྱེད་ལྷ་ཆོས་བྱེད་གསུངས་དེར་ཁྱུང་པོའི་གཙོ་བློན་རྣམས་ཀྱི་འདན་བཟའ་ཆེ་བ་བསུས་ཡོང་བ་ལ་ནང་ཆེན་གྲགས་པ་ཐུགས་ཤིན་དུ་མུག་ནས་ངས་ཅིས་ཀྱང་ལྷ་ཆོས་ཤིག་བྱེད་དགོས།   ཁྱེད་རྣམས་ཁྱུང་པོའི་མི་རྒྱུད་ལ་དེ་ཙམ་གཅེས་ན་ཨ་བླ་འཚོལ་བར་ཧོར་ཡུལ་དུ་སོང་དང་སོག་པོའི་ད་རུང་མ་བསད་པར་ཡོད་སྲིད་གསུངས། བང་མི་གཉིས་དང་ཨ་བླ་ཆུང་དུས་ཀྱི་བུ་རྫི་ནག་སོང་་་་༼་་་་བུད་མེད་ལ་གོ་་་་་་༽་་་ཞིག་ཡོད་པ་དང་གསུམ་ སོང་བའི་ཐང་དཀྱིལ་ལ་རྟ་ཁྱུ་གཅིག་གི་རྩར་མི་གཞོན་དམར་ལེབ་བེ་གཅིག་གློ་ཉར་བྱས་ནས་སྣང། ཁྱོད་ཀྱི་བོད་སྐད་ཨེ་ཤེས་འདི་ན་ཁྱུང་པོ་ཨ་བླ་ཨེ་ཡོད་དྲིས་པས། ཁོང་ཙོག་གེར་བསྡད་ནས་མི་ཨ་བླ་ནོར་ན་ང་ཡིན་ཟེར་བུ་རྫིས་བལྟས་པས་ཆུང་དུས་ཐོད་པ་ལ་སྨེ་བ་ཞིག་ཡོད་པ་དེ་ཆེར་སྐྱེས་ནས་འདུག ཁོང་ན་རེ་ཁྱོད་ང་ལ་རྭ་ཁེམ་སྤྲོད་མཁན་དེ་རེད་ཟེར་ཕན་ཚུན་ངོ་འཕྲོད་ནས་རྒྱུས་གཏམ་བྱས། དེར་སྣང་ཞིག་རྒྱལ་བུ་ལ་སོགས་མཐུན་ཕྱོགས་རྣམས་ཀྱིས་གྲོགས་བྱས། ཧོར་རྒྱལ་པོ་ལ་ལུང་ཞུས་རྒྱུ་ཡིས་བསླུས་ནས་ཚ་བེ་ཁྲོམ་ཚང་རྒྱུད་ཚུར་བསུས་ཨ་བླ་དགུང་ལོ་བཅོ་བརྒྱད་བཞེས་དུས་སོག་ཡུལ་ནས་ཐོན་ཏེ་རག་ཐག་སྐོར་དུ་ཚུར་ཕེབས།   གོང་གི་འདན་བཟའ་ཆེ་བ་དང་ཡུན་རིང་འདྲིས་ཀྱང་སྲས་རྒྱུད་མེད། དེ་རྗེས་འདན་བཟའ་ཆུང་བ་བསུས་པས་དེ་ལ་སྲས་གསུམ་༽ཞེས་འཁོད་ཀྱང་ཁྱུང་རབས་་་་་༼་་་་ག་་་༽་་་་་ལས་་་་༼་་་་ཁྱུང་པོ་ནང་ཆེན་གྲགས་པ་རྒྱལ་མཚན་ནི་ཞུ་སྟོན་ནམ་མཁའ་རྒྱལ་མཚན་་་་་༼་་་་་ཞུ་རྒྱལ་མཚན་འབུམ་གྱི་སྲས་་་་་་༽་་་་ལ་གཏུག་ནས་དག་པ་དྲང་སྲོང་མཛད། རི་ཞིང་དུ་ལན་གསུམ་བྱོན། དེ་ནས་གཤེན་གྱི་འདུས་སྡེའི་བཅའ་བཀོད་ནི་ལས་ཚན་ཁག་བཞི་ཕྱེས། སྲུང་བའི་གཤེན་བཞི། བླ་མཆོད་ཁག་བཞི། བསྟན་པ་ཁག་བཞི། སྔགས་པ་ཁག་བཞི། ཐུགས་ཀྱི་སྲས་བཞི།  