ཁྱུང་པོ་སྟེང་ཆེན།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཐུགས་བསྐྱེད་སྨོན་ལམ་ཞུ་བ།
[ 2013/3/5 15:37:00 | By: ཡོན་ཏན་ཕུན་ཚོགས། ]
 

ཐུགས་བསྐྱེད་སྨོན་ལམ་ཞུ་བ།

    

        བསྟན་པའི་དོན་ཆེན་སྒྲུབ་བཞིན་པའི་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་གཙོས་པའི་གཞིས་བྱེས་གང་ན་བཞུགས་པའི་བོན་གྱི་སྐྱེས་ཆེན་དམ་པ་རྣམས་དང་བོན་འབངས་ཡོངས་ལ་ཆེད་དུ་ཞུ་དོན། 

 

   ཁྱུང་ཡུལ་བསྟན་པའི་སྒྲོན་མེ་དཔལ་ལྡན་༧ཀོ་རྒྱལ་དགོན་གྱི་མཆོག་སྤྲུལ་༧ཟླ་བ་གྲགས་པ་༧རིན་ཆེན་ཕུན་ཚོགས་རིན་པོ་ཆེ་སྐུ་ཞི་བར་གཤེགས་ནས་ལོ་འཁོར་གཅིག་འཁོར་མཚམས་བོད་ཆུ་སྦྲུལ་ལོའི་ཟླ་བ་གཉིས་པའི་ཚེས་བཅུ་ཉིན་སྐུ་གདུང་རིན་པོ་ཆེ་ཀུན་རིག་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར་ཞལ་ཕྱེ་ནས་ཞུགས་ལ་འབུལ་རྒྱུ་ཡིན་ལ། དེའང་གདུང་འདེབས་མཆོད་འབུལ་དུ་ངེད་སྡེ་དགོན་གཉིས་དང་ཕྱོགས་མཚམས་དད་སྦྱིན་རྣམས་ཀྱི་ལས་བཞི་ཆ་དགུ་ཅུ་ལྷག་གིས་མཆོད་འབུལ་ཚོགས་བསགས་སྒྲུབ་ཀྱིན་ཡོད་པས་དེ་དུས་ཁྱེད་རྣམས་པས་རང་ཅག་བོན་གྱི་བསྟན་འཛིན་གང་ན་བཞུགས་པ་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་༧རིན་པོ་ཆེ་གང་ཉིད་ཀྱི་ཡང་སྲིད་ཟླ་བ་གཞོན་ནུ་བསྟན་པའི་དོན་ཆེན་སྒྲུབ་ཕྱིར་གསེར་ཞལ་མྱུར་དུ་ཤར་བའི་ཐུགས་བསྐྱེད་བླ་མེད་གནང་བར་སྙིང་ནས་རེ་བསྐུལ་ཞུ་རྒྱུ་བཅས།

 

ཁྱུང་ཡུལ་ཀོ་རྒྱལ་དགོན་འདུས་སྤྱིས་སོར་བཅུ་སྙིང་ཁར་སྦྱར་ཏེ་ཕུལ།

 
 
Re:ཐུགས་བསྐྱེད་སྨོན་ལམ་ཞུ་བ།
[ 2013/3/28 23:18:59 | By: སྐུ་མགྲོན་1Ja4EQ(སྐུ་མགྲོན) ]
 
སྐུ་མགྲོན་1Ja4EQ(སྐུ་མགྲོན)༧ བསླུ་མེད་མཆོག་གསུམ་རྒྱ་མཚོའི་ཐུགས་རྗེ་དང་།།
བསྟན་འགྲོའི་དོན་ཆེད་སྐྱོང་བའི་བླ་སྤྲུལ་གྱིས།། སྒོ་གསུམ་གུས་པའི་གསོལ་འདེབས་སྨོན་ལམ་མཐུས།། ཡང་སྤྲུལ་འགྲོ་བའི་མགོན་དུ་སླར་འབྱོན་ཏེ། །རྗེས་འཛིན་བཤད་སྒྲུབ་རྒྱལ་མཚན་བསྒྲེང་བར་སྨོན།།
གཡུ་བུན་སྤྲུལ་མིང་བསྟན་འཛིན་ཚུལ་ཁྲིམས་ནས་སོར་བཅུ་སྙིང་ཁར་སྦྱར་ཏེ་ཕུལ།
 
 
Re:ཐུགས་བསྐྱེད་སྨོན་ལམ་ཞུ་བ།
[ 2013/3/22 10:25:30 | By: monlam ]
 
monlamམཆོག་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་ལ་འབུལ་བའི་ཉིན་མོ་འདིར་དད་མོས་གུས་པའི་གསོལ་བ་རྩེ་གཅིག་འདེབས་པ་དང་། རིན་པོ་ཆེ་མཆོག་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཤིང་རྒྱལ་གཤེན་བསྟན་པའི་ཉི་མ་ཕྱོགས་བརྒྱར་འབར་བ་དང་། རྗེས་འཛིན་བུ་སློབ་ཚོགས་རྣམས་ཀྱི་མཛད་འཕྲིན་ཡར་ངོའི་ཟླ་བཞིན་འཕེལ་བའི་སྨོན་འདུད་ལན་བརྒྱར་ཞུ།
 
