སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐྱེས་རབས་གསོལ་འདེབས།། | 2012/6/22 14:48:00

སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐྱེས་རབས་གསོལ་འདེབས།།

ཨེ་མ་ཧོ།  རིག་བརྒྱའི་ཁྱབ་བདལ་བོན་སྐུ་ཀུན་ཏུ་བཟང་། མ་འགག་རྣམ་རོལ་རྫོགས་སྐུ་སྨྲ་བའི་སེང་།

 དབྱེར་མེད་ལི་ཤུས་སྤྲུལ་སྐུ་ཡོངས་འཛིན་མཆོག སྐུ་ཚེ་ཞབས་པད་བསྐལ་བརྒྱར་བཞུགས་གསོལ་འདེབས།

ལོག་ལྟ་དུན་རྩེ་འདུལ་བས་ཕྲིན་ལས་ཅན།

སྟག་ལའི་ཐུགས་སྤུལ་འཆི་མེད་གཡུང་དྲུང་མཆོག  སྐུ་ཚེ་ཞབས་པད་བསྐལ་བརྒྱར་བཞུགས་གསོལ་འདེབས།

བདག་སོགས་གདུལ་བྱའི་དཔལ་དུ་འཚོ་བཞེས་གསོལ།

གཤེན་རབ་ཐུགས་ཀྱི་བསྟན་པའི་གཉེར་དཔོན་མཆོག དྲན་པ་དངོས་བྱོན་ཀུན་འགྲུབ་རྒྱལ་སྲས་མཆོག སྐུ་ཚེ་ཞབས་པད་བསྐལ་བརྒྱར་བཞུགས་གསོལ་འདེབས། བདག་སོགས་གདུལ་བྱའི་དཔལ་དུ་འཚོ་བཞེས་གསོལ།

མཉམས་མེད་བླ་མའི་རྒྱལ་ཚབ་འགྲོ་བའི་མགོན། རིན་ཆེན་རྒྱལ་མཚན་རྣམ་སྤྲུལ་ཡོངས་འཛིན་མཆོག སྐུ་ཚེ་ཞབས་པད་བསྐལ་བརྒྱར་བཞུགས་གསོལ་འདེབས། བདག་སོགས་གདུལ་བྱའི་དཔལ་དུ་འཚོ་བཞེས་གསོལ།

མདོ་སྔགས་བསྟན་པ་གསལ་བྱེད་མཁས་པའི་ཕུལ། ཉི་བསྟན་རྣམ་རོལ་བསྟན་འཛིན་རྣམ་དག་མཆོག སྐུ་ཚེ་ཞབས་པད་བསྐལ་བརྒྱར་བཞུགས་གསོལ་འདེབས། བདག་སོགས་གདུལ་བྱའི་དཔལ་དུ་འཚོ་བཞེས་གསོལ།

