སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྣམ་དབྱེའི་འགགས་འཕྲང་སྟག་སྭ་གཟིག་སྭ།
[ 2011/7/8 15:50:00 | By: ཁྱུང་བྱ་ར་བ། ]
 

    རྣམ་དབྱེའི་འགག་འཕྲང་སྟག་སྭ་གཟིག་སྭ།             

                        ལུང་དང་རྟོགས་པས་རྒྱུད་ཕྱུག་ཅིང་། །

                        རྩོམ་དང་རྩོད་ལ་དབང་འབྱོར་བ། །

             བཤེས་གཉེན་ལི་ཁྲིའི་ཐིག་ལེ་མཆོག །

             མི་ཕྱེད་དད་པས་སྤྱི་བོར་ལེན། །

            ཨུ་ཚུགས་སྤོབས་པའི་ལག་མགོ་རིང་། །

            དྲང་བདེན་ཐེར་མའི་ཕུ་རུང་ཐུང་། །

           རྣམ་དཔྱོད་ལྷུ་ཚིགས་རུལ་ན་ཡང་། །

           བརྡ་སྤྲོད་འཕྲང་ལ་ངལ་བ་འདོད། ། དེང་རང་རེ་ཚོའི་བརྡ་སྤྲོད་སྨྲ་བ་ཡིན་ཟེར་མཁན་ཕལ་ཆེར་བས་སྤྲེའུ་བཞིན་མི་ཚོའི་ལད་མོ་ཁོ་ནའི་རྗེས་སུ་འབྲང་བ་ལས་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་མ་ལག་དང་རིན་ཐང་དེ་བཞིན་བྱུང་ཁུངས་སོགས་ཚིག་དོན་གང་ཅིའི་ཐད་ནས་བརྟགས་ཤིང་དཔྱོད་ཤེས་མཁན་ནི་ཉིན་མོའི་སྐར་མ་ལས་ཀྱང་དཀོན་པར་སྣང་།  དེ་ཡང་ཁོ་རང་ཚོའི་གཏམ་སྙན་གྲགས། མགོ་རྣ་ཤོ། མིང་རུས་མཐོ་དམན། ཐོབ་གོ་ས། རྒྱུ་ལོངས་སྤྱོད། གཡོགས་བུ་ལག ཚེ་འདིའི་བདེ་སྐྱིད་སོགས་གཙོ་བོ་དོན་དུ་གཉེར་བ་ལས་གཞན། ཕ་ཆོས་རྣལ་མ་ཡོད་ཀྱང་ངོ་མི་ཤེས། རང་སྐད་གཙང་མ་ཤེས་ཀྱང་བརྩིས་མི་ཞོག སྐྱེ་བ་ཕྱི་མ་ཡོད་མེད་ཐག་མི་ཆོད། ཕྱི་མའི་རྒྱག་ཕྱེ་དེ་ཡང་ལར་མ་རྙེད། གཏན་གྱི་མདུན་ལམ་བཟང་པོར་ཞེན་ཁ་ལོག སྤྱི་ཚོགས་ཟང་ཟིང་གི་འཐབ་རྩོད་དང་རྙོག་འཛིངས་བར་དུ་མགོ་བོ་སྒུར་ཏེ་མི་ཚེ་འཕུལ་བས་སྐྱོན་དེས་ལེན་པ་རེད་སྙམ།  འོན་ཀྱང་ཕྲན་བརྡ་སྤྲོད་རིག་པ་ལ་ཆེས་ན་ཕྲ་ནའང་གོ་ཐོས་ཅུང་ཙམ་སོང་བའི་བརྡ་སྤྲོད་སྲིད་པའི་སྒྲོན་མེ། བརྡ་སྤྲོད་ཀུན་སྣང་སྒྲོན་མེ། བརྡ་སྤྲོད་ཉི་ཤུ་བདུན་པ། འབེལ་གཏམ་ཉི་འོད་གཞོན་ནུའི་རྣམ་བཤད་ཚ་ཟེར་འབུམ་ལྡན། བརྡ་དག་བློ་གསལ་འཇུག་ངོགས། སོགས་གཞིར་བཟུང་ནས་རྣམ་དབྱེ་གཉིས་པ་དང་བཞི་པ་གཉིས་ཀྱི་སྐོར་ཅུང་ཙམ་གླེང་བ་འདོད། དེ་ཡང་རྣམ་དབྱེ་བཞི་པའི་དཔེར་བརྗོད་སྐོར་བརྡ་སྤྲོད་ཉེར་བདུན་ལས། དམྱལ་ཁམས་ན་བརྩེ་བས་གཟིགས། ཞེས་དང་། བརྡ་དག་བློ་གསལ་འཇུག་ངོགས་ལས། མདའ་རུ་ཞིང་བཏབ་ཅེས་དང་། རྣམ་བཤད་ཚ་ཟེར་འབུམ་ལྡན་ལས། བཙུན་པའི་ཕྱིར་དུ་སྤྱོད་ལམ་གཟབ་ཅེས་དང་།  