སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཚེ་འབུམ་རྫོང་ཁྲོད་ཀྱི་ལོ་རྒྱུས་བཞུགས། | 2012/6/22 14:40:00

ཚེ་འབུམ་རྫོང་ཁྲོདཀྱི་ལོ་རྒྱུས་བཞུགས།

ཚེ་འབུམ་རྫོང་ཁྲོད་ནི་སྔར་མཁས་པ་མི་བཞི་དང་ལི་ཤུ་ སྟག་རིང་སོགས་ཀྱི་སྒྲུབ་གནས་བྱིན་ཅན་དང་ཕྱིས་སུ་གསང་སྔགས་གླིང་པའི་མདུན་ཤར་དུ་བསྟན་པའི་རི་རྩེ་གསུམ་འདི་ནི།     ཕྱི་ལྟར་དྲན་པ་ཡབ་སྲས་གསུམ་གྱི་ངང་ཚུལ་དང་། ནང་ལྟར་དབུས་དབལ་གསས་གཡས་ལྷ་རྒོད་གཡོན་གཙོ་མཆོག་གི་ངོ་བོ་དང་༎  གསང་བ་ལྟར་ན་སྐུ་གསུམ་སངས་རྒྱས

་ཀྱི་གནས་རི།ངོས་འཛིན་གནང་ཏེ་གནས་སྒོ་ཕྱེས།བསྐོར་ལམ་བསྟོད་ནས། བསྐོར་བ་རེ་ལ་སྙིང་པོ་རྣམ་གསུམ་འབུམ་རེའི་ཕན་ཡོན་ཡོད་པར་གསུང་།ཤིང་ཡོས་༼༡༩༡༥༽ལོར་སུ་སྡེར་སྐལ་བཟང་རྒྱལ་མཚན་དང་ གུ་ལུས་གཡུང་དྲུང་དབང་གྲགས་རྣམ་གཉིས་ཀྱི་མཚམས་ཁང་བཞེང་ནས་ཉམས་ལེན་མཛད་  དེ་རྗེས་མཁར་ནེ་དགེ་རྒན་དང་ནག་རི་མཁན་པོ་ཚུལ་ཁྲིམས་ཕུན་ཚོགས་སོགས་གུས་སེར་མཚམས་པ་འགའ་རིག་གསར་བར་དུ་བཞུགས་སོ༎

སླར་རི་ཁྲོད་བསྐྱར་གསོ་མཛད་མཁན་་འཁྲུལ་ཞིག་བོན་དབྱིངས་རང་གྲོལ་མཆོག་ལྕགས་རྟ་སྤྱི་ལོ་༡༩༣༠ལོར་མཁར་ནེ་ལ་འཁྲུངས་སྔ་རྗེས་སུ་བཟོད་པ་རིན་པོ་ཆེ་དང་། རྩ་བླ་ཚུལ་ཁྲིམས་རྒྱལ་མཚན། ཚུལ་ཁྲིམས་ཕུད་ཚོགས།       རྒྱལ་ཚབ་བློ་གྲོས་རྒྱ་མཚོ།  སུ་ལ་བསྐལ་བཟང་རྒྱལ་མཚན།   བྱ་བཏང་ཚེ་དབང་འགྱུར་མེད་བཅས་ལ་བརྟེན་ནས་མདོ་སྔགས་སེམས་གསུམ་གྱི་ཁྲིད་དང་དབང་ལུང་མན་ངག་ཞུས་ནས་ཐོས་བསམ་སྒོམ་སྒྲུབ་ཞོར་དུ་སྔོན་འགྲོ་དང་དངོས་གཞི་རྩ་རླུང་མུན་མཚམས་ཐོད་རྒལ་སོགས་ཉམས་ལེན་མཛད།   སྤྱི་ལོ་༡༩༦༡ལྕགས་གླང་ལོར་དུས་དབང་གིས་ཞང་བཟའ་རིན་ཆེན་མོ་དང་ལྷན་དུ་དོན་གྱི་ཉམས་ལེན་སྐྱོང་བཞིན་མཁར་ནེར་བཞུགས་ཤིང་སྲས་ལྕམ་དྲལ་འགའ་འཁྲུངས།   ཤིང་གླང་སྤྱི་ལོ་༡༩༨༥ལོར་རྫོང་གསེབ་རི་ཁྲོད་སླར་གསོ་མཛད་ནས་བཞུགས་སྐབས་སྔ་རྗེས་སུ་རྩེ་དྲུག་དང་རི་ཁྲོད་ཀོ་དགོན་བཅས་སུ་གདན་དྲང་ནས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་ ཁྲིད་ལུང་ཞུས་པ་གནང་ནས་སྒོམ་སྒྲུབ་ཀྱི་བསྟན་པ་སྤེལ་བར་མཛད་དེ་རྗེས་ཁྱུང་ནག་དགོན་བསམ་གཏན་གླིང་བསྐྱར་གསོ་བྱ་རྒྱུའི་ཆོག་མཆན་སྔོན་ནས་ཐོབ་ཀྱང་དགོན་པ་བཞིང་སའི་ས་ཆ་གྲོས་མ་མཐུན་པར་ལོ་ཤས་ཕྱི་འགྱང་སོང་བའི་ཆུ་སྤྲེལ་༼༡༩༩༢༽ལོར་མཐའ་ཞུ་བླ་མ་རྣམ་གཉིས་དང་ལྷན་དུ་ཁྱུང་ནག་དགོན་པ་ཚེ་འབུམ་རྫོང་ཁྲོད་དུ་སྤོས་ནས་གསར་དུ་བཞེང་བཞིན་པའི་སྐབས་ཤིང་ཁྱི་༼༡༩༩༤༽ལོར་ཞིང་ལ་ཕེབས་སྐུ་གདུང་ཞུགས་ལ་འབུལ་སྐབས།འཇའ་དཀར་པོ་ཞིག་ནམ་མཁའི་དབྱིངས་ནས་ཤར་རེར་གདུང་ཁང་སྟེང་དུ་ཟུག་པ་སོགས་ངོ་མཚར་གྱི་ལྟས་སྣ་ཚོགས་བྱུང་ངོ་༎    ཀྲོང་དཀར་པོས་བྲིས་དགེའོ།།

 

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.