ཞེས་ཞབས་བརྟན་གསོལ་འདེབས་འདི་ནི་མོས་གུས་དང་དད་པ་དག་སྣང་བཅས་ལས་བྱུང་བ་ཞིག་ཡིན་པས་ཚིག་སྦྱོར་སོགས་གང་ས་ཅི་ཐད་ནས་སྐྱོན་ཇི་སྙེད་གཅིག་ཡོད་སྲིད་ན་དཔལ་ལྡན་བླ་མར་བཤགས་སོ་བླ་མའི་སྐྱེས་རབས་འདི་དག་སུས་ངོས་འཛིན་བྱས་པ་རེད་སྙམ་ན་སྔོན་བྱོན་རིག་འཛིན་འཇའ་ལུས་པ་གཙུག་ཕུད་འོད་གསལ་སོགས་ཀྱིས་མཛད་བྱང་ལས་སོ། རིག་འཛིན་འདི་དག་གི་སྤྲུལ་པ་ཡིན་མིན་ལ་ཐེ་ཚོམ་ཟ་མི་དགོས་ཏེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་མཛད་ཕྲིན་ལས་ཤེས་སོ། གང་ལགས་ཞེ་ན་རྒྱལ་བ་གཤེན་རབ་མི་བོ་སླར་མི་ཡུལ་དུ་བྱོན་པ་ལྟར་ཡོངས་འཛིན་རིན་པོ་ཆེ་མཆོག་གི་དང་པོ་བོད་ཡུལ་སྨན་རིའི་གནས་སུ་སྨིན་གྲོལ་བུ་སློབས་སྐྱོང་ནས་བསྟན་འཛིན་སྐྱེས་མཆོག་ཇི་སྙེད་གཅིག་སྐྲུན་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་མཁན་མང་པོ་བྱུང་བ་དང་དེ་བཞིན་དུ་རྒྱ་གར་དང་བལ་ཡུལ་ཕ་རན་སུ་སོགས་ཕྱི་རྒྱལ་གྱི་ཡུལ་གྲུ་དུ་མར་བཤད་སྒྲུབ་སྒོམ་གསུམ་གྱི་གནས་གཞི་དང་འདུས་སྡེ་གསར་དུ་གཙུག་ནས་སྐལ་ལྡན་མང་པོ་ཐར་ལམ་ལ་དཀྲི་བས་མ་ཚད་མཁས་བཙུན་བཟང་གསུམ་ལྡན་པའི་སྐྱེས་མཆོག་མང་པོ་ཞིག་སྔ་རྗེས་སུ་སྐྱབས་རྗེ་མཆོག་གི་བཀའ་དྲིན་ལས་སྨིན་གྲོལ་བྱུང་བ་དེ་དག་གི་རྒྱལ་ཕྱི་ནང་གང་སར་མིང་ཙམ་མ་ཡིན་པའི་གཡུང་དྲུང་བོན་འཛིན་སྐྱོང་སྤེལ་གསུམ་མཛད་བཞིན་འདུག་སྟེ་སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་གི་དྲུང་ནས་སློབ་ཐོན་བྱུང་བའི་དངོས་སློབས་དང་ཡོངས་སློབ་སློབ་རྒྱུད་བཅས་ཀྱི་ང་རྒྱལ་གྱི་བྲག་ཆེན་དང་ཁེང་སེམས་གྱི་རི་བོ་ནི་ཞི་བ་ཡི་ཐང་ལ་བདལ་ཕྲག་དོག་གི་ཚེར་མ་ནི་ཡངས་པ་ཡི་རྩ་བ་ནས་བཀོག་སྟེ་བློ་བརྩེ་གཅིག་ཏུ་སྒྲིལ་ནས་བོན་བསྟན་བཤད་སྒྲུབ་སྒོམ་པའི་སྲོག་བཟུང་ཐུབ་