སྤྱིར་དགོས་པ་མེད་པའི་བྱ་བ་ཞིག་མི་བྱེད་ཀྱང་དགོས་པ་དངོས་བསྟན་ཐམས་ཅད་ལ་དགོས་ཆེད་དང་ཤུགས་བསྟན་རྣམས་ལ་བྱ་བྱེད་ཀྱི་ལས་ཞེས་བྱའོ། ཞེས་གསུངས། བརྡ་སྤྲོད་སྲིད་པའི་སྒྲོན་མེ་ལས། ལྷ་ལ་མཆོད་པ་ཕུལ་ལྟ་བུ། ཞེས་དང་། བརྡ་སྤྲོད་ཀུན་སྣང་སྒྲོན་མེ་ལས། བདེ་ཆེན་ཞིང་ཁམས་སུ་སྨོན་ལམ་ཐོབ་ཅེས་དང་། སྐྱང་སྤྲུལ་དག་ཡིག་ལས། རྟར་རྩྭ་བྱིན་པ་བཞི་པའི་སྒྲ ཞེས་དང་། བརྡ་སྦྱོར་བློ་གསལ་མགུལ་རྒྱན་གྱི་འགྲེལ་བ་ཡང་གསལ་འཕྲུལ་གྱི་སྒྲོན་མེ་ལས། ཁང་ཐོག་ཏུ་འདམ་སྦྱར་བྱས་ལྟ་བུ་ཞེས་སོགས་གསུངས་པ་རྣམས་ཀྱིས་ངེས་ཤེས་གསར་པ་ཞིག་ལྷག་གིས་སྐྱེ་ཆོག་པ་མ་ཡིན་ནམ། འུ་ཚོའི་དགོས་ཆེད་དེ་ནི་ཁ་ཤའི་པགས་པ་གང་འཐེན་ཞེས་པ་ལྟ་བུ་རེད་མ་སོང་པ་གོང་གི་མཁས་གྲུབ་གཉིས་ལྡན་གྱིས་མཛད་པའི་གཞུང་དང་མཐུན་པར་སྨྲས་ན་ཤིན་ཏུ་ལེགས་པ་སེམས། དེ་ཡང་དགོས་ཆེད་ཅེས་པ་དེ་གོ་ཚུལ་གྱི་ཐད་ནས་ཆོས་ལུགས་པ་དང་ཆོས་ལུགས་པ་མིན་པའི་འཇིག་རྟེན་པ་གཉིས་ལ་ལྟོས་ཏེ་གྲུབ། དཔེར་ན་འུ་ཚོའི་སེམས་ཁམས་སུ་དེ་ལ་དགོས་པ་ལོས་ཡོད་སྙམ་པའི་བློ་སྐྱེ་ངེས་ཡོང་པ་དེ་ལྟ་བུ་ཞིག་གི་སྟེང་ནས་འཇོག་དགོས། དཔེར་ན། བདེ་ཆེན་ཞིང་ལ་སྨོན་ལམ་ཐོབ་ཅེས་པ་དེ་ཆོས་ལུགས་པ་མིན་པའི་བརྡ་སྤྲོད་པ་ཞིག་གིས་ཐོས་ཀྱང་ཕན་གནོད་ཀྱི་བློ་གང་ཡང་སྐྱེ་མི་སྲིད་སྙམ། འོན་ཀྱང་ཆོས་ལུགས་པ་ཞིག་གིས་ཐོས་ཚེ་དེའི་སྨོན་ལམ་ལ་དགོས་པ་ཡོད་པ་ངང་ངམ་ཤུགས་ཀྱིས་ཤེས་ཐུབ། དེ་བཞིན་དུ། རྟར་རྩྭ་བྱིན་ཞེས་པ་ལྟ་བུ་ཐོས་ཚེ་ཕྱོགས་གཉིས་ཁ་ལ་རྩྭས་རྟ་ལ་ཕན་སྙམ་པའི་འདུ་ཤེས་སུས་ཀྱང་འགོག་མི་ནུས། དེ་བཞིན་རང་རེ་བློ་མ་འཁྲུལ་ངོར། རྟ་ལ་རྩྭ་བྱིན་ཞེས་པ་དང་ཁྱི་ལ་རྩྭ་བྱིན་ཞེས་པ་གཉིས་ཐོས་ཚེ། ཕན་ཐོག་འདུག་མིན་དགོས་པ་ཡོད་མེད་སྐོར་གསལ་བཤད་སུ་དང་གང་ལ་བྱེད་མ་དགོས་པ་རེད་མི་འདུག་གམ། འོན་ཀྱང་དེ་ལྟ་བུ་ཞིག་དགོས་པའང་བརྡ་སྤྲོད་ཉེར་བདུན་ལས། ལས་སུ་བྱ་བ་རྣམས་དགོས་ཆེད་མེད་པ་ལ་བྱ་བ་མི་བྱེད་ཀྱང་། དགོས་པ་དེ་དངོས་སུ་མི་གསལ་ན་ལས་སུ་བྱ་བ་དང་། དགོས་པ་གཙོ་བོར་གསལ་ན་