དཀོན་མཆོག་རུ་བཞི།  སྡེ་པ་ཡ་བཞི།  ཁྲ་སྐྱ་སྐོར་གསུམ།གྲྭ་བཞི་སྐོར་གསུམ་སོགས་ཀྱི་ བཅའ་བཀོད་མཛད་ཏེ་བསྟན་འཛིན་དུ་མའི་མངའ་བདག་ཏུ་གྱུར་ཏོ། ་་་༼་་་་་བསྟན་པ་ཁག་བཞི་ནི་སོག་གྲུ་ཁུག་གཡུང་དྲུང་གླིང་དང་བྱ་ཟེ་ཡང་རྫོང་། ངང་སྐྱའི་རི་ཁྲོད་།  ཁྱུང་ནག་ཟླ་བ་དགོན་བཅས་བཞི་རེད་ཟེར་སྲོལ་སྣང་། ངང་སྐྱའི་རི་ཁྲོད་ནི་སྟག་རྒོད་མདུན་ཁྱུང་རྫོང་མགོ་ལ་ཡོད་པར་གྲགས་༽ཞེས་དང་ཁྱུང་རབས་་་་་༼་་་་་ས་༽་ལས་་་་༼་་་་་ཧོར་སེ་ཆེན་རྒྱལ་པོའི་ཁྱུང་པོ་ནང་ཆེན་གྲགས་པ་རྒྱལ་མཚན་ལ་སྟོད་འབྲི་གུང་ཇོ་བདལ་ཕྱིན་ཆད། སྨད་ཚ་བའི་ཁབས་སོ་ཡན་ཆད་ཀྱི་ཡུལ་སྡེའི་ཐོབ་ཁྲལ་གང་ཡོད་དེ་དབང་ཡོན་དུ་ཕུལ་ཞིང་བོད་རྒྱ་སོག་གསུམ་གང་གིས་མངའ་དབང་བསྒྱུར་དུ་མེད་པའི་བཀའ་ཤོག་དང་ལས་ཆེན་ཤེལ་གྱི་ཐམ་ག་བ་སོའི་ཐིས་དམར་ཐིམ་རྫི། བསྟན་ཤེད་བསྐྱེད་པའི་འཇའ་ས།་་་༼་་་ཆབ་ཤོག་་་་༽་་་  གསེར་སྒྲོན་འདེགས་བྱེད་ཀྱི་འཇའ་ལྕེ།་་་༼་་་བཀའ་བརྟེན་ཡིག་རིགས་་་་༽་་་

 

སྟག་མགོ་ནོར་བུ་གཅིག་པ།་་་་༼་་་་འདི་དག་ཕྱིས་སུ་སངས་རྒྱས་གླིང་པའི་་་་༼་་་་ཤིང་བྱ་1705 ལོར་འཁྲུང་་་་་༽པའི་སྐབས་སུ་རྟེན་བང་བཀྲ་མར་བཞུགས་པར་བཤད་དེ་རྣམ་ཐར་ལས་རྟེན་བང་བཀྲ་མ་བཀའ་རྒྱ་ཅནཡོད་པ་བཀའ་རྒྱ་བཀྲོལ་ནསའཇལ་བའི་དེའི་ནང་ཁྱུང་པོ་ནངཆེན་གྲགས་པ་རྒྱལ་མཚན་གྱི་ཐུགས་དམ་གསེར་འབུམ་འཛམ་གླིང་རྒྱན་ཆེན་