པ་འདི་དག་གཅིག་ནས་ཁོང་རྣམ་པའི་སྔོན་བསགས་བསོད་ནམ་གྱི་འབྲས་བུ་ཡིན་པས་མ་ཚད་ཐོག་མའི་དམ་བཅའ་བསླབ་པ་སློབས་གཉེར་དང་ཐོས་བསམ་སྦྱོང་པའི་དགོས་པ་ཐོབ་གོ་ས་མིང་སྙན་གྲགས་བཀོར་ཁ་ཐབས་ཀྱི་ཆེད་དུ་མ་ཡིན་པར་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་འགྱུར་མེད་ཀྱི་དམ་བཅའ་བརྟན་པོའི་བཟོད་པའི་གོ་གོན་ང་རྒྱལ་གྱི་འགོ་སྨད་ཐབས་ཤེས་ཟུང་དུ་འབྲེལ་ནས་བློ་བརྩེ་གཅིག་ཏུ་སྦྲེལ་བས་དོན་ཡིན་ཀྱང་གཉིས་སུ་སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་གི་ཐུགས་རྗེ་དང་མཐུ་སྟོབས་ནུས་པས་བཀའ་དྲིན་ཡིན་པ་ལས་བོན་ལ་དེ་སྔོན་བཤད་སྒྲུབ་སྒོམ་པའི་སྲོལ་དང་སློབ་སྦྱོང་མཛད་པའི་སྲོལ་བཟང་ཡོད་ཀྱང་། དགོན་སྡེ་དང་དགོན་སྡེའི་བར་བླ་མ་དང་བླའི་བར། མཁན་པོ་དང་མཁན་པོ་བར། དགེ་བཤེས་དང་དགེ་བཤེས་བར། གྲྭ་པ་དང་གྲྭ་པའི་བར་ང་ཁྱོད་ཀྱི་ཕྱོགས་རིས་དང་ལ་བརྒྱའི་ཕྱོགས་སུ་ལྷུང་ནས་ཕྲག་དོག་གི་རྩོད་པ་གང་མང་བྱུང་མྱོང་བའི་ལོ་རྒྱུས་ཡོད་ལ་དགོན་པ་ནང་ཁུལ་ལའང་ང་མཐོ་ཁོ་འཇིག་ཁྲི་མཐོ་དམན་སོགས་ཕྲག་དོག་གི་རྩོད་པའི་དགོན་པ་འཐོར་རྐྱེན་བྱུང་བའའི་ལོ་རྒྱས་ཀྱང་བཤད་རྒྱུ་མི་ཉུང་དེང་སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་གི་ཐུགས་རྗེ་སྐྱོབས་འོག་ཏུ་འཚོ་མྱོང་བའི་དཔེ་ཆ་བ་ཡིན་པ་མང་ཆེ་བའི་སློབ་སྦྱོང་གནང་སའི་འཁོར་ཡུག་ནང་ལྷིང་འཇག་དང་སྤྲོ་སྣང་ཞིག་རང་བཞིན་དུ་འདུག་ལ་ང་མཐོ་ང་འཇིག་དང་ཕྲག་དོག་རྩོད་པ་ནི་རང་བཞིན་དུ་མི་མངའ་བར་བསྟན་པ་གང་སར་སྤེལ་རྒྱུ་ལ་ངལ་བ་ཁྱད་བསད་དང་གདོང་མཆོང་ངར་མ་སྐོར་ཞིག ་བསྡུ་བ་བཞི་དངོས་སུ་ལག་བསྟར་བྱེད་ནས་ཁ་བཤད་དང་ལག་ལེན་མ་འཛོལ་བ་མཛད་མཁན་ཁྱུ་གཅིག་འདུག་པ་ལས་ཀྱང་ཤེས་སོ།།ཨམཐའ་ཞུ་འོད་རྒྱས་པས་སོ།

