སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༄༅།།ཁྱུང་པོའི་སྐད་དང་ཡི་གེའི་སྐོར། | 2012/6/17 20:07:00

༄༅།།ཁྱུང་པོའི་སྐད་དང་ཡི་གེའི་སྐོར།

དེ་ཡང་ཁྱུང་པོ་འདི་སྔར་ཞང་ཞུང་གི་་ཁོང་གཏོགས་སུམ་པའི་ཆ་ཤས་ཡིན་པར་བཤད་ཅིང་མདོ་འབུམ་རྒྱུད་མཛོད་རྣམས་ལས་ཞང་ཞུང་གི་སྐད་དང་སུམ་པའི་སྐད་བོད་སྐད་བཅས་སྐད་སོ་སོར་ཡོད་པ་གསལ་ལ།           སྐད་ཀྱི་གྲོལ་ཁུངས་ཀྱང་ཞང་ཞུང་གི་སྐད་ནི་ཡེ་སྲིད་ལྷ་ཡི་སྐད་ལས་གྲོལ་བ་དང་བོད་སྐད་ནི་སེང་ང་ལྷ་ཡི་སྐད་ལས་གྲོལ་བ་བསྟན། ཞང་ཞུང་གི་སྐད་ལ་ཡང་ཕུགས་པའི་སྐད་དང་བར་པའི་སྐད་སྒོ་པའི་སྐད་ཕལ་པའི་སྐད་བཅས་དབྱེ་བ་ལས་སྒོ་པའི་སྐད་ནི་ཞང་ཞུང་སྨར་གྱི་སྒྲ་སྐད་ཡིན་པར་བཤད་པའི་ཞང་ཞུང་གི་སྒོ་པའི་སྒོ་པ་སུམ་པ་གླང་གི་གྱིམ་ཤོད་དམ་ཁྱུང་པོའི་ཐོག་མའི་སྐད་དང་ཡི་གེ་ནི་ཞང་ཞུང་སྨར་གྱི་སྐད་དང་ཡི་གེ་ཡིན་པ་རག་ཙམ་དཔོག་ཐུབ་ལ། 

       སྤྱིར་མདོ་དབུས་ཁམས་གསུམ་གྱི་སྒྲ་སྐད་རྩ་བའི་ཆ་ནས་གཅིག་ཀྱང་དབུས་གཙང་རུ་བཞིའི་བོད་རིགས་ཀྱི་སྐད་དང་ འབྲོག་པའི་སྐད་དམ་ཨ་མདོའི་གཉིས་སྒྲ་གདང་དང་ལབ་སྟངས་ཁྱད་པར་ཤིན་ཏུ་ཆེ་ཞིང་སྔར་སུམ་པའི་སྐད་དམ་ད་ལྟའི་ཁམས་སྐད་ནི་དབུས་གཙང་དང་ཨ་མདོ་གཉིས་ཀའི་སྒྲ་གདང་དང་སྐད་འདྲེས་པས་ཡུལ་དེ་གཉིས་ཀའི་གོ་བདེ་བའི་བོད་རིགས་ནང་ཁམས་སྐད་ལབ་མཁན་མི་གྲངས་མང་ཤོས་དང་ཁྱབ་ཆེ་ཤོས་སུ་གྱུར་བདུག་སྙམ་ད་ལྟའི་ཁམས་སྐད་ལབ་མཁན་ནི་ལྷ་སའི་ཁོངས་གཏོགས་འདམ་གཞུང་རྫོང་ཁུལ་དང་།      ཉིང་ཁྲིའི་རྒྱ་མདའ་དང་།སྤོ་བོ་རྫོང་ཁུལ།  རྫ་ཡུད་དང་     ནག་ཆུ་ས་ཁུལ་ཡོངས་དང་།        ཆབ་མདོ་ས་ཁུལ་ཡོངས་ ཟི་ཁྲོན་གྱི་དཀར་མཛེས་ས་ཁུལ།- མཚོ་སྔོན་གྱི་སྐྱེ་རྒུ་ས་ཁུལ།ཡུན་ནན་གྱི་བདེ་ཆེན་བོད་རིགས་འདུས་སྡོད་ཁུལ་ཀན་སུ་ཀན་ལྷོ་བོད་རིག་འ

དུས་སྡོད་ཁུལ་སོགས་ལ་ཁྱབ་ཚུལ་ལ་དཔྱད་ན་ཡུལ་དེ་ཚོ་སྔར་སུམ་པའི་མངའ་ཁོངས་ལ་གཏོགས་པར་བསམས།            འོན་ཀྱང་སྔར་ཞང་ཞུང་གི་མངའ་ཁོངས་ད་ལྟའི་མངའ་རིས་ས་ཁུལ་གྱི་མཚོ་ཆེན་དང་སྒེར་རྩེ་དགེ་རྒྱས་སྤུ་ཧྲིང་བཅས་ཀྱི་སྐད་ནི་ཁམས་སྐད་དང་ཤིན་དུ་འདྲ་འདུག་ཁྱུང་པོའི་ཡི་གེ་ནི་སྤྱིར་བོད་ཡིག་ཚང་མར་སྤྱོད་ཅིང་དམིགས་བསལ་ཞང་ཞུང་གི་སྨར་ཆེན་དང་ཆེས་འདྲ་བའི་བོད་ཡིག་འབྲུ་མའམ་སྒུར་གྱི་བྲིས་གཟུགས་འདི་ཁྱུང་པོའི་ཁུལ་དུ་དར་ཁྱབ་ཆེ་ལ་ཡིག་གཟུགས་འདི་མཁས་པ་གྱིམ་ཚ་རྨ་ཆུང་གིས་ཞང་ཞུང་སྨར་ཆེན་ལ་དཔེ་བླངས་ནས་མཛད་ཅེས་ཡུལ་མིའི་བཤད་སྲོལ་ཡང་འདུག      བོད་ཀྱི་ལོ་རྒྱུས་འགའ་དང་རྒྱ་ཡི་ལོ་རྒྱུས་ཁ་ཤས་ནས་སྲོང་བཙན་གོང་དུ་བོད་ལ་ཡི་གེ་མེད་ཚུལ་གསལ་ཡང་།      སྐབས་དེར་ཡི་གེ་ཤེས་མཁན་གཙོ་བོ་བོན་སྒོར་ཞུགས་པའི་གང་ཟག་དང་བཙན་པོ་རྒྱལ་བློན་སོགས་རིམ་པ་མཐོ་གྲས་མ་གཏོགས་བོད་རིགས་ཞིང་འབྲོག་མང་ཚོགས་མང་ཆེ་བའི་ཡི་གེ་མི་ཤེས་པའང་སྲིད་དེ་དུས་རབས་ཉི་ཤུ་པའི་ནང་དུ་འང་བོད་རིགས་མང་ཆེ་བ་ཡིག་རྨོང་བ་ཡིན་པ་བཤད་པའི་བོད་དང་ས་འབྲེལ་གྱི་མི་རིགས་ཚོས་བོད་མི་མང་ཆེ་བའི་ཡིག་གེ་མ་ཤེས་པའི་བོད་ལ་ཡི་གེ་མེད་པར་སེམས་ནས་བོད་ལ་ཡི་གེ་མེད་པའི་ལོ་རྒྱུས་འདི་བྱུང་འདུག་སྙམ་    ལོ་རྒྱུས་ཁ་ཤས་ནས་སྐབས་དེའི་བོད་ཀྱི་ཡི་གེ་འང་ཞང་ཞུང་སྨར་ཡིག་འདི་ཡིན་པར་བཤད་ཀྱང་གོང་དུ་བཤད་པ་བཞིན་བོད་དང་ཞང་ཞུང་གི་སྐད་ཡིག་སོ་སོར་ཡོད་པ་མདོ་རྒྱུད་ལས་གསུངས་པ་དང་། བོད་རྒྱལ་དང་པོའི་བླ་མཆོད་ནམ་མཁའ་སྣང་བ་མདོག་ཅན་གྱི་ཞང་ཞུང་ནས་གཡུང་དྲུང་བོན་མང་པོ་བོད་ཡིག་དུ་ཕབ་བསྒྱུར་མཛད་པ་དང་དེ་རྗེས་བོད་རྒྱལ་གཉིས་པ་མི་བཙན་པོའི་ཀྱང་ཞང་ཞུང་ནས་བོན་སྔགས་སེམས་སྐོར་མང་པོ་ཞུས་ནས་བོད་ཡིག་དུ་ཕབ་བསྒྱུར་བྱས་པ་ལོ་རྒྱུས་མང་པོ་ནས་གསལ་བའི་མ་ཚད་ཁོང་གི་སྤྱི་སྤུངས་ཀྱི་བོན་སྐོར་གཞན་ལ་མ་བསྟན་པར་མཛོད་དུ་སྦས་པ་རྫུ་འཕྲུལ་སྨན་བཞིའི་རྒྱལ་པོའི་དཀོར་མཛོད་ལས་བརྐུས་ཏེ་བོན་མོ་སྟག་ཝེར་ལི་ཝེར་ལ་བསྟན་ནས་དར་ཚུལ་གསལ་བའི་ཕྱིར་མངའ་རིས་བྲག་བརྐོས་ལས་སྨར་ཡིག་སྲོང་བཙན་གོང་ཡོད་པའི་བདེན་དཔང་རྙེད་པ་བཞིན་བོད་ཡིག་བྲག་བརྐོས་རི་མོ་འང་རྙེད་སྲིད་དེ།         བོན་རིའི་ཀུན་བཟང་ཐུགས་ཀའི་ས་ལེ་འོད་རང་བྱོན་སོགས་དང་ཁྱུང་པོའི་གསའ་ཡི་བྲག་རའི་ཕ་བོང་སྟེང་གི་དཀྱིལ་འཁོར་དང་ཡིག་འབྲུ་རང་བྱོན་རྩེ་དྲུག་གནས་ཀྱི་ཡིག་འབྲུ་རང་བྱོན་བཅས་ལ་ཚན་རིག་མཁས་པའི་བརྟག་དཔྱད་བྱས་ན་མི་ལོ་ཉིས་སྟོང་སུམ་སྟོང་གོང་ནས་ཡོད་པ་གོར་མ་ཆག་གོ༎

 

 

 

 

 

 

 

Re:༄༅།།ཁྱུང་པོའི་སྐད་དང་ཡི་གེའི་སྐོར། | 2012/6/18 17:57:51
སྐུ་མགྲོན་8EUg83(སྐུ་མགྲོན)ཧ་ཧ་ཧ་བོན་པོ་རང་སྣང་ཅན་ཞིག་གིས་བྲིས་པ་འདྲ།།
རྩོམ་པ་པོ།:སྐུ་མགྲོན་8EUg83(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༄༅།།ཁྱུང་པོའི་སྐད་དང་ཡི་གེའི་སྐོར། | 2012/6/19 22:24:57
གཡུང་སེམས་ནས་(སྐུ་མགྲོན)ཁྱེད་ལ་སྲོང་བཙན་སྔོན་དུ་བོད་ལ་ཡིག་གེ་ཡོད་པ་དེ་བདེན་སྤངས་ཡོད་མོད་ཞང་ཞུང་སྨར་ཡིག་དང་ཡིག་གེ་ནི་ཁྱུང་པོས་སྐད་དང་ཡིག་གེ་ཡིན་ཟེར་བ་དེར་བདེན་སྤངས་དང་ བོན་མོ་སྟག་ཝེར་ལེར་ཝེར་གིས་ཤེས་ཚད་དེ་ཁྱུང་པོས་སྐད་དང་ཡིག་གེ་ཡིན་ཟེར་ན་ཧ་ཅང་ཐལ་བ་ཡིན་ ལུང་རིག་སྒོ་ནས་ལན་ཞིག་ཡོད་ན་ཧ་ཅང་དགའ་སྤྲོ་ཆེ་་་་་
གཤམ་དུ་txlm་ལགས་ཀྱིས་ལན་སློག་པ་ནི་
ཁྱུང་པོ་འདི་ཞང་ཞུང་སྒོ་པ་རུ་ཁས་བླང་ན་ནི་ཞང་ཞུང་སྨར་གྱི་སྐད་ཁྱུང་པོས་སྐད་ཡིན་པ་བོན་དཔེ་གང་མང་མང་ནས་གསལ་པོར་བཤད་འདུག་པ་མ་གཟིགས་སམ་ད་ལྟ་ཁྱུང་པོའི་བོན་པོའི་འདོན་སྒྲུབ་བྱེད་བཞིན་པའི་བོན་སྤྱི་སྤུངས་སྐོར་གསུམ་འདི་དག་བོད་ཀྱི་ཡི་གེ་ཡིན་པ་བཤད་པ་ཙམ་ལ་བརྟེན་ནས་དེ་དག་བོན་མོ་སྟག་ལྦེར་ལི་ལྦེར་གི་ཤེས་ཚད་ཀྱི་ཆ་ཤས་ཙམ་གྲུབ་ལོས་ཆོག་སྙམ་མོ་
རྩོམ་པ་པོ།:གཡུང་སེམས་ནས་(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༄༅།།ཁྱུང་པོའི་སྐད་དང་ཡི་གེའི་སྐོར། | 2012/6/21 13:59:04
danzengyixi


སྤྱིའི་ཆ་ནས་ལེགས་པོ་གསུང་འདུག་པས་དགའ་ཡོད།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.