 
Re:ཐུགས་བསྐྱེད་སྨོན་ལམ་ཞུ་བ།
[ 2013/3/7 23:51:01 | By: སྐུ་མགྲོན་02Wj04(སྐུ་མགྲོན) ]
 
སྐུ་མགྲོན་02Wj04(སྐུ་མགྲོན)བསྟན་འགྲོའི་དོན་ཆེད་སྐྱོང་བའི་དེ་གའི་བླ་སྤྲུལ་འདུས་པ་རྒྱ་མཚོ་སྤྱི་དང་། དད་དམ་གཡོ་མེད་གཏོང་ཕོད་ཅན་གྱི་ལྷ་སྡེ་མི་སྡེ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།

རྟག་འཛིན་ལེ་ལོའི་སྣང་བ་བཅོམ་པའི་ཕྱིར། །
རེ་ཞིག་གཟུགས་སྐུའི་བཀོད་པ་བསྡུས་ནའང་། །
བསྟན་པ་འདི་ཡི་འགྲོ་དོན་མ་རྫོགས་ན། །
ཡང་སྲིད་མྱུར་དུ་འབྱོན་པའི་གསོལ་འདེབས་ཞུ། །

ཞེས་བསྟན་པའི་གྲལ་མཐར་འཚང་བའི་དགེ་མིང་ཙམ་འཛིན་པ་གཤེན་ཚེ་ཚང་གིས་ནུབ་ཕྱོགས་ནས་ཕུལ།།
 
 
Re:ཐུགས་བསྐྱེད་སྨོན་ལམ་ཞུ་བ།
[ 2013/3/7 12:18:57 | By: སྐུ་མགྲོན་817Gxk(སྐུ་མགྲོན) ]
 
སྐུ་མགྲོན་817Gxk(སྐུ་མགྲོན)རྒྱལ་བསྟན་ནམ་མཁའི་ཀློང་ཡངས་སུ། །རྒྱུ་བའི་བསྟན་འཛིན་ཉི་ཟླའི་ཕྲེང་། །འགྲོ་བའི་མགོན་དུ་སླར་འབྱོན་ཏེ། །བཤད་སྒྲུབ་རྒྱལ་མཚན་བསྒྲེང་བར་སྨོན། །
 
 
Re:ཐུགས་བསྐྱེད་སྨོན་ལམ་ཞུ་བ།
[ 2013/3/7 8:36:07 | By: རིན་སྤུངས་ནས་(སྐུ་མགྲོན) ]
 
རིན་སྤུངས་ནས་(སྐུ་མགྲོན)སྤྲུལ་སྐུ་རིན་པོ་ཆེ་མཆོག་གི་ཡང་སྤྲུལ་ཉི་གཞོན་མྱུར་དུ་ཤར་བའི་སྐྱབས་འཇུག་ཡང་ཡང་ཞུ།
ཞེས་རིན་སྤུངས་ནས་བྱང་བྱ་དུར་དགའ་མལ་དགོན་ཆེན་ནས་
 
 
Re:ཐུགས་བསྐྱེད་སྨོན་ལམ་ཞུ་བ།
[ 2013/3/7 6:58:09 | By: སྐུ་མགྲོན་1HXj0N(སྐུ་མགྲོན) ]
 
སྐུ་མགྲོན་1HXj0N(སྐུ་མགྲོན)༧ལས་འཛིན་རྣམ་པ་གཙོས་སྡེ་དགོན་ཡོངས་ལ་བཀའ་དྲིན་ཆེ་ཞུ། ཡང་སྲིད་མྱུར་དུ་འབྱོན་པའི་སྨོན་ལམ།
 
 
Re:ཐུགས་བསྐྱེད་སྨོན་ལམ་ཞུ་བ།
[ 2013/3/7 0:24:35 | By: Laozhuojueni ]
 
Laozhuojueni༧ བསླུ་མེད་མཆོག་གསུམ་རྒྱ་མཚོའི་ཐུགས་བྱིན་དང་།།
བདག་ཅག་དད་གུས་མོས་པའི་བསོད་ཚོགས་མཐུས།།
དམ་པའི་ཐུགས་བསྐྱེད་མངོན་སྨིན་ཡང་སྤྲུལ་མཆོག།
བསྟན་དང་འགྲོ་བའི་དཔལ་དུ་བཞད་པར་སྨོན།།

ཁྱུང་པོ་སྟེང་དགོན་གྱི་གྲྭ་བཙུན་གུས་པ་གཙོ་ཚུལ་གྱིས་གསོལ་བ་རྩེ་གཅིག་བཏབ་སྟེ་སྤོས་ངད་གྲོང་ནས་ཕུལ། ༢༠༡༣།༣།༥
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.