བསླུ་མེད་གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ། སྙིགས་མ་ལྔ་བདོའི་སྐྱབས་གཅིག་ཡབ་སྲས་ཡུམ།

བསྟན་པའི་སྲུང་མ་མཆོག་སྲིད་པའི་རྒྱལ།

རྒྱལ་ཀུན་འདུས་གཙོ་དྲིན་ཆེན་བླ་མ་མཁྱེན།

བརྩེ་གཅིག་གསོལ་བ་བཏབ་པས་རེ་འབྲས་སུ། གཡུང་དྲུང་བོན་བསྟན་སྐྱོང་བའི་བསྟན་འཛིན་གྱི། བར་ཆོད་ཀུན་སོལ་བསམ་དོན་མཐར་ཕྱིན་ཤོག།

 

Re:སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐྱེས་རབས་གསོལ་འདེབས།། | 2012/6/22 20:53:45
སྐུ་མགྲོན་O63Vmy(སྐུ་མགྲོན)བཀའ་དྲིན་ཆེ་ཀུན་སློང་བཟང་པོའི་ངང་ནས་ཡག་པོ་སྤེལ་འདུག
བ་པ་ཙ་ཕ་ནས
རྩོམ་པ་པོ།:སྐུ་མགྲོན་O63Vmy(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐྱེས་རབས་གསོལ་འདེབས།། | 2012/6/22 21:23:43
སྐུ་མགྲོན་rv4Yqd(སྐུ་མགྲོན)སྐྱེས་རབས་གསོལ་འདེབས་འབྲི་བ་ལ་སྐྱེས་རབས་ཇི་བཞིན་མཁྱེན་དགོས་པ་ལས་འོལ་ཚོད་ཀྱིས་མིང་རྗིང་པོ་ཞིག་བཏགས་ནས་འདི་འདྲ་འབྲི་བ་ལ་བསམ་བློ་གཏོང་དགོས་པ་ལས་བཀའ་དྲིན་ཆེ་ཞུ་ཚོད་མི་འདུག། ལར་ཡོངས་འཛིན་ཆེན་མོའི་སྐྱེས་རབས་གསོལ་འདེབས་འབྲི་བ་ནི། རིག་པའི་ལྷ་དང་སྨྲ་བའི་རྒྱལ་པོའི་གསུང་གི་སྐལ་པར་ཕུལ་ན་འཚམས་པ་ལས་གཞན་གྱིས་གང་བྱུང་དུ་སྤེལ་རྒྱུ་ཡོད་པ་ཞིག་ཨི་ཡིན་ན། དྲང་སྲོང་ནས།
རྩོམ་པ་པོ།:སྐུ་མགྲོན་rv4Yqd(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐྱེས་རབས་གསོལ་འདེབས།། | 2012/6/22 21:29:03
སྐུ་མགྲོན་rv4Yqd(སྐུ་མགྲོན)རྩོམ་པ་པོ་ལགས་ངས་རྩམ་པའི་ཁ་སྐྱོར་རམ་པས་བྱེད་འདོད་གཏན་ནས་མི་འདུག་ཧཧ འབྲིང་རྒྱུད་ནས།
རྩོམ་པ་པོ།:སྐུ་མགྲོན་rv4Yqd(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐྱེས་རབས་གསོལ་འདེབས།། | 2012/6/24 21:19:41
སྐུ་མགྲོན་13Ylc5(སྐུ་མགྲོན)ཡ་ཁྱེད་རང་གིས་སྤྱིར་སྐྱེས་རབས་གསོལ་འདེབས་འབྲི་བའི་ཀུན་སློང་བཟུང་བ་དེ་ཡག་བྱུང་ཀྱང་། དོན་གྱི་བླ་མ་ཁོང་ལྟ་བུ་ལ་སྐྱེས་རབས་དང་བླ་བརྒྱུད་ཞེས་མང་པོ་ཞིག་ཟེར་ཆེ་ན་མི་ཡག་སྙམས་བྱུང་། གཡུ་བུ་མོ་གཉིས་གི་ངོས་གདོང་གསལ་འདུག་དུས་མང་པོ་ཞིག་གསུང་དགོས་དོན་མེད།
གྲོགས་ཞིག་ནས།།
རྩོམ་པ་པོ།:སྐུ་མགྲོན་13Ylc5(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐྱེས་རབས་གསོལ་འདེབས།། | 2012/6/24 21:32:24
སྐུ་མགྲོན་KOf6IV(སྐུ་མགྲོན)མཆན་༤པ་དེ་ཤིན་ཏུ་བདེན་འདུག ཡོངས་འཛིན་རིན་པོ་ཆེ་ལ་སྐྱེས་རབས་གསོལ་འདེབས་ཟེར་བ་ཞིག་དགོས་དོན་མི་འདུག རང་གིས་དད་མོས་དབང་གིས་དེ་འདྲ་དགོས་བསམ་ན་རང་གི་ཁ་ཐོན་གྲལ་དུ་འཇོག་ནས་ནང་ནུབ་ཚར་རེ་མ་ཆགས་པ་བྱས་ན་དེ་གས་ཆོག་པ་ལས་སྐྱེས་རབས་གསོལ་འདེབས་ཞེས་དྲ་ཐོག་ཏུ་མི་དམངས་ལ་ངོམ་པའམ་གསལ་པོ་ཆེ་ལ་གསལ་བཤད་ཅིག་ཅིས་ཀྱང་མི་དགོས་སྙམ། གཟུར་གནས་ཞིག་གིས།
རྩོམ་པ་པོ།:སྐུ་མགྲོན་KOf6IV(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.