གྱི་དབུ་དེབ་གཤེན་སྲས་ལྷ་རྗེ་དང་ཨ་མ་ཞིག་མོས་རབ་གནས་ཐོབ་པའི་དེབ་མ་དགུ་བློ་ལྡན་མགྲིན་ལས་འཁྲུང་པའི་ཤེས་རབ་སྨྲ་སེང་དང་ཤ་རི་རམ་གཙོ་མཆོག་རང་བྱོན་གཞན་ཡང་འཇིགས་རྟེན་དཀོར་རྫས་སྟག་མགོ་ནོར་བུ་གཅིག་པ་དང་ཡིག་ཚང་ལས་ཅན་ཤེལ་གྱི་ཐམ་ག་སོགས་དད་འདུད་རྣམས་ལ་འཇལ་ཁ་བཏང་བ་མ་ཟད་བྷན་དྷ་པད་མ་སྤུངས་པ་དང་རུས་རྒྱན་མགུར་ཆུ་ཁྲོ་བོའི་རྒྱུད་དྲུག་པོ་ཏི་བཅས་སྣ་གསུམ་སངས་གླིང་ནས་ཁྱེར་ཞེས་གསུང་་་་༽་་་གནམ་དོན་ཡོད་ཀྱི་ལས་བསྐོས། ས་དོན་ཡོད་ཀྱི་ལས་བསྐོས། ཆེན་པོ་དོན་ཡོད་ཀྱི་ལས་བསྐོས། མང་པོ་དོན་ཡོད་ཀྱི་ལས་བསྐོས་དེ་རྣམས་བསྐོས། ཟོན་བུ་ཟེར་བའི་བོད་ཀྱི་མི་དཔོན་རྣམས་ཀྱི་མདོ་གམ་སྤྱི་ཡི་བླ་མཆོད་དུ་བཏེགས་ནས་ཚོ་པ་སོ་དགུ་དང་། དེམ་ཆུ་ཉེར་ལྔ་སོགས་ཧོར་ཁག་བཞི། ཁྱུང་པོ་ཁོག རྡོ་ཤུལ་སྟོད་སྨད། འབྲོང་པ་སྟོད་སྨད།  ཡུལ་ཤུལ་བཅས་ཡུལ་ཁག་གི་ཚོ་པ་བདུན་བཅུ་དོན་དགུའི་ས་སྐྱོང་དཔོན་དུ་བསྐོས་ཏེ་ཞྭ་དཀར་མོ་ཅན་གྱི་ཁྲིམས་སྒོ་ཕྱེས། ཞྭ་ལྕགས་གཉིས་ཀྱི་འགྲོ་ལམ་ཕྱེས།  ཧོར་ལ་ངོ་ཆེ་བོད་ལ་དྲིན་ཆེའོ་ཞེས་དང་དེར་ཁྱུང་པོ་ནང་ཆེན་གྲགས་པ་རྒྱལ་མཚན་ལ་མངའ་འབངས་དང་མི་སྡེའི་དགོས་པ་མི་ཆེ་བས་མཆེད་ཟླ་ཨ་བླ་སྡེ་དཔོན་དུ་བསྐོས་་་་༽

 

ཞེས་དང་ཁོང་ལ་གནོད་པའི་བདུད་བཞི་ཡོད་པའི་གཉེན་པོ་སྲུང་བའི་གཤེན་བཞི་གོ་ལྡེ་འཕགས་པ་་་་༼་་་་འམ་གཤེན་སྲས་ལྷ་རྗེའི་བཀའ་གཏེར་གྱི་བོན་བདག་ཡིན། རྣམ་རྒྱལ་སོགས་ནང་ཆེན་གྲགས་པ་དང་སྐུ་མཆེད་ཁྱུང་པོ་བསོད་ནམས་རྒྱལ་མཚན་རྒྱུད་ནས་དར་རོ་་་་་༽་་་་ ཀོ་ལམ་བོན་ཞིག་བུ་འབོར་སྤྲུལ་སྐུ་མདོ་སྨད་ཞིག་མོ་དང་བཞིའོ། བདུད་བཞིའི་ནང་ནས་མཐའ་མ་བོན་པོའི་མིང་ཅན་དེས་དུག་འདྲེན་པ་ལ་ཡོང་བའི་བྲག་བཙན་དམར་པོའི་མདའ་རྩེ་མེ་སྟག་ཚྭ་ཚྭ་འཕྲོ་བ་ཁོས་སྙིང་ཁར་གཏད་པའི་ཁོ་འགྱེལ་ཏེ་རྒྱལ་ནས་སོང་ངོ་།  ནང་ཆེན་གྲགས་པའི་ཐུགས་དམ་གསེར་གྱི་ཁམས་ཆེན་བཞེངས་ནས་དབུ་རྫོགས་གཞུང་གསུམ་ལ་བྲུ་ཞུ་གཤེན་གསུམ་སྲུང་བའི་གཤེན་བཞི་སོགས་གྲུབ་ཐོབ་གང་བཟང་གི་ཕྱག་ནས་འཐོར་བས་མི་མ་ཡིན་ཐམས་ཅད་ཀྱི་ཕྱག་དང་བསྐོར་བ་བྱེད་ཅིང་འདི་ཡིག་འབྲུ་རེ་རེ་ལ་བདེ་བར་གཤེགས་པའི་སྐུ་རེ་སྣང་བའི་གསུང་རབ་འཛམ་གླིང་རྒྱན་ཆེན་དུ་གྲགས་སོ།  མདོ་ཁམས་པའི་ཁམས་ཆེན་གསེར་གྱི་བྲིས་པ་ལ་དེ་བས་སྔ་བ་མེད། ཞལ་བསྲོས་ཚར་གཅིག་ལ་རྟ་བརྒྱ་ཉིན་གཅིག་ལ་གནང་ངོ་། ་་་་༼་་་་་ཁྱུང་ནག་དགོན་པའི་ལོ་རྒྱུས་ལས་སྔར་སྙ་ཆེན་ལི་ཤུས་ཕྱག་བཏབ་པའི་བཀྲ་ཤིས་ཡར་དགོན་གླིང་སོག་པོ་དོར་རྡོ་དང་ཡེ་རྟག་དམག་གིས་མེ་ལ་བསྲེགས་པའི་དགོན་ས་སྤོས་ཏེ་ཁྱུང་ནག་ཟླ་བ་དགོན་ཞེས་ནང་ཆེན་གྲགས་པའི་་་་་༼་་་་༡༢༤༨་་་་༽་་་་རབ་བྱུང་བཞི་པའི་ས་སྤྲེལ་ལོར་ཕྱག་བཏབ་ཞེས་འཁོད་་་་༽་་་་སྐུ་ཚེ་མཐའ་རུ་ཕྱིན་ནས་དགུང་ལོ་དྲུག་བཅུ་རེ་བཞི་སྟེ་རབ་བྱུང་ལྔ་པའི་ཤིང་བྱ་་་་༼་་་༡༢༨༥་་་་༽་་་ལོར་འདས་རྟེན་ལ་སྐུ་གསུམ་ཁྲོ་རྒྱལ་དང་དྲན་པའི་སྐུ་ཡིག་འབྲུ་ཨ་སོགས་རྟེན་དང་རིན་བསྲེལ་མང་དུ་བྱོན་ནོ༎ དེའི་མཆེད་ཟླ་གཅེན་པོ་ཨ་བླ་ནི་མེ་གླང་་་་༼་་་༡༢༡༧་་་༽་་་ལོར་འཁྲུངས་དགུང་ལོ་དྲུག་གི་སྐབས་སོག་པོས་འཁྱེར།  