སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གཟི་ཀིས་བདེ་ལྡན་སྨིན་གྲོལ་རི་ཁྲོད་ཀྱི་ལོ་རྒྱུས་བཞུགས། | 2012/6/22 14:39:00

གཟི་ཀིས་བདེ་ལྡན་སྨིན་གྲོལ་རི་ཁྲོད་ཀྱི་ལོ་རྒྱུས་བཞུགས།

གཟི་ཀིས་བདེ་ལྡན་སྨིན་གྲོལ་རི་ཁྲོད་ནི་སྔར་དྲན་པ་ནམ་མཁའ་དང་ལི་ཤུ་སྟག་རིང་ཁྱུང་པོ་གྱེར་ཆེན་ཟླ་མེད་བཅས་ཀྱི་སྒྲུབ་པ་མཛད་ནས་བཞུག་ཅེས་དང་ཕྱིས་སུ་དབལ་འབར་སྟག་སླག་ཅན་ཀྱི་གནས་སྒོ་ཕྱེས་  ཤིང་དཀར་མོ་སྲིད་རྒྱལ་གྱི་གནས་རི་ལ་ངོས་འཛིན་གནང་དེ་རྗེས་རི་ཁྲོད་ཕྱག་འདེབས་མཁན་འཇའ་ལུས་ཉེར་ལྔའི་ནང་ཚན་  ཚུལ་ཁྲིམས་ཕུད་ཚོགས་མཆོག་ནི་ཆུང་ནས་སྐྱེས་ཐོབ་ཤེས་རབ་ལྡན་ཞིང་འབྲི་ཀློག་སོགས་མཁས་པར་སྦྱོང་དེ་ནས་ཤར་རྫ་རིན་པོ་ཆེའི་མདུན་བཅར་ནས་ཁྲིད་ལུང་དབང་གསུམ་ཞུས་ཏེ་ཐོས་བསམ་སྒོམ་སྒྲུབ་དང་ཉམས་ལེན་གནང་ དེ་མཚམས་ཁྱུང་ཡུལ་དུ་ཡར་ཕེབས་ནས་རྩེ་དྲུག་ཏུ་སྒྲུབ་གྲྭའི་མཁན་པོ་མཛད་དེ་ལོ་གསུམ་ལྷག་ལ་བཞུགས་ནས་བོན་འཁོར་བསྐོར་དེ་ནས་རྩེ་དྲུག་ཏུ་སྒྲུབ་གྲྭའི་མཁན་པོ་སྨོན་ལམ་དང་བཙོན་འགྲུས་གཉིས་བསྐོས་ནས་ཡབ་ཡུལ་ཁྱུང་ནག་དུ་ཡར་ཕེབས་ནས་རྫོང་ཁྲོད་དུ་མཚམས་ཁང་བཞེངས་ནས་ལོ་ཤས་བཞུགས་དེ་ནས་གཟི་ཀིས་ལ་ཡར་བྱོན་ནས་བདེ་ལྡན་སྨིན་གྲོལ་རི་ཁྲོད་ཅེས་པ་ཕྱག་བཏབ་ནས་ལོ་བདུན་བརྒྱད་ཙམ་བཞུགས་ཏེ་ཕྱོགས་ཐ་གྲུ་ནས་འདུས་པའི་སློབ་མ་རྣམས་ལ་འཆད་ཉན་སྒོམ་སྒྲུབ་གྱི་སྲོལ་གཙུག་ནས་སྨིན་གྲོལ་དོན་ལྡན་མཛད་དེ་རྗེསཁྱུང་ནག་དགོན་པའི་དགོན་པའི་བླ་མ་གྲགས་སྡིས་མཆོག་གིས་ནག་རུའི་སྡེ་དཔོན་རྣམས་དང་གྲོས་བྱས་ནས་ཚུལ་ཁྲིམས་ཕུན་ཚོགས་སྒྲུབ་གྲྭའི་མཁན་པོར་མངའ་གསོལ་ནས་གཡུང་དྲུང་བསམ་གཏན་གླིང་དུ་སྤྱི་ལོ་༡༩༥༧མེ་བྱ་ལོར་གྲྭ་བཙུན་ལྔ་ཙམ་ཡོད་པའི་སྒྲུབ་གྲྭ་ཞིག་དབུ་ཚུགས།  སྤྱི་ལོ་༡༩༥༨ས་ཁྱི་ལོར་མཁན་པོ་སྟོད་ཧོར་ཕྱོགས་སུ་གདུལ་བྱར་བྱོན།  སྤྱི་ལོ་༡༩༥༩ས་ཕག་ལོར་བོད་ཟླ་༨པར་སྐུ་གཤེགས་སོདེ་རྗེས་ཕྱིས་སུ་ཆོས་དད་རང་མོས་སྐབས་རི་ཁྲོད་བསྐྱར་གསོ་གནང་མཁན་ མཐའ་ཞུ་དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་རྒྱལ་མཚན་མེ་རྟ་སྤྱི་ལོ་༡༩༦༦ལོར་འཁྲུངས་ཤིང་ཆུང་ནས་དད་དང་སྙིང་རྗེ་ལྡན་ཞིང་འབྲི་ཀློག་བསླབ་པ་ཙམ་གྱིས་མཁྱེན་ཞིང་

