༼གངས་ཏེ་སེ་བོན་གཞུང་རིག་མཛོད་༽ལེགས་གྲུབ་བྱུང་བ་ལ་དགའ་སྤྲོའི་ངང་ནས་དགའ་བསུ་ཞུ།
སྤ་ཟླ་བ་ གཡུང་དྲུང་ཕྲིན་ལས།
གངས་ཅན་བོད་ཀྱི་བླ་སྲོག་ངོ་མ་སྟེ། །
གངས་དཀར་ཏེ་སེ་བོན་གཞུང་རིག་མཛོད་འདི། །
གངས་ལྗོངས་རིག་གཞུང་བསྐྲུན་པའི་སྐྱེད་ཚལ་དབུས། །
གངས་སྟོད་འཁྲུངས་པའི་གངས་ལྷ་མེ་ཏོག་བཞིན། །
ཐེམས་རྟགས་བཅོས་མའི་གྲལ་དུ་མ་ལྷག་པའི། །
འཛམ་གླིང་གང་སར་འགྲེམས་པའི་དཔེ་ཚོགས་ཁྲོད།།
རིན་ཐང་གོ་གནས་མངའ་བའི་གཟི་བརྗིད་ཅན།།
གངས་དཀར་ཏེ་སེ་བོན་གཞུང་རིག་མཛོད་རྒྱལ། །
ཐོས་ན་བློ་གསལ་གཞོན་ནུའི་རྣ་དབང་འགུག །
མཇལ་ན་དཔྱོད་ལྡན་རྒད་པོའི་ཡིད་དབང་འཕྲོག །
མྱོང་ན་རྫོགས་སངས་རྒྱས་པའི་བྱིན་རླབས་ཅན། །
གངས་དཀར་ཏེ་སེ་བོན་གཞུང་རིག་མཛོད་རྨད། །
མཚན་སྙན་གྲགས་དཀར་གངས་རིའི་རྩེ་ནས་མཆེད། །
བཀོད་ལེགས་སྤུས་ཚད་ཏེ་སེའི་གཏོས་དང་མཉམ། །
གཟུགས་རིས་དག་གསུམ་གཡུ་མཚོའི་ཀློང་ལས་དྭངས། །
བོན་གཞུང་རིག་མཛོད་འཁྲུངས་པར་དགའ་བསུ་ཞུ། །
སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་དོན་ལ་ལྷད་མེད་ཀྱི་ལྷག་བསམ་དཀར་ཞིང་བློ་གྲོས་ཀྱི་མཁྱེན་རྒྱ་ཡངས་པའི་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་མཆོག་གིས་མཛད་བཟང་རླབས་པོ་ཆེ་བསྐྱངས་པ་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།། ༢༠༡༡།༥།༢༧།