དགུང་ལོ་བཅོ་བརྒྱད་ཐོག་ཁྱུང་ཡུལ་དུ་འབྱོར་ཁྱིམ་པའི་ཚུལ་བཟུང་ཡང་བསྙེན་སྒྲུབ་ལ་བརྩོན་ཞིང་གསང་སྔགས་ཀུན་ཐུགས་ལ་འབྱོན། ནུས་མཐུ་དང་བྱིན་རླབས་དཔག་མེད་མངའ་བའོ།   ཁྱུང་པོའི་བྱང་རྒྱུད་དུ་ཤྭ་ཐན་བྱུང་བ་ཁྱུང་ཨ་བླའི་ཕྱག་མདས་བསྒྲལ། རྡོ་ལ་ཕྱག་གི་ཤྭ་བ་མ་བུ་གསུམ་བྲིས། ཨ་བླ་ཤྭ་བ་རང་གྲོལ་དུ་གྲགས།ཤྭ་བ་ཡུ་མོའི་ཁོག་གྲི་ཞེས་པའི་རལ་གྲི་ཞིག་རིག་གསར་སྔོན་ཁྱུང་ནག་རྫོང་དུ་བཞུགས། ཁོང་གི་སྔ་ཕྱིར་ལྕམ་ལྔ་བཞེས་པའི་སྲས་དྲུག་འཁྲུངས།  ཕྱིས་དྲང་སྲོང་མཛད་པའི་མཚན་ནམ་མཁའ་རྒྱལ་མཚན་གསོལ་ཞིང་དགུང་ལོ་བརྒྱད་ཅུ་གྱ་གསུམ་ཏེ་རབ་བྱུང་ལྔ་པའི་ས་ཕག་་་་་༼་་་་༡༢༩༩་་་༽་་་་ལོར་འདས་རྟེན་གཙོ་མཆོག་གི་སྐུ་གཅིག་བྱོན་ནོ། 

དེའི་སྲས་རྒྱུད་དུ་འདན་བཟའ་ཆེ་བ་དང་། ཆུང་བ་སྟག་བཟའ། ལྷ་གདོང་བཟའ་བཅས་སྔ་ཕྱིར་ལྕམ་ལྔ་བཞེས་པ་ལས་སྟག་བཟའ་ལ་བློ་གྲོས་རྒྱལ་མཚན་འཁྲུངས། འདན་བཟའ་ལ་ཁྱུང་ཞིག་ཡེ་རྒྱལ།  དེ་འོག་དབང་རྒྱལ་གྲུབ། ཆུང་བ་ནང་པ་བྱང་ཤེས་བཅས་གསུམ་འཁྲུངས།  ལྷ་གདོང་བཟའ་ལ་ལེགས་པ་རྒྱལ་མཚན་བཅས་སྲས་ལྔ་འཁྲུངས་པའི་ཆེ་བ་སྟག་བཟའི་སྲས་བློ་གྲོས་རྒྱལ་མཚན་ནི་རབ་བྱུང་ལྔ་པའི་ས་འབྲུག་་་་༼་་་༡༢༦༨་་་་༽་་་་སྐུ་འཁྲུངས་པ་དེ་ཉིད་ནི་བསླབ་གསུམ་རྣམ་པར་དག་ཅིང་སྡེ་སྣོད་གཞུང་ལ་མཁས་པར་གྲགས། ཁྱུང་རབས་༼་་་་ས་་་༽་་་ལས་་་༼་་་ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་གྱི་གླིང་བཞི་བསྟན་པའི་འབྱུང་ཁུངས་དང་། ཁྱུང་པོ་རྒོད་ཚང་པའི་གདུང་རབས་ལོ་རྒྱུས། གཤེན་ཀླུ་དགའི་རྣམ་ཐར་སོགས་བཀའ་བརྟེན་མང་དུ་བརྩམས་་་་༽་་་ཞེས་འཁོད། ཨ་བླའི་ལྕམ་ལྷ་གདོང་བཟའ་ལ་ལེགས་པ་རྒྱལ་མཚན་ལྕགས་རྟ་་་་༼་་་༡༢༧༠་་་༽་་་ལོར་འཁྲུངས། ཆུང་ནས་རབ་དུ་བྱུང་ནས་ཞུ་རི་ཞིང་དུ་བཞུགས།  དགུང་ལོ་ཉེར་བཞི་སྐབས་རི་ཞིང་དུ་འདས་རྟེན་ཤ་རི་རམ་གསུམ་བྱོན་པ་ཞུ་ཚང་དུ་བཞུགས། ཨ་བླའི་ལྕམ་འདན་བཟའི་སྲས་ཆེ་བ་ཁྱུང་ཞིག་ཡེ་རྒྱལ་ས་འབྲུག་་་༼་་་༡༢༦༨་་་༽་་་ལོར་འཁྲུངས་ཤིང་ཁྲོ་བོ་དབང་ཆེན་དང་ཕུར་པ་ཐུགས་དམ་མཛད་པས་མཐུ་སྟོབས་དང་བྱིན་རླབས་ཤིན་ཏུ་ཆེའོ། དགུང་ལོ་བདུན་ཅུའི་སྐབས་ནག་ཤོད་དུ་འདས།

དེ་འོག་དབང་རྒྱས་གྲུབ་ལྕགས་རྟ་་་་༼་་་༡༢༧༠་་་༽་་་ལོར་འཁྲུངས། ཁོང་གིས་ལྕམ་བཞི་བཞེས་ཏེ་སྲས་དྲུག་འཁྲུངས་པ་ལས་ཤོག་ཁ་བཞི་གྱེས་སོ། དེ་འོག་ནང་པ་བྱང་ཤེས་ཤིང་ཁྱི་་་་༼་་་༡༢༧༤་་་༽་་་ལོར་འཁྲུངས།  ཁོང་ནི་སྟོབས་ཤུགས་དང་དྲག་རྩལ་འགྲན་ཟླ་བྲལ་ཏེ་ཁྱུང་པོའི་མངའ་ཁོངས་རྒྱ་བསྐྱེད་དེ་གཏེ་དང་ཁྲལ་འབུལ་མཁན་མདོ་དབུས་ཁམས་གསུམ་ལ་ཁྱབ་བོ། ཁོང་གི་ལྕམ་ཧོར་བཟའི་སྲས་ནང་པ་གྲགས་འོད་དང་། ཨ་དབང་པ། ཚེ་དབང་པ། སློབ་དཔོན་བྱམས་ཤེས་དང་བཞི་།  ནག་རུ་མགོན་ནེ་བཟའ་སྒྲོན་སྐྱིད་ལ་སྲས་ཨ་ལུག་གམ་ཨ་བསོད།  འཆམ་བཟའི་སྲས་ནང་པ་ཚུལ་རྒྱལ།  སྟ་བར་བཟའི་སྲས་ལྷུན་གྲུབ་རྒྱལ་མཚན་བཅས་ལྕམ་བཞི་ལ་སྲས་བདུན་འཁྲུངས་པ་གཙོ་ཆེར་མི་དཔོན་དུ་བཀའ་བབས་ཟེར། འདིའི་ཡན་ནི་ཁྱུང་པོའི་བླ་དཔོན་རྣམས་ བཞུགས་ས་ཡང་ངེས་གཏན་ཆེར་མེད་ལ་ཁྱུང་པོའི་མངའ་ཁོངས་དང་།  མཁར་རྫོང་སྒར་ས་དགོན་གནས་སྟོད་སྨད་ལྷོ་བྱང་ཀུན་ལ་ཤིན་དུ་མང་བས་ དེ་རྣམས་ལ་མངའ་དབང་བསྒྱུར་ནས་བཞུགས༎  མུ་འགོད་

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.