ཆེད་དུ་བྱ་བའོ། ཞེས་གསུངས་སོ། ཡང་རྟགས་འཇུག་དགོངས་འགྲེལ་ཀེ་ཏ་ཀའི་གན་མཛོད་ལས། དེ་ཡང་ཆེད་དུ་བྱ་བའི་ཡུལ་དེར་ཕན་ཐོགས་ངེས་པ་དང་བྱ་བ་དེ་འགྲུབ་ངེས་པ་ལ་བཞི་པ་ཡིན་ཞིང་། སློང་བ་པོར་ཟས་སྦྱིན། སློབ་གྲྭ་བར་སློབ་དེབ་སྦྱིན། ཐན་སྐྱོན་ཕོག་པའི་ཞིང་ལ་ཆུ་མང་ཙམ་གཏོང་ལྟ་བུའོ། ཞེས་གསུངས། དེ་ལྟ་བུའི་རྣམ་བཞག་བཤད་པ་ལས་བྱ་ཚིག་ཟུང་གི་ལྟོས་འཇོག་ལ་རེ་བ་ནི་ཁེ་ཚུགས་མི་ཕེར་བའི་བྱིས་པ་ལོ་གཉིས་ལྟ་བུ་ཞིག་ལས་མ་འདས་སོ། ཡང་དམིགས་གསལ་ཞུ་དགོས་པ་ཞིག་ལ་བརྡ་སྤྲོད་སྲིད་པའི་སྒྲོན་མེ་ལས་དགོས་ཆེད་དཔེར་བརྗོད་ལ། ལྷ་ལ་མཆོད་པ་ཕུལ། ཞེས་གསུང་པ་དེར་འགའ་ཞིག་དགོས་ཆེད་དུ་མི་མཐུན་པའི་སྣང་བ་སྐྱེས་པ་དང་སྐྱེ་མུས་རེད། འོན་ཀྱང་དེ་རང་ལུགས་ལ་འཐད་དགོས་པར་སྣང་སྟེ། བརྡ་སྤྲོད་ཀུན་སྣང་སྒྲོན་མེ་ལས། གང་ལ་ཡོན་ཏན་མཆོག་མངའ་བའི། དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། ཞེས་པའི་ཚིག་ཟུར་༼དེ་ལ་༽ཞེས་པའི་ལ་དེ། དགོས་ཆེད་དུ་ངོས་འཛིན་གནོང་ཡོད་པ་མ་ཟད་༼པྲ་ཏི་༽སོགས་ཀྱིས་ཀྱང་དགོས་ཆེད་དུ་བཞེད་ན་འདི་ཡང་དགོས་ཆེད་དུ་ཅིའི་ཕྱིར་མི་འགྲོ་དགོས་ཆེད་དངོས་ཡིན་ཟེར་ན་ཆོག་འདུག ད་དུང་རྗེ་བོན་བརྒྱ་རིན་པོ་ཆེས་ཀྱང་དེ་ལྟ་བུ་ལ་རྒྱུ་སྐྱབས་དང་འབྲས་སྐྱབས་ཀྱི་ཁྱད་པར་ཡོད་ཞེས་དངོས་སུ་གསུངས་མྱོང་། དེས་ན་འུ་ཚོའི་གོམ་པ་དེ་རྣམས་ཀྱི་རྗེས་སུ་ལས་སྔོན་དུ་ཐུང་བས་སོ། རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་རྣམ་བཞག་ནི། དེའི་ཞོར་དུ་དགོས་པ་ཆེར་མི་གསལ་ཡང་བྱ་ཡུལ་གང་ཞིག་ལ་བྱ་བ་བྱེད་པ་སྟོན་པའི་ཚིག ལ་དོན་ཅན་ཞིག་དུ་འཁུམས་ཏེ། དཔེར་ན། གནམ་ལ་མེ་ཏོག་གཏོར། ཞེས་པ་ལྟ་བུའོ།། ཞེས་རྣམ་དབྱེའི་རྣམ་བཞག་ལ་རྨོངས་པའི་ཐོས་ཆུང་ངས་གང་བྱུང་བྲིས་པར་མཁས་རྣམས་ཀྱིས་ལེགས་ཉེས་བླང་དོར་མཛད་རོགས་ཞུ།། །།  2011.7.8

 
 
Re:རྣམ་དབྱེའི་འགགས་འཕྲང་སྟག་སྭ་གཟིག་སྭ།
[ 2011/7/8 20:38:42 | By: danzengyixi ]
 
danzengyixiབཀླགས་ཟིན། དབྱེ་ཞིབ་ཡག་པོ་བྱས་འདུག
མུ་མཐུད་ནས་འདི་དང་འདི་འདྲ་བའི་རིགས་མང་ཙམ་སྤེལ་ཡོང་བར་རེ།
ལྷ་གཡག་དར་མས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.