  དགུང་ལོ་བཅུ་བཞི་ནས་རྩེ་དྲུག་བླ་མ་རིན་རྒྱལ་གྱི་མདུན་ནས་གཙང་ཁྲིམས་ཞུས་ཏེ་སྒྲུབ་གྲྭར་ཞུགས་ནས་མདོ་སྔགས་སེམས་གསུམ་ལ་ཐོས་བསམ་མཛད་ཞོར་སྔོན་འགྲོ་ དང་དངོས་གཞི་རྩ་རླུང་མུན་མཚམས་སོགས་ལ་ཉམས་ལེན་མཛད།  དེ་ནས་བོན་རི་དང་། སྨན་རི།        གཤེན་ཚང་། ཞུ་ཚང་སོགས་ལ་མཆོད་མཇལ་དང་གནས་བསྐོར་དུ་བྱོན། དེ་ནས་སློབ་དཔོན་དྲང་སྲོང་གཡུང་དྲུང་མདུན་མཚན་ཉིད་སྦྱངས་         ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་མདུན་ནས་སྔགས་རྫོགས་ཀྱི་ཁྲིད་དང་དབང་ལུང་ཟབ་མོ་མང་པོ་དང་དྲང་སྲོང་གི་ཁྲིམས་ཆེན་ཉིས་བརྒྱ་ལྔ་བཅུ་ཞུས།          དེའི་སྔ་རྗེས་སུ་རྩེ་དྲུག་མཁན་པོ་གཙུག་ཕུད་ཚུལ་ཁྲིམས་དང་།      རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་།                  བེ་རི་རྟོགས་ལྡན་ཚུལ་ཁྲིམས་དགའ་བ།           ཁ་བོ་རྟོགས་ལྡན་ཤེས་རབ་ཕུན་ཚོགས།         འཁྲུལ་ཞིག་བོན་དབྱིངས་རང་གྲོལ་ལ་སོགས་བསྟེན་ནས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་ཁྲིད་དང་དབང་ལུང་མན་ངག་མང་པོ་ཞུས་པ་རྣམས་རྒྱུད་ལ་སྦྱར་ནས་ཉམས་སུ་ལེན་དགོས་དགོངས་ནས་ཆུ་བྱ་སྤྱི་ལོ་༡༩༩༣ལོར་གཟི་ཀིའི་ལ་རི་ཁྲོད་བསྐྱར་གསོ་གནང་ནས་བཞུགས་ཏེ།         ཚེ་གཅིག་བསྙེན་སྒྲུབ་དང་ཉམས་ལེན་ཁོ་ན་ལས་ལྟོ་གོས་གཏམ་གསུམ་གྱི་རྗེས་ལ་ལན་གཅིག་ཀྱང་བྱོན་མ་མྱོང་བར་ཉིན་མཚན་མེད་པར་དགེ་སྦྱོར་ལ་བཙོན་འགྲུས་མཛད་པ་ལས་རྣམ་གཡེངས་དང་།         ལེ་ལོ་གུ་ཡངས་སོས་དལ་དུ་ཡུད་ཙམ་ཡང་བཞུགས་མྱོང་མེད་པར་སྐུ་ཚེ་དོན་ཡོད་ཀྱི་སྒོམ་སྒྲུབ་ལ་བསྐྱལ་བར་མཛད།  ཕྱོགས་ཀྱི་དད་འདུན་བྱུང་རིགས་ལ་ལུང་དབང་ཁྲིད་གསུམ་གང་དགོས་གནང་བས།   རྒྱུད་སྨིན་ཞིང་གྲོལ་བ

འི་སློབ་མ་ཡང་མང་པོ་བྱུང་ངོ་༎དེ་ལྟར་བླ་མ་ཁོང་ནི་ཕྱི་ལྟར་དགེ་སློང་ཉིས་བརྒྱ་ལྔ་བཅུ་ལ།  བསླབ་གསུམ་སྲུང་ཁྲིམས་དྲི་མེད་ཨུད་འབར་བཞིན།    ནང་དུ་སྔགས་ཀྱི་ཟབ་དོན་དབང་ལ་འབྱོར།  གྲུབ་གཉིས་ནོར་བུའི་གཏེར་ཆེན་ཉིད་ལ་སྤྱོད།  གསང་བ་སེམས་ཉིད་སྐྱེ་འགག་མཐའ་བྲལ་དོན།  རྟོགས་པའི་རྫོགས་ཆེན་རྣལ་འབྱོར་ཆེན་པོ་སྟེ།   འཆད་ཉན་ཚེ་ན་སྡེ་སྣོད་གཞུང་བརྒྱ་འཁྲོལ།  རྩོད་པའི་གྲྭ་རུ་ལོག་སྨྲའི་འགལ་འབྲེལ་གཅོད།   རྩོམ་པའི་ལེགས་བཤད་མཁས་བརྒྱའི་ཡིད་དབང་འགུགས། དེ་ལྟར་སྐྱོན་སྤངས་ཡོན་ཏན་ལེགས་ལྡན་པའི། དམ་པའི་རྣམ་ཐར་བྱིས་བློས་མི་དཔོག་ཀྱང་།  དད་པའི་སེམས་ཀྱིས་མདོ་ཙམ་བརྗོད་པ་ལས།   གཅམ་བུའི་སྒྲོ་འདོགས་སྨྲས་པ་ག་ལ་ཡིན།དེ་ནས་དགུང་ལོ་སོ་ལྔར་བཞེས་དུས་ཁྱུང་ནག་ལྷ་སྡེ་ཡོངས་དང་དབུ་ཁྲིད་བླ་གྲྭ་སོགས་ཀྱི་རེ་མདུན་ཡང་ཡང་ཞུས་པ་བཞིན་བསམ་གཏན་གླིང་དགོན་གྱི་དབུ་བླར་མངའ་གསོལ་ཁྲི་འདོན་སོགས་རྟེན་འབྲེལ་བྱས།  དགུང་ལོ་སོ་དྲུག་ལྕགས་སྦྲུལ་སྤྱི་ལོ་༢༠༠༡ལོའི་དགུན་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་འཇའ་འོད་སྣ་ལྔའི་གུར་ཁྱིམ་སོགས་ངོ་མཚར་གྱི་ལྟས་དུ་མ་བཅས་ཞིང་ལ་ཕེབས་ཤིང་གདུང་ལས་རིང་བསྲེལ་ཤེལ་མདོག་གསུམ་བྱོན་པའོ།།

དེའི་རྒྱུད་འཛིན་རྟོགས་ལྡན་ཚུལ་ཁྲིམས་མཐར་ཕྱིན་སོགས་ཀྱི་སྒོམ་སྒྲུབ་གྱི་སྲོལ་འཛིན་ནས་བཞུགས་སོ༎   ཀྲོང་དཀར་པོས་བྲིས་དགེའོ།།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.