སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྐྱབས་རྗེ་སྨན་རིའི་མཁན་ཆེན་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས། | 2012/6/22 14:45:00

སྐྱབས་རྗེ་སྨན་རིའི་མཁན་ཆེན་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།

ཨེ་མ་ཧོ། ལུང་རྟོགས་གཡུང་དྲུང་བོན་གྱི་བསྟན་པའི་བདག

གླིང་བཞི་མཁའ་ལ་འཕག་པའི་ཉི་མ་སྟེ།

རྒྱལ་བ་གཉིས་པའི་ཁྲི་འཛིན་སྨན་རི་བ།

ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས། སྐུ་ཚེ་ཞབས་པད་བསྐལ་བརྒྱར་བཞུགས་སུ་གསོལ།

གང་སྐུ་འགྱུར་མེད་སྟོན་ཟླ་རི་བོང་འཛིན།

བསྟན་འཛིན་རྒྱུ་སྐར་ཚོགས་པའི་དབུས་ན་མཛེས།

མཁས་གྲུབ་བྱེ་བའི་གཙུག་རྒྱན་སྨན་རི་བ།

ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས། སྐུ་ཚེ་ཞབས་པད་བསྐལ་བརྒྱར་བཞུགས་སུ་གསོལ།

གང་གསུང་འགག་མེད་ལྷ་ཡི་རྔ་བོ་ཆེ།

ཚད་གསུམ་བདེན་པ་གྱེར་གྱི་ཙ་ཀྲ་བསྐོར།

མདོ་སྔགས་བསྟན་པ་སྤེལ་བས་སྨན་རི་བ།

ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས། སྐུ་ཚེ་ཞབས་པད་བསྐལ་བརྒྱར་བཞུགས་སུ་གསོལ།

གང་ཐུགས་ཕྱོགས་བཅུ་སངས་རྒྱས་དགོངས་པའི་མཐིལ།

ཟབ་མོ་རྫོགས་ཆེན་ལྟ་བ་ཀློང་དུ་གྱུར།

ཡང་དག་དོན་གྱི་རྣལ་འབྱོར་སྨན་རི་བ།

ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས། སྐུ་ཚེ་ཞབས་པད་བསྐལ་བརྒྱར་བཞུགས་སུ་གསོལ།

ཕྲ་རགས་བརྟན་གཡོའི་དྭངས་བཅུད་ཕྱྭ་ཚེ་ཀུན།

མ་ལུས་གཅིག་ཏུ་དྲིལ་བས་སྙིང་པོའི་སྲོག

ལས་རླུང་དབྱིངས་སུ་དག་པའི་ཡེ་ཤེས་རྒྱུན།

འཕོ་བྲལ་དབུ་མའི་དབུས་སུ་ཡོངས་ཚུད་སྟེ།

མི་འགྱུར་གཡུང་དྲུང་སྐུ་མཆོག་འགྲུབ་པར་ཤོག

དཀོན་མཆོག་རྩ་གསུམ་སྲུང་མའི་བདེན་སྟོབས་ཀྱིས། བདག་གི་བདེན་ཚིག་འགྲུབ་པའི་མཐུན་འགྱུར་མཛོད།

མཐའ་ཞུ་འོད་རྒྱས་པས་གསོལ་བ་བརྩེ་གཅིག་བཏབས་སོ།།

བསླུ་མེད་གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ། སྙིགས་མ་ལྔ་བདོའི་སྐྱབས་གཅིག་ཡབ་སྲས་ཡུམ།

བསྟན་པའི་སྲུང་མ་མཆོག་སྲིད་པའི་རྒྱལ།

རྒྱལ་ཀུན་འདུས་གཙོ་དྲིན་ཆེན་བླ་མ་མཁྱེན།

བརྩེ་གཅིག་གསོལ་བ་བཏབ་པས་རེ་འབྲས་སུ། གཡུང་དྲུང་བོན་བསྟན་སྐྱོང་བའི་བསྟན་འཛིན་གྱི། བར་ཆོད་ཀུན་སོལ་བསམ་དོན་མཐར་ཕྱིན་ཤོག།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.