མན་ཌལ་རི་ཁྲོད་ཀྱི་ལོ་རྒྱུས་བཞུགས།
མན་ཌལ་རི་ཁྲོད་ནི་སྔར་བོན་གཤེན་རིག་འཛིན་རྣམས་གྱི་བྱིན་གྱིས་རློབས་ཤིང་དབལ་ཆེན་གེ་ཁོད་ཀྱི་གནས་རི་ཚུལ་གསལ། བར་དེར་འགྲན་བྲལ་བསོད་ནམ་རྒྱལ་མཚན་དང་རྗེ་བཙུན་ཚུལ་ཁྲིམས་དཔལ་བཟང་ཚེ་དང་སྒྲུབ་པ་མཉམས་ཤིང་ ནམ་མཁའི་བྱ་ལའང་ཁྲིད་ཐོབ་པར་གྲགས་སོ་རིག་འཛིན་དབལ་འབར་སྟག་སླག་དགུང་ལོ་ཆུང་དུས་གནས་འདིར་ལོ་མང་བཞུགས་པ་གསལ་དེ་རྗེས་ནེ་མོ་རྟོགས་ལྡན་རྣམ་གཉིས་དང་ མཐའ་ཞི་བླ་མ་བཟོད་པ ་མ་ནི་དགེ་རྒན་ དཔོན་ལྷ་བེ་རོ་རྟོགས་ལྡན་བཅས་བཅོས་བསྒྱུར་མ་བྱས་བར་དུ་བསྙེན་བསྒྲུབ་ཉམས་ལེན་བྱེད་མཁན་མཚམས་པ་རྒྱུན་མ་ཆད་པར་བཞུགས་མཁན་བྱུང་འདུག་ལ་ཆོས་དད་རང་མོས་སྐབས་སྔོ་ཆེན་ཚུལ་ཁྲིམས་མཆོག་རྒྱལ་གྱི་ས་སྦྲུལ་ ༼༡༩༨༩༽ ལོར་རི་ཁྲོད་སྐྱར་གསོ་མཛད་དེ་སྒོམ་སྒྲུབ་ཀྱི་ བསྟན་པ་འཛིན་ནས་བཞུགས་སོ༎ ཁོང་ནི་ཆུང་ནས་ཡོན་ཏན་གཞི་མ་འབྲི་ཀློག་སྦྱོང་དེ་ནས་འཁྲུལ་ཞིག་བོན་དབྱིངས་རང་གྲོལ་མདུན་ནས་སྔོན་འགྲོ་དངོས་གཞི་འཁོར་འདས་རུ་ཤན་རྩ་རླུང་མུན་མཚམས་ཐོད་རྒལ་སོགས་སྦྱོང་པ་མཐར་ཕྱིན་གནང་ངོ་།
ཨ་ཀྲོང་དཀར་པོས་བྲིས་དགེའོ།།
- ཟིན་ཐོ་གོང་མ།༄༅།།ཁྱུང་ནག་དགོན་གྱི་བསྟན་རྒྱས་སྨོན་ལམ་བཞུགས།
- ཟིན་ཐོ་འོག་མ།གཟི་ཀིས་བདེ་ལྡན་སྨིན་གྲོལ་རི་ཁྲོད་ཀྱི་ལོ་རྒྱུས་བཞུགས།