སྤུ་ཐོག་ཁ།།
༼༧གནམ་ལ་འཁོར་ལོའི་བཀྲ་ཤིས་རྩེ་བརྒྱད་དོད།།
ས་ལ་པད་མའི་བཀྲ་ཤིས་འདབ་བརྒྱད་ཆགས།།
བར་དུ་ལྷ་མིའི་བཀྲ་ཤིས་དགའ་སྟོན་འཁྱིལ།།
གཡང་གི་ཕ་ས་དར་མ་སྤུ་ཐོག་ཁ།།༽
༼༧གཡུ་ལུང་སྨན་རྩིའི་ན་བུན་རྒྱུན་དུ་ཐུལ།།
ཤང་ཤང་དལ་འབབ་ཉལ་འགྲོའི་དཔའ་བེའུ་དྲས།
དྭངས་གསལ་མཚོ་གཉིས་མཐུན་པའི་ལག་རྡང་སྦྲེལ།།
དཀར་གསུམ་འཕེལ་ཁ་དར་་མ་སྤུ་ཐོག་ཁ།།༽
༼༧གོང་ན་གསེར་ཁྲི་རིན་ཆེན་ལྷ་ཡིས་ནོན།།
འོག་དུ་ཤོགས་གསུམ་སྡེ་བའི་སྤྲོ་སྣང་ཟབ།།
བར་ན་མཐུན་སྒྲིལ་བྲོ་རྭའི་ལྷ་དར་འཐེན།།
སྐྱེ་རྒུ་བདེ་འཛོམས་དར་མ་སྤུ་ཐོག་ཁ།།༽
༼༧གཙང་མ་ལྷ་ཡི་ན་བཟའ་སྐུ་ལ་བརྒྱན།།
ལེགས་བཤད་ཚངས་སྲས་དགྱེས་པའི་འགྱུར་ཁུག་སྙན།།
དམར་སེར་འདུས་སྡེ་མཆོད་པའི་ཞིང་ས་ཆེ།།
སྤྲོ་འཚོགས་བསོད་ནམས་དར་མ་སྤུ་ཐོག་ཁ།། ༽
༼༧གླིང་བཞིའི་ཉི་མ་ཤར་རིའི་རྩེ་ནས་འཁྲུངས།།
རྒྱལ་གཅེས་ཉི་མ་འཛམ་བུ་གླིང་ན་ཤར།།
ཆོས་གཅེས་ཟླ་བ་བསིལ་ལྗོངས་གོ་ལའི་རྒྱན།།
ཞི་བདེའི་གཏེར་ཁ་དར་མ་སྤུ་ཐོག་ཁ།།༽
༢༠༡༡ ༨ ༡༥