སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གཡུང་དྲུང་བོན་གྱི་གྲུབ་མཐའ།   འོས་སྦྱོར། | 2012/6/17 19:52:00

བོན་གྱི་གྲུབ་མཐའི་བྱུང་ཚུལ་ལ། ཁྱོད་ཀྱིས་དང་པོ་སྟོན་པ་གང་ཞིག་ཡིན་ཚུལ། བར་དུ་གྲུབ་མཐའི་ལྟ་སྤྱོད་ཅི་ལྟར་འདོད་པ། མཐའ་མ་གྲུབ་མཐའ་དེར་ཞུགས་པའི་གང་ཟག་རྣམས་ཀྱིས་འབྲས་བུ་སྒྲུབ་ཚུལ་སོགས་ཅི་ལྟར་ཡིན་པ་བློ་གཟུ་བོས་ཞིབ་མོར་བོན་གཞུང་རྣམས་ལ་དཔྱོད་དང་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཁུངས་ལྡན་སྐྱོན་མེད་ཅིག་ཡིན་པའི་ངེས་པ་ཡང་དག་པ་རྙེད་ཐུབ་ཅིང་དེ་མིན་བོན་གཞུང་དངོས་ལ་བརྟག་དཔྱད་མ་བྱས་པར་ཕྱོགས་འཛིན་ཆགས་སྡང་གི་བློས་བོན་པོའི་གཞུང་ལ་དཔྱད་ཁུལ་བྱས་ནས་བྲིས་པའི་སྔ་ཕྱིའི་སྒྲོ་བཏགས་ཅི་རིགས་ལ་ཡིད་ཆེས་བྱས་ནས་བོན་པོའི་གཞུང་ནི་ཕྱྭ་དང་དབང་ཕྱུག་སོགས་མུ་སྟེགས་དང་ཀླ་ཀློའི་བཅོས་ལུགས་ཡིན་ཚུལ་དང༌། བོན་པོ་ནི་མཐུ་དང་དམར་མཆོད་བྱེད་མཁན་འགའ་ཞིག་ཡིན་པར་བསམ་ན་གྲུབ་མཐའི་ཡིན་ལུགས་ཚུལ་བཞིན་རྟོགས་པར་དཀའ་སྟེ། ཇི་སྐད་དུ་ཏན་ཏྲ་ཉི་མའི་འཁོར་ལོ་ལས། བདག་འཛིན་རུ་ཏྲས་ངེས་པའི་དོན་མི་མཐོང༌། །ངེས་པའི་དོན་ལ་མཐའ་ཡི་སྐྱོན་མེད་དེ། །དོག་པའི་རུ་ཏྲས་བདག་དང་གཞན་བཟུང་ནས། །དོན་གཅིག་མཉམ་གཉིས་དྲི་མེད་དྲི་བསྒོ་བ། །མཚེ་མས་ཡ་བོ་རིགས་ཀྱི་སྨོད་དང་འདྲ། །ཞེས་སོ། །

བོན་པོའི་སྟོན་པ་དང་སྐྱབས་ཡུལ་རྣམས་ཕྱྭ་དང་དབང་ཕྱུག་སོགས་ལ་བྱེད་པ་མ་ཡིན་ཏེ། ཏན་ཏྲ་ཉི་མའི་འཁོར་ལོ་ལས། གཡུང་དྲུང་གནས་བཞི་མོས་འདུན་སྐྱབས་ཡུལ་མཆོག །འཇིག་རྟེན་དབང་ཕྱུག་མོས་འདུན་སྐྱབས་ཡུལ་མིན། །ཞེས་སོ། །

དེ་བཞིན་ལྟ་སྤྱོད་འབྲས་བུ་རྣམས་ལོག་པ་གཏན་ནས་མ་ཡིན་ཏེ། ལུང་དེ་ཉིད་ལས། ལྟ་བ་སྤྲོས་མེད་མཐའ་དང་བྲལ་བ་ལ། །རྟག་ཆད་ཕྱོགས་རིས་སྐྱོན་གྱི་དྲི་མ་མེད། །ཅེས་དང༌། སྤྱོད་པ་ཆ་ལུགས་བསྐོར་ཕྱག་ཐ་དད་ཀུན། །ཕྱག་དང་བསྐོར་བ་བདག་མཆོག་གཞུང་ཀུན་གཅིག །ལས་སྤྱོད་དགེ་སྤྱོད་ལོག་པའི་སྤྱོད་པ་དབེན། །ཞེས་སོ། །

བོན་པོའི་གང་ཟག་སྐྱེས་མཆོག་རྣམས་ལ་གྲུབ་རྟགས་དང་ཡོན་ཏན་ཅི་རིགས་ཡོད་པ་རྣམས་ཀྱང་གྲུབ་མཐའ་དེ་ཉིད་ཡང་དག་པ་ཡིན་པས་བྱུང་བ་སྟེ། ལུང་དེ་ཉིད་ལས། ཉེས་པའི་སྐྱོན་བྱུང་གྲུབ་རྟགས་ཡོན་ཏན་ཀྱང༌། །འབྲས་དཀར་བཏབ་པས་ཏིལ་དཀར་མི་འབྱུང་བཞིན། །གང་བསྒྲུབས་དེ་ཡི་རྟགས་འབྱུང་གཞན་རྟགས་མིན། །ཞེས་པས་སོ། །

དམར་མཆོད་བྱེད་པ་སོགས་སེམས་ཅན་གྱི་སྲོག་ལ་འཚེ་བར་བྱེད་པ་བོན་པོའི་གཞུང་ལས་བསྟན་པ་མ་ཡིན་ཏེ། ཇི་སྐད་དུ་ལུང་ལས། བོན་ལ་སྐྱབས་སོང་འགྲོ་ལ་གནོད་མི་འཚེ། །ཞེས་དང༌། མདོ་ལས། ཆབ་ནག་རྒྱུ་ཡིས་བོན་ལ་སྤྱོད་པའི་ཚེ། །སྤྱོད་པའི་སྤྱོད་ཐབས་སེམས་ཅན་སྲོག་མི་གཅོད། །ཅེས་པས་སོ། །

དེས་ན་བོན་པོའི་གཞུང་ལྟ་སྤྱོད་ཕྱིན་ཅི་མ་ལོག་པར་ཡང་དག་པ་ལ་ལོག་པའི་སྒྲོ་བཏགས་ཏེ་སྨོད་ན་ཉེས་པ་ཤིན་ཏུ་ལྕི་སྟེ། གལ་མདོ་ཏན་ཏྲ་ཉི་མའི་འཁོར་ལོ་ལས། གཞན་སྨོད་སྐྱོན་དེས་རང་གི་འབྲས་བུ་འཚིག ཁ་ནས་མེ་འབར་ཁོང་ནས་ཁྲག་སྐྱུག་འགྱུར། །ཞེས་དང༌། སྐྱོན་ཡོན་མ་མཐོང་སྨོད་བསྟོད་མུར་ཟང་རྩོད་པར་ལྟུང༌། །མཆོག་ཏུ་མཐོང་ཡང་རུ་ཏྲས་གཞན་སྨོད་པ། །ཉེས་པ་དེ་ཡིས་ངན་སོང་གནས་སུ་འཕུལ། །ཞེས་སོ། །

དེ་ལྟར་གཞན་གྱི་གྲུབ་མཐའ་ལ་སྨོད་པ་མི་བྱ་བར་ཀུན་ལ་དག་སྣང་དང་བསྟོད་པ་བྱེད་པ་དང་རང་གི་གྲུབ་མཐའ་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད་དེ་ཉམས་སུ་ལེན་པ་གཙོ་བོར་བྱ་བ་བོན་པོའི་སྐྱེས་བུ་དམ་པ་རྣམས་ཀྱི་ལུགས་ཡིན་ཏེ། ཏན་ཏྲ་ཉི་མའི་འཁོར་ལོ་ལས། གཞན་གཞུང་ལེགས་བསྟོད་རང་གཞུང་གཙོར་ལེན་པ། །ཚུལ་ཐབས་དེ་ཡིས་མཐོ་རིས་བདེ་ཆེན་ཐོབ། །ཅེས་པས་སོ། །ཚུལ་ཁྲིམས་ཡེ་ཤེས་ནས་དབལ་མོའི་འབྲོང་རིའི་གནས་སུ་སྤྱི་ལོ ༡༩༩༥ལོར་བྲིས་སོ། །

རྩོམ་འཕྲོ་ཅན་འགའ།

་འོ་་རང་རེ་བླ་མ་གྲྭ་པ་རྣམས་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་ཚེ་ཕྱི་མ་དང་ལས་རྒྱུ་འབྲས་ཤེས་ མཁན་བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱི་མངའ་བདག་ཡོན་བདག་ཕོ་མོ་རྣམས་ཀྱིས་ཚོགས་དང་བསོད་ནམས་བསགས་པའི་ཞིང་ས་ཚེ་འདིའི་རྐྱེན་ཟློག་དང་ཕྱི་མའི་རེ་ལྟོས་འཆའ་ས་ཡིན་པས། གཞི་ཐོས་བསམ་སྒོམ་པས་རྒྱུད་སྦྱོང༌། ལམ་བསླབ་པ་གསུམ་ལ་ཉམས་ལེན་བྱེད། རང་དོན་དུ་སྒྲུབ་པ་ཉམས་ལེན་ལ་འབད། གཞན་དོན་དུ་བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་སྒོམ། ཕྱི་ནས་བལྟས་ན་གཞན་གྱིས་མ་ཁྲེལ་བ། ནང་དུ་བལྟས་ན་རང་སེམས་ཀྱིས་མ་ཁྲེལ་བ།་